རྙེད་ན་འབྱོར་དགུ་ཇེ་བས་ཇེ་ཆེ་རུ་བསགས་ཤིང་།།
མ་རྙེད་སྒོ་གསུམ་ཤ་ཐང་ཆད་ཆད་དུ་འབད་དེ།།
གཞན་དོན་བྱེད་མདོག་ངང་ནས་དད་འབུལ་གྱི་ནོར་རྫས།།
བསགས་བསགས་འཆི་ཁའི་དྲན་པ་གཏད་ས་རུ་བཞག་འདུག།

བསྟོད་ན་རང་སྙེམས་རྒྱགས་པའི་མེ་ཆེན་དེ་འབར་ཞིང་།།
སྨད་ན་མི་དགའ་སྐྱོ་གདུང་ཁྲོ་ཚིག་གིས་མནར་བ།།
གང་ལྟར་བྱས་ཀྱང་མི་བདེ་རྣམ་རྟོག་གི་རྦ་རླབས།།
ཐ་མལ་བག་ཡངས་གནས་ལ་རེག་དུས་ནི་མི་འདུག།

—འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་།

འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཟབ་རྒྱས་ངང་འགོ་ཚུགས་པ་དང་།་མེ་སྒྲོན་པ་ནི་སྤྲོ་སེམས་དང་།་བརྒྱུད་སྤྲོད་བྱེད་པ་ནི་ཡིད་ཆེས།་མཚོན་པ་ནི་མཉམ་དུ་མ་འོངས་པར་བསྐྱོད་པའི་ཆོད་སེམས་བཅས་ཡིན།སྐབས་འདིར་རྐང་རྩེད་སྤོ་ལོས་ཁྱེར་ཡོང་བའི་སྤྲོ་སྣང་ཁོ་ན་ལོངས་སུ་སྤྱོད་རོགས།世界杯盛大开启,揭幕战即将开踢,尽情享受足球带来的纯粹乐趣吧!

࿑ གོམས་པ་དང་སྒོམ་པ།

འཇམ་དཔལ་སྒྱུ་འཕྲུལ་ཚངས་པ་ལྷའི་མེ་ཏོག །
སྙིགས་འགྲོའི་དཔལ་དུ་བཤེས་གཉེན་ཚུལ་འཆང་བ། །
བཀའ་བབས་བདུན་ལྡན་མདོ་སྔགས་གླིང་པ་རྗེའི། །
རྣམ་རོལ་མཁྱེན་བརྩེ་ཆོས་ཀྱི་རྒྱ་མཚོའི་ཞབས། །

གང་ཡང་ཉོན་མོངས་གཉེན་པོར་བསྒྱུར་ཤེས་སྒོམ། །
ཅིར་ཡང་ཚེ་འདིར་ཞེན་པ་སྤངས་པ་སྒོམ། །
དེ་ཡང་དལ་འབྱོར་རྙེད་དཀའ་ཤེས་པ་སྒོམ། །
ཡང་ཡང་ནམ་འཆི་ཆ་མེད་སེམས་པ་སྒོམ། །

གང་དུ་དམ་ཆོས་དྲན་ན་དེ་རུ་སྒོམ། །
དུས་ཐུང་གྲངས་མང་ཉམས་ལེན་གོམས་པ་སྒོམ། །
ཅིར་སྣང་ཆོས་ཀྱི་སྣང་བར་རྟོགས་པ་སྒོམ། །
བློ་སྣ་བསྟུང་ལ་འདི་སྣང་བསྐྱུར་པ་སྒོམ། །

ཐོས་པ་ཅན་ལ་སྒོམ་པ་མེད་སྙམ་འཁྲུལ། །
སྒོམ་པ་ཅན་ལ་ཐོས་པ་ཆུང་སྙམ་འཁྲུལ། །
སྨྲ་ཤེས་དོན་གོ་དལ་བརྒྱད་འབྱོར་བཅུའི་རྟེན། །
ཡང་ཡང་རྙེད་དཀའ་སྙིང་པོ་ལེན་ལ་རེམ། །

སྒོམ་ཆེན་ང་ཡིན་མཁས་པ་ང་ཡིན་དང་། །
གྲུབ་པ་ང་ཡིན་བྱ་བཏང་ང་ཡིན་སོགས། །
ང་འོ་སྙམ་པའི་ང་རྒྱལ་བསྐྱུང་ཤེས་སྒོམ། །
རང་ཉིད་ཀུན་ཀྱི་ཐ་མར་འཇོག་ཤེས་སྒོམ། །

རྒྱ་ཆེ་རྒྱུན་རིང་ཆོས་ཚུལ་བྱེད་བློ་ཡིས། །
སང་བྱ་གནངས་བྱས་མི་ཚེ་རྫོགས་ཤེས་སྒོམ། །
སྤྲོས་ཆུང་དུས་ཐུང་སྦས་པའི་ཉམས་ལེན་ལ། །
སྣང་མེད་བརྙས་པས་འདི་སྣང་ཚར་ཤེས་སྒོམ། །

འདི་བསྒྲུབ་གན་བསྒྲུབ་འདུན་པས་དུས་ཚོད་ཤོར། །
ངས་བྱེད་ངས་བསྒྲུབ་དམ་བཅས་ལུས་སེམས་མནར། །
རང་ཆེ་རང་མཐོང་རང་འདོད་ལས་ཀྱིས་བྲེལ། །
འདི་མེད་ཕྱི་མེད་བྱེད་འདུག་ཚོར་བ་སྒོམ། །

སྲོག་འཕྲོག་ནད་ཀྱིས་འཇིགས་ཤིང་དངངས་པའི་བུར། །
བརྩེ་བའི་འཛུམ་བཅས་ཚེ་སྲོག་སྟེར་མཁས་མས། །
སེམས་སྐྱེད་དམིགས་མེད་བསྔོ་བའི་སྒོམ་དང་བཅས། །
གསོ་དཔྱད་ལག་ཏུ་ལེན་ཤེས་འཕྲལ་ཕུགས་དགེ །

འདི་ཡང་དམ་པའི་གསུང་གི་རྗེས་འབྲང་སྟེ། །
རང་གིས་རང་ལ་དྲན་སྐུལ་གསལ་འདེབས་ལས། །
རང་མགོ་མི་ཐོན་རོ་མགོར་ལུང་བསྟན་པའི། །
གཟུགས་བརྙན་དེ་འདྲ་མིན་ནོ་སྒོམ་ཆེན་དག །
ཅེས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཞལ་གདམས་ཚན་པ་ཞིག་ཐོས་པའི་རྐྱེན་བྱས་ཏེ་ཀུན་ཀྱིས་བཏགས་མིང་ལ་བསྟན་རྒྱམ་དུ་འབོད་པ་དེས་དེ་དོན་ཡིད་ལ་བརྣག་བཞིན་འཕྲལ་མར་རང་ལ་སྨྲས་པའོ། །


发布     👍 0 举报 写留言 🖊   
✋热门推荐
  • 【#免疫力并不是越强越好#,7种营养护好你的免疫力】“健康=少得病=免疫力强”这样一个“等式”常被用于保健品宣传中。免疫力最需要7种营养↓ #女子患红斑狼疮跑马
  • 水分率上升7.5%[心] 年轻了17岁[偷笑]专业营养与体型管理管理,别嫌这点麻烦,因为不仅看体重,真正要的是健康漂亮的好身体[心] #冒个泡# 外地顾客效果太
  • 属猴的人,猴子们的性格非常活泼开朗,所以会给自己带来更好的人格魅力,自然就会让自己得到很多人的帮助,在生活工作当中也会有贵人出面帮助自己提升财运,除了在正财运方
  • 2、苏菲的转变苏菲长年穿着灰蓝的衣服,在窗前做帽子,对她来说,责任和服从安排就是她的生活主题,这种生活掩盖了她内在的光华,使她过得象一只灰老鼠,照镜子时连她自己
  • #杨紫长相思[超话]##杨紫长相思# 如果我没有偷下玉山,如果我一直在宫廷内长大,我想我肯定会恨你,可我曾经卖过炭、拉过纤、贩过酒、养过马、当过账房、做过医师
  • 在如今副业刚需的时代,你没有一份副业就会缺少一份安全感,而在如今副业盛行的项目中,选择0投资0风险背靠阿里巴巴的券商界扛把子好省,更是有眼光的你的不二之选!最近
  • 收到SBS新剧《千元律师》出演提案,目前正在讨论中SBS新剧《千元律师》(천원짜리)讲述费用只需千元,实力却是最高的捣蛋鬼律师的故事。收到SBS新剧《千元律师》
  • 『腿型矫正医生 | 腿型矫正必看』 整理来自@脂肪填充O型腿 (专业腿型矫正博主) [心](博主腿型矫正知识丰富,可以为你选择最合适的医院医生哦) 东莞问的较
  • 她甩一甩头,狠狠心拐向另一边,心里想着,反正离住处不远,实在要买,特意过来也就几分钟的事……每次,忍不住想找他说话,她就有意识地想想那些伤害过自己的话语,被拒绝
  • 10月23所以这个月只给自己放了姨妈4天+4天休息按当时信誓旦旦10斤的目标看月初测试+月底体检的结果,打了个9折嘿嘿我还是觉得,很不错!那就能梦回高中啦[太开
  • 想了解你的天赋优势就来询我吧愤怒是个活生生的感觉,它会生起,也需要时间平息。#一份理想的工作应该是这个模样:1. 首先是你内心热爱的、渴望的,能够刺激你产生心流
  • 阳性人员2:袁某,女,64岁,农民,住通州区十总镇迎阳村。阳性人员4:王某,女,33岁,店主,住通州区十总镇二爻居。
  • 娃啊,学渣就学渣吧,你娘我当年也是个学渣,首先,快乐第一;其次,你也算是会投胎,预测你爹给你托个底还是没问题的。今天小头姐姐跟大头妹妹聊天 她在抱怨为什么自己
  •  劝世良言 第十八篇为人处世要谦虚若要人家怎对你 首先要知怎对人在这社会大学里 人人都要学温文待人彬彬有礼貌 表示做人修养深所到之处人人敬 赞你品高有学问有话先
  • 肺藏气,气舍魄……肾臧精,精舍志……”这就明确指出血和精神七情的关系,是互相影响的,如血旺则精神慧爽,心情舒畅,反此,则精神萎顿,情绪抑郁,又从病理来说,热病的
  • 【Monroza拉杆箱女男牛津布旅行箱】Monroza万向轮行李箱,防爆拉链,TSA海关锁,双层防水经典设计,防水面料,轻便出行,耐用万向轮,铝合金拉杆,高品质
  • 愿路过我文字的你们,轻守岁月之静,见字欢喜,温心如一。于黄昏,收下一窗秋阳,及微风扑落的思绪。
  • ”“萨利巴在对阵切尔西的比赛中防守稳固,如果我是一名前锋,我不希望在比赛中遇到他这样的后卫,因为他很强悍,而且踢得很自信。那个被全世界讨厌投诉的宿管今天休息 排
  • ·小组作业又称Group coursework,多人组队完成,有时候导师分配组员,有时候自由成组。预报员认为,一群金牛座流星体正在向地球飞来,可能会使火球的数量
  • 有生之年系列的生日场和内地尾场怎么能缺席,上海应援超多,每天排队领周边哈哈哈[笑cry],taking、生日歌和憨人也是超级满足了,五迷都超级暖,今天新加坡的场