༄༅།།ཕན་པར་བཞེད་པ་ཟླ་བ་ཡི།། ཆ་ཤས་རྫོགས་པ་ལས་བྱུང་བ།། བཅོམ་ལྡན་འགྲོ་བའི་བླ་མ་སྟེ།། སྲིད་ན་ཚད་མས་གཞན་མི་རྙེད།།
出于利他之宝心,逐渐满圆之月亮,众生之师世尊佛,世间无有除此师。【希热陀美由藏译汉】


ལས་འབྲས་ཀྱི་རོལ་རྩེད་ཁྲོད་ནས།
ཁྱོད་ཀྱིས་ནམ་ཡང་རྟོགས་མི་སྲིད་པ་ནི་འདིའི་རྗེས་ནས་ཅི་ཞིག་འབྱུང་སྲིད་མིན་དེ་རེད།

-རྫོང་སར་མཁྱེན་བརྩེས།


在因缘的游戏里,
你永远不知道接下来会发生什么。
— 宗萨钦哲

༄༅། །གསུང་གི་ཐ་མ་སྙིང་པོ་གནད་དྲུག་གི་མགུར།

   དེ་ནས་རས་ཆུང་པས་རྗེ་བཙུན་ལ་འཆངས་ནས་མང་དུ་བཤུམས་ཤིང་ཐུགས་འོད་གསལ་དུ་ཐིམ་པ་དྲན་སོས་པ་དང་། གྲྭ་བ་བུ་སློབ་ཀུན་པུར་ཁང་གི་མདུན་ན་ཕར་བསྒྲིགས་ཏེ་བཞུགས་པ་ལ། རྗེ་བཙུན་གྱི་སྙུན་བྲལ་ཟུང་འཇུག་རྡོ་རྗེའི་སྐུར་བཞེངས་ནས་མེ་ལྕེ་རྣམས་ཕྱག་གིས་མནན་པས། པདྨ་འདབ་བརྒྱད་ལྟ་བུའི་དབུས་ན། སྐུ་ཟེའུ་འབྲུ་ལྟ་བུའི་ཞབས་ཕྱེད་ཀྲུང་ལོ་ཀེ་བ་དང་། ཕྱག་གཡས་བརྐྱངས་པའི་ཆོས་འཆད་ཀྱིས་མེ་ལྕེ་མནན་ཞིང་གཡོན་ཞལ་འགྲམ་སྐྱོར་བའི་ངང་ནས། བུ་སློབ་རྣམས་ལ་རས་ཆུང་པའི་གླུ་ལན། མི་རྒན་ངའི་ཐ་ཚིག་འདི་ཉོན་ཅིག་གསུངས། པུར་ཁང་ནས་རྡོ་རྗེ་གླུའི་མགུར་ནས་བྱུང་བའི་གསུང་གི་ཐ་མ་སྙིང་པོ་གནད་དྲུག་གི་མགུར་འདི་གསུངས་སོ། །

 བུ་སྙིང་དང་འདྲ་བའི་རས་ཆུང་པ། །ཁ་ཆེམས་གདམས་ངག་གླུ་འདི་ཉོན། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །སྒྱུ་ལུས་ཀྱི་ཕུང་པོ་སྡིག་པོ་ཆེ། །ལྟོ་གོས་ཀྱི་ཞེན་པ་བསྒྲུབས་བསྒྲུབས་ནས། །འཇིག་རྟེན་བྱ་བ་ཐོངས་དུས་མེད། །འཇིག་རྟེན་བྱ་བ་ཐོངས་ཤིག་རས་ཆུང་པ། །སྒྱུ་མ་ལུས་ཀྱི་གྲོང་ཁྱེར་ན། །རང་སེམས་དངོས་མེད་སྡིག་པོ་ཆེ། །ལུས་ཤ་ཁྲག་གི་རྗེས་སུ་འབྲངས་འབྲངས་ནས།  །ཆོས་ཉིད་དོན་ལ་རྟོགས་དུས་མེད། །སེམས་ཉིད་བརྡར་ཤ་ཆོད་ཅིག་རས་ཆུང་པ། །བེམ་རིག་གཉིས་ཀྱི་སོ་མཚམས་ན། །རང་བྱུང་ཡེ་ཤེས་སྡིག་པོ་ཆེ། །གློ་བུར་གྱི་རྐྱེན་ཁ་འགྲིམས་འགྲིམས་ནས། །སྐྱེ་མེད་ཀྱི་དོན་ལ་རྟོགས་དུས་མེད། །སྐྱེ་མེད་བཙན་ས་ཟུངས་ཤིག་རས་ཆུང་པ། །ཚེ་འདི་ཕྱི་གཉིས་ཀྱི་སོ་མཚམས་ན། །བར་དོའི་རྣམ་ཤེས་སྡིག་པོ་ཆེ། །ལུས་མེད་ལུས་དང་འགྲོགས་འགྲོགས་ནས། །གནས་ལུགས་དོན་ལ་རྟོགས་དུས་མེད། །གནས་ལུགས་གཏན་ལ་ཕོབ་ཅིག་རས་ཆུང་པ། །རིགས་དྲུག་འཁྲུལ་བའི་གྲོང་ཁྱེར་ན། །ལས་ངན་སྡིག་སྒྲིབ་ཚན་པོ་ཆེ། །ཆགས་སྡང་རྗེས་སུ་འབྲངས་འབྲངས་ནས། །མཉམ་པ་ཉིད་ལ་རྟོགས་དུས་མེད། །ཆགས་སྡང་སྤོངས་ཤིག་རས་ཆུང་པ། །མི་མངོན་ནམ་མཁའི་དབྱིངས་ཤིག་ན། །རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན། །དྲང་དོན་གྱི་བསླུ་བྲིད་གསུངས་གསུངས་ནས། །ངེས་པའི་དོན་ལ་རྟོགས་དུས་མེད།  །ཐ་སྙད་སྤོངས་ཤིག་རས་ཆུང་པ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །གཅིག་ཏུ་དྲིལ་ལ་འདྲེས་སུ་ཆུག །དེ་གདམས་ངག་ཀུན་གྱི་ཐ་མ་ཡིན། །ཁ་ཆེམས་ཀུན་གྱི་མཇུག་མ་ཡིན། །དོན་དེ་ལས་མེད་དོ་རས་ཆུང་པ། །     ཞེས་གསུངས་ནས། ཡང་འོད་གསལ་དུ་ཐིམ་མོ། །


发布     👍 0 举报 写留言 🖊   
✋热门推荐
  • (记者董晓芳 通讯员吴新洲 编辑李俊平)【孝感第八届“十大孝亲敬老小天使”名单出炉】10月14日,孝感市卫生健康委员会发布第八届孝感市“十大孝亲敬老小天使”评选
  • [哈哈]我猜店主一定很喜欢许嵩吧[好喜欢]牛肉汤还好,过咕咚咕咚全喝完了,喝完满血复活。有点小辣,不过酸甜辣,我还能接受。
  • 面对这样一个唱功非凡的明星,张惠妹一度紧张得说不出话来,为了表示对偶像的敬重,她在当晚表演的时候,选择了一首难度系数极高的英文歌《I will always l
  • 15岁 16岁 17岁错过了你奶萌可爱的15岁看着你不断进步成熟的16岁现在晚到了你17岁 你是贾富贵 是Justin 是黄明昊是富贵儿 是tintin 是昊昊
  • 十年立约皆可溯耘果,你步步生花从未失信⭐️过往经历皆为馈赠,三十而立,新的起点,愿你葆初心清澈明亮,乘长风再次扬帆起航生日快乐呀#迪丽热巴的生日微博评论区#今年
  • 2⃣️对表壳的四个角弧度进行改善,表盘颜色弧度更契合,12个刻度打磨更细腻,整体更贴近专柜!2⃣️对表壳的四个角弧度进行改善,表盘颜色弧度更契合,12个刻度打磨
  • OK,今天就到我们介绍团支书的时间了~来自河南焦作的一个活泼的,开朗的,美丽的,有能力的,爱吃的……瘦子团支书[偷笑](是胖子中的瘦子^V^)--文艺女孙点 撒
  • 原油(XTIUSD)美元、金银大级别的波动之下,原油却没有太大的波动,下跌至47.4反弹,今天早上来了一个跳空高开,但和黄金唯一不同的就是直接向下破位了开盘价,
  • #MAMAMOO[超话]# 因为Queendom喜欢上的妈木 真的是很努力的一个团 也很有才华的一个团 真的是越来越爱了 原先我知道妈木因为是混韩圈的 但是因
  • #中国女排世锦赛大名单#收起#张智霖[超话]# 关于#披荆斩棘# 不好意思,借超话,回答几个问题,第一初代哥哥不会不参加个人喜爱度排名,因为归零出发,所以之前
  • 另外找找p5头像的车主,是这个pz从你这收的k4一卡一专恩转给我的,给了我单号,说改了我地址,但我还是不太放心,如果这位车主看到这个微博可以滴滴我一下吗[泪]据
  • 你对我的好,我也会一辈子铭记于心(你曾经说过,既然选择我了,哪怕输也不怕,还怕什么,我很感动,可很抱歉还是让你输了。诸如此等太多了,也许是我不善表达,导致误会越
  • 他还有好多好多眼镜可以称它为#翟潇闻眼镜小宝库# ,就像哆啦A梦的小口袋一样,总能给人惊喜!他还有好多好多眼镜可以称它为#翟潇闻眼镜小宝库# ,就像哆啦A梦的小
  • 从十月开始真的各种糟心不开心,很多东西说不出,但是明白很多东西不是你想的那样,实际上自己才是没有为自己规划打算的人,明明理智清醒,偏偏随自己性子。许多时候,你觉
  • #海生博语##各类冷知识#这赛季已经打得挺少了,就是因为怕碰到傻杯坏心情,但昨晚的傻杯让我今天醒来还很气!我们都没喷他叫什么[微笑]我只恨一边打一边回嘴炮输出不
  • 神话传说是这样的:公元第五世纪,St.Patrick把蛇都赶到了海里,从而杜绝了在爱尔兰生存的蛇类。摩纳根说,未来爱尔兰有可能出现真正的蛇。
  • 但是有一个情况,你们10号楼每层的结构梁在单元窗沿下,有居民已经去设计部门调取这栋楼的结构图纸,如果结构梁确实在单元窗沿下,为了安全起见,10号楼很可能不能安装
  • (二)9月15日,全市初中、小学、幼儿园停课一天,各类教育培训机构暂停各种线下培训活动;关闭地下生产经营场所和户外旅游景区、场所;户外建筑工地停工;矿山停产撤人
  • 昨晚熬夜看完了《再见花火》~“恨你是一时的,爱你才是一辈子的”不知道是不是入了同人文的坑之后,开始对他俩的各种故事有了滤镜,每读一篇文就会哭[悲伤][悲伤][悲
  • #郑州租房超话#郑州租房千万避开河南诚笃房地产营销策划有限公司这家公司的法人李拢政黑心租房中介跟你讲不清道理我也不可能任你宰割对这种人我只能比你更无赖[发怒][