༈མཚོ་སྔོན་ལྷ་མོ་དྲེལ་དགོན་གྱི་ལོ་རེའི་འཆར་གྱི་རྩོམ་རིག་དུས་དེབ་2020 ལོའི་《མཚོ་མཐའི་གླུ་སྐད་》ཀྱི་ཐོག་ལ་ངའི་རྩོམ་ཡིག་《མི་ལ་རས་པ། 》དང་2021 ལོའི་《མཚོ་མཐའི་གླུ་སྐད་ 》ཀྱི་ཐོག་ཏུ་《སྟར་ལ་བརྒྱུས་པའི་མེ་ཏོག་གི་དབུ་རྒྱན། 》གདམས་ཐོན་བྱུང་བར་བཀའ་དྲིན་ཆེ། ལོ་དེབ་འདིའི་མདུན་ལམ་སྔར་ལས་ཡངས་བའི་སྨོན་འདུན་ཞུ་བཞིན་ཡོད།[干杯][干杯][干杯][干杯]

༈ ཚེ་རིང་ལྗོངས་ནི། རིག་འཛིན་འཇིགས་མེད་གླིང་པས་བཏབ་པ་དང་། སྙིང་ཐིག་བསྟན་པའི་ཆུ་མགོ་གཅིག་པུ་ཡིན། རྟེན་གྱི་གཙོ་བོ་རྒྱལ་དབང་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་ཀྱི་སྐུས་གནང་བའི་གླེགས་བམ་དང་འཇིགས་མེད་གླིང་བའི་སྐུ་དམར་གདུང་གཟུངས་སུ་བཞུགས་པའི་དངུལ་གི་མཆོད་རྟེན་དང་། བདེན་ཚིག་གྲུབ་པའི་སྨོན་ལམ་མཛད་སའི་སྒྲུབ་ཆུ། ཁོང་གིས་དངོས་སུ་ཕྱག་བཟོ་མཛད་པའི་སྔགས་སྲུང་ཨེ་ཀ་ཛ་ཊཱི་དང་། རྡོ་ཡི་གཟའ་གཏོར་དང་བཙན་གཏོར། རྡོ་ལ་བཞག་པའི་ཞབས་རྗེས། ཁོང་གི་དབུ་སྐྲ་བཏབ་པ་ལས་སྐྱེས་པའི་སྡོང་པོ་སོགས་མཇལ་རྒྱུ་འདུག འཕྱོངས་རྒྱས་རྫོང་མཁར་ནས་སྤྱི་ལེ་བདུན་གི་སར་ཆགས་ཡོད།

༈ ཕ་བོང་ཁའམ་སྐུ་མཁར་མ་རུ་ནི། བོད་རྗེ་སྲོང་བཙན་སྒམ་པོས་ངས་རྒྱ་གར་ནས་ཕེབས་གྲབས་ཡོད་པའི་ཐུ་མི་སམ་བྷོ་ཊ་མཆོག་ལ་ཕོ་བྲང་ཞིག་བཞེངས་ནས་བོད་ཡིག་གསར་གཏོད་གནང་བའི་མཐུན་རྐྱེན་བསྐྲུན་དགོས་པས། ས་འདི་ནི་དབེན་ཞིང་ཉམས་དགའ་བ་ཞིག་འདུག་ལ་རུས་སྦལ་འདི་ཡང་ངོ་མཚར་ཅན་ཞིག་འདུག་པས་ད་ནི་རྡོ་འདིའི་སྟེང་དུ་ཕོ་བྲང་ཞིག་བཞེངས་ཆོག་ཅེས་བཀའ་གནང་བ་བཞིན་བཞེངས་ཤིང་། དེང་སང་སྐུ་མཁར་མ་རུ་ཐོག་རྩེག་དགུ་ཡོད་པའི་ཕོ་བྲང་མཐོང་རྒྱུ་མེད་རུང་རྡོ་ནག་གི་རུས་སྦལ་མོའི་དབྱིབས་ནི་སྔར་བཞིན་བསྡད་ཡོད་ལ། དབྱིབས་ནི་ལྷོ་ངོས་སྒོར་དབྱིབས་དང། བྱང་ངོས་གྲུ་བཞིའི་དབྱིབས་དང་ལྡན་པ། སྒོ་བྱང་བལྟ་རྡོ་སྐས་རིམ་པ་དང་ལྡན་པ་སོགས་གནའ་རབས་འཛུགས་སྐྲུན་གྱི་དམིགས་བསལ་ཁྱད་ཆོས་ངོ་མཚར་དང་ལྡན་པ་མིག་ལམ་དུ་མངོན་ཐུབ། དེ་མ་ཟད་ཕ་བོང་ཁ་ཞེས་པའི་གནས་ཁྱད་པར་ཅན་འདི་ནི་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་མཚམས་བཞུགས་གནས་དང། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་མཛད་གནས། ཆོས་སྒྱུར་གྱི་གནས་དང་པོ། བོད་རྗེ་བློན་འབངས་ཡོངས་ཀྱི་ཡི་གེ་སློབ་འགོ་ཚུགས་པའི་གནས། པུར་རྒྱལ་སྐབས་ཐོག་བརྩེགས་དགུ་ཐོག་གི་ཨར་ལས་འཛུགས་སྐྲུན་སྤེལ་ཡུལ་དང་པོ་ཡིན་ལ། རྒྱལ་པོའི་ཕོ་བྲང་ཡིན་ལ་ལྷ་ཁང་ཡང་ཡིན་པ་བཅས་ཀྱི་ཁྱད་ཆོས་བརྗོད་ཀྱིས་མི་ལངས། སློབ་དཔོན་ཐོན་མིས་རྒྱ་གར་གྱི་ཡིག་གཟུགས་ལྷའི་དཔེར་བྱས་ནས་བོད་ཀྱི་དབུ་ཅན་བྲིས་ཏེ་རྟེན་འབྲེལ་སླད་དུ་ཡི་གེ་དྲུག་མའི་གཟུངས་ཐུ་མི་རང་ཉིད་ཀྱིས་ཐོག་མར་བྲིས་ཏེ་རྒྱལ་པོ་ལ་ཡི་གེ་གཟིགས་ཕུད་དུ་ཕུལ་བ་དེ་ཉིད་རྡོ་བརྐོས་སུ་མཛད་པ་ད་ཆ་ཕ་བོང་ཁའི་རིགས་གསུམ་ལྷ་ཁང་དུ་བཞུགས་ཡོད། རྒྱལ་བློན་གཉིས་ཕོ་བྲང་འདི་རུ་བཞུགས་ནས་ལོ་མང་པོའི་བར་རང་གི་ཡི་གེ་དང་རིག་གནས་ཐམས་ཅད་མཁས་པར་སྦྱངས། མངའ་འོག་པ་ཀུན་ལའང་མཁས་པར་བསླབ་ཏུ་བཅུག་སྟེ་བོད་ཡིག་ཐོག་མར་སྤེལ་བར་མ་ཟད། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡབ་ཡུམ་བློན་འབངས་རྣམས་ཀྱིས་གནས་འདིར་བཞུགས་ནས་མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་གཏོད་དེ་བོད་འབངས་རྣམས་ཆོས་ལ་བསྐུལ་བའི་གནས་མཆོག་དམ་པ་ལགས་སོ།། https://t.cn/A6qrzEeA


发布     👍 0 举报 写留言 🖊   
✋热门推荐
  • 知人知面不知心,有这3个表现的人,要划清界限,别辜负你的好命。#微博新知博主##职场那些事儿# 行走职场,行色匆匆,你会遇到形形色色的人。你的身边,有伪君
  • #钱学森回国半年提交中国导弹奠基之作# 【钱学森:毕生为强国】1956年春天,钱学森、吴有训、竺可桢、王淦昌等600多位科学家和科技工作者,参加了在北京举行的制
  • ,巴黎对阵马赛的法国国家德比将在马赛主场打响。日前,威纳尔杜姆在接受Pro Direct Soccer采访时谈到了自己对这场比赛的期待。 威纳尔杜姆说:在我
  • #酷女郎打CALL抗疫[超话]##战疫打卡行动# 师父吉祥! 感恩师父惠赐今日《教学相长》:""愚感悟: 赞叹陈劲秋师兄再次入选,展现其直击要害的能力。 1、
  • #新书推送# 第一本!!!期待已久![来][来][来] ☆坂本龙一装置艺术中国首次展览图册,坂本龙一撰写前言并亲自参与监修。 ☆策展人难波祐子、王宗孚、张
  • 投稿小哥哥:陈凯 年龄:34 星座:天蝎 身高(cm):175cm 所在区域:天心区 关于自己(性格/爱好/闪光点等):性格温和,幽默,务实,爱好旅行,健身,喜
  • 退网读书一小时。被Chanel记录的她和前男友的日常甜昏了。Know my name不仅仅有“一位被性侵的女性记录案件相关经过”的纪实意义,Chanel写她生活
  • 设计师品牌 Henrik Ho|soft stone软石沙发 / 面料可选 软石沙发,以舒适的坐感设计令其拥有柔软的治愈感,让人进入放松的内心状态,低于常规坐
  • 修之来此, 乐其地僻而事简, 又爱其俗之安闲, 既得斯泉于山谷之间, 乃日与滁人仰而望山, 俯而听泉, 掇幽芳而荫乔木, 风霜冰雪, 刻露清秀, 四时之景, 无
  • 星巴克臻选®烘焙工坊选用通过 NSF/ANSI Standard 51 食品接触认证,达到食用级别的可丽耐®实体面材作为咖啡吧台、调制台面、咖啡桌及食品餐盘,其
  • 衣服集合了很多小众设计师品牌,也有不少比较知名的潮牌!品牌很多,选择很多~选品基本都是当下年轻人最爱的潮牌,像Ambush、Welldone、GUIDI、ess
  • 现在许多“游戏”规则不都修改了吗?科学家:假如请爱迪生来21世纪生活一个星期,最让他感到新奇的会是什么呢?
  • #黄贯中不舍Ricky淘汰#Ricky: Paul作为乐坛前辈,他懂得如何 对 症 下 药 来 引导我去“享 受”黄贯中:节目虽然快要结束,但是我们的友谊才刚刚
  • 有一个新的赛道啦,就是短视频内容带货➕直播带货【零食】 【媒体关注】北京青年报报道高丽营镇持续完善顺义西站配套设施10月20日,北京青年报报道了高丽营镇从完善基
  • 「珍金古书」精选楮皮,纯手工制作而成,在纸浆中添加珍金颗粒,成品纸张仿古书色呈现,表面金粉点缀其中,如一场穿越的梦境,处处都有惊喜。「雁皮蝉翼」需要由技术高超的
  • 术后短期恢复,效果明显,现在的身材好多人羡慕!住在四姑娘山镇,尝了一下酒店送的苹果,虽然样子看起来丑丑的,个头也不大,但多汁、甜中带点酸所以口感丰富、不涩,连我
  • 当时的工艺,茶厂在沿用传统做法的基础上,一方面,改进生产工具、完善茶叶筛分与除杂的工艺;另一方面,因受到过去“堆闷”和“炊蒸压箩”的启发,在最后的炊蒸压箩之前,
  • 招聘岗位:营运助理(双休)上班时间:8:30-17:30 薪资待遇:五险一金,双休,薪资5000左右,具体面试可谈,年底13薪要求:有商业运营工作经验最佳,优秀
  • 他自己也不知道,后来我问是不是动画片里看的,他说是,可是在家基本都给她看英文的,想到自己之前因为娃惹毛我,我说过,你等着,看你爸回来不揍你。童言童语:我告诉你一
  • Source from Gooood.贵阳市卡特挖掘机维修《售后指定网点服务点》贵阳市卡特挖掘机维修《售后指定网点服务点》【微信电话13996393931】节温