༄༅།།ལྷ་མོ་འོད་ཟེར་ཅན་མའི་སྒྲུབ་ཐབས་བཞུགས་སོ།།

【 光 明 佛 母 修 持 仪 轨 】

༄༅།།གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་།།

康剋灿赞增禁禅呗降    孰之名号仅持或忆念

འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང་།།

吉巴衮勒柔渡玖切禁    即从一切怖畏作救护

དྲི་མེད་བདེ་ཆེན་ཉེ་བར་མཆོག་སྩོལ་མ།།

赤米叠钦尼哇丘最玛    且复赐予无垢大安乐

ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།།

拉姆奥赛见啦香擦啰    摩利支天女前恭敬礼

ཨོཾ་མཱ་རི་ཙྱེེ་མཾ་སྭཱ་ཧཱ།

嗡  玛日以  即亚以  芒  丝瓦哈

ཞེས་ཅི་ནུས་བཟླའོ།如 是 尽 力 持 诵

རྒྱལ་ཀུན་ཕྲིན་ལས་ལྷ་མོའི་སྐུ་ཤར་མ།།

给衮赤勒拉姆咕夏玛    一切胜者事业天女身

བཅོམ་ལྡན་འོད་ཟེར་ཅན་མའི་ནུས་མཐུ་ཡིས།།

炯颠奥赛见美钕突耶    现者世尊摩利支威力

མི་ཁ་བྲ་མཆུ་འཐབ་རྩོད་འཁྲུག་ལོང་བཟློག།

米咔查邱透最除龙朵    回遮流言口舌诤战乱

ནད་ཡམས་དལ་ཡམས་དགྲ་ཇག་ཆོམ་རྐུན་བཟློག།

內央贴央咋洽琼衮朵    回遮瘟疫慢疫敌盗贼

མདོར་ན་མི་མཐུན་རྐྱེན་ངན་བར་ཆད་བཟློག།

脱呐米吞给俺帕切朵    总之回遮违恶缘中断

འདོད་པའི་དོན་ཀུན་འགྲུབ་པའི་འཕྲིན་ལས་མཛོད།།

堆呗脱衮珠呗赤列最    成办欲求悉成之事业

ཁེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།

剋拉对禁随哇都貝推    祈由称赞启请于尊力

བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།།

達梭康突內貝薩邱素    我等任住何处于彼方

ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།།

內倘吾朋透最息哇倘    疾病贫穷斗诤皆息灭

ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།།

卻倘札希佩哇則度梭    法与吉祥悉令得增长

译跋:妙音胜慧(Sherab Chen)恭敬由藏译汉,美国俄亥俄州希利亚德市,2016年11月23日(藏历九月廿五日)。翻译中疑难之处就教与赛仓仁波切和哈尔哇仁波切而作抉择。译文亦得到安多普华杰先生审读。特此致谢 https://t.cn/RO7E6ns

དགུ་པའི་ཉེར་ཉིས་ནི་པེ་ཅིན་གྱི་རླངས་འཁོར་མེད་པའི་ཉི་མ་ཡིན་པ་དང་། ཉིན་དེར་རླངས་འཁོར་མི་བསྐོར་བའི་བྱེད་སྒོ་སྤེལ་ནས་མཁའ་དབུགས་གཙང་མའི་གལ་ཆེའི་རང་བཞིན་དགོས་པའི་དྲན་སྐུལ་བྱེད་པ་ཡིན་སྐད་ཐོས། ཡིན་ན་ཡང་བོད་ཡུལ་གྱི་མཁའ་དབུགས་བཙོག་པ་གཏོང་མཁན་ནི་རླངས་འཁོར་མ་རེད། བོད་ཡུལ་གྱི་མཚམས་སུ་བརྒྱབ་པའི་བཟོ་གྲྭ་ཁང་དང་། གཏེར་ཁ་བསྔོགས་འདོན་དང་། ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ས་ཁུལ་ནས་མཆེད་ཀྱིན་པའི་རྡུལ་ལོང་དེ་དག་རེད། བོད་མིའི་མཉམ་ཆུང་གི་ལག་པར་སྦར་ཤུགས་སྲབ་བུ་ཞིག་གྱོན་ནས་བཏུས་པའི་གད་སྙིགས་ཀྱིས་དེ་དག་གི་ཚབ་ཡོང་ངམ། མ་གཞི་དེ་དག་མེད་ན་བོད་ཡུལ་གྱིས་འཛམ་གླིང་སྤྱི་ལ་ཡང་རང་གི་ཚོད་ཀྱིས་མཁའ་དབུགས་གཙང་མ་མཁོ་འདོན་བྱེད་ཐུབ། ནུས་པ་དེ་ཙམ་ནི་བོད་ཀྱི་སྣོད་བཅུད་གཉིས་ལ་ཏན་ཏན་ཡོད་རེད།

༄༅།།རྗེ་ཙོང་ཁ་པའི་རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ་བཞུགས་སོ།།

རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་མཛད།

འཇམ་དབྱངས་ངུར་སྨྲིག་ཟློས་གར་ཙོང་ཁ་པའི། །
ཕྲ་ཞིབ་རིགས་ལམ་རྡོ་རྗེ་ཟེགས་མའི་མཚོན། །
གངས་ཅན་ལོག་སྨྲའི་གཤེད་དུ་གདེངས་པའི་གཏམ། །
འཛམ་གླིང་བློ་ལྡན་སྐྱེ་བོའི་ངག་ན་མཛེས། །

རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་ལོར། །
སངས་རྒྱས་བྱང་སེམས་མང་བོའི་ལུང་བསྟན་བཞིན། །
དཔལ་ཆེན་ཀླུ་འབུམ་དགེ་དང་སྲས་སུ་འབྲེལ། །
ཙོང་ཁའི་ཡུལ་དུ་བལྟམས་པའི་རྣམ་ཐར་ཡིན། །

ལྟེ་བའི་མཚལ་ཐིགས་ས་ལ་འཕོས་པ་ནས། །
ཙནྡན་ལྗོན་པ་ལོ་འདབ་འབུམ་ཕྲག་ཅན། །
སེངྒེ་ང་རོའི་སྐུ་ཡིས་བརྒྱན་པ་འཁྲུངས། །
སྔ་རབས་གཞན་ལ་མེད་པའི་རྣམ་ཐར་ཡིན། །

དགུང་ལོ་གསུམ་པར་གྲུབ་དབང་ཀརྨ་བས། །
དགེ་བསྙེན་བསྒྲུབས་ཤིང་བདུན་པར་ཆོས་ཀྱི་རྗེ། །
དོན་གྲུབ་རིན་ཆེན་དྲུང་ནས་རབ་ཏུ་བྱུང་། །
རྒྱལ་བའི་བསྟན་ལ་ཞུགས་པའི་རྣམ་ཐར་ཡིན། །

བཅུ་བདུན་པ་ལ་དུས་གསུམ་གཟིགས་པ་ཡི། །
བླ་མའི་བཀའ་དང་རང་གི་དད་སྟོབས་ཀྱིས། །
དབུས་གཙང་ཆོས་ཀྱི་ལྗོངས་སུ་གོམ་ཁ་བསྒྱུར། །
ཉི་ཟླ་ཤར་ནས་འཆར་བའི་རྣམ་ཐར་ཡིན། །

རྒྱ་གར་པཎ་གྲུབ་ལྟ་བུའི་མཁས་མང་ལས། །
མདོ་སྔགས་ཐ་སྙད་གཙུག་ལག་ཀུན་ལ་སྦྱངས། །
རབ་འབྱམས་ཤེས་བྱ་ནམ་མཁའི་ཕ་མཐར་སོན། །
དང་པོར་ཐོས་པ་བཙལ་བའི་རྣམ་ཐར་ཡིན། །

གདུལ་བྱའི་ཁམས་དང་འཚམ་པར་འཇུག་པ་ཡི། །
རྒྱལ་བའི་བཀའ་ལས་ཡི་གེ་འབྲུ་གཅིག་ཀྱང་། །
ལུས་པ་མེད་པར་ཐར་བའི་ཐབས་སུ་དགོངས། །
བར་དུ་གདམས་པར་ཤར་བའི་རྣམ་ཐར་ཡིན། །

མཁའ་ཁྱབ་སྐྱེ་རྒུ་སྐྱོབ་པའི་བརྩེ་བ་དང་། །
ཟབ་རྒྱས་ལམ་གྱི་རིམ་པའི་དམིགས་རྣམ་ལ། །
མཉམ་རྗེས་ཉིན་མཚན་ཀུན་ཏུ་གཡེལ་བ་མེད། །
ཐ་མར་ཉམས་སུ་བླངས་པའི་རྣམ་ཐར་ཡིན། །

བཀའ་དང་བསྟན་བཅོས་བྱེ་བའི་གནད་ལ་རྣོ།།
སོར་ཐར་བྱང་སེམས་གསང་སྔགས་ཚུལ་ཁྲིམས་གཙང་།།
བྱམས་དང་སྙིང་རྗེ་ཕྱིན་དྲུག་བསྡུ་བཞིའི་གཏེར།།
ཕུལ་བྱུང་མཁས་བཙུན་བཟང་བོའི་རྣམ་ཐར་ཡིན།།

དོན་དམ་དབུ་མ་ཆེན་པོའི་དེ་ཉིད་གཟིགས། །
ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་དང་འགྲོགས། །
འདོད་གདུང་མཐའ་གཉིས་སྐྱོན་བྲལ་པདྨའི་ལྗོན། །
ཟླ་མེད་ལྟ་སྒོམ་སྤྱོད་པའི་རྣམ་ཐར་ཡིན། །

གཞུང་ཆེན་བཅུ་ཕྲག་མང་བོ་བློ་ནས་འགྲེལ། །
ཕས་རྒོལ་གླང་སྨྱོན་ཀླད་པའི་བུམ་པ་འགེམས། །
ཕྲ་ཞིབ་གསུང་ངག་སྲིད་ཞིའི་ཁོངས་ན་བརྗིད། །
ངོ་མཚར་འཆད་རྩོད་རྩོམ་པའི་རྣམ་ཐར་ཡིན། །

རྫིང་ཕྱིའི་མི་ཕམ་རྟེན་དང་བརྟེན་པ་གསོས། །
གཉལ་གྱི་ལུང་རིང་སྔོན་མེད་ཆོས་འཁོར་བསྐོར། །
ཆོ་འཕྲུལ་སྨོན་ལམ་སྟག་རྩེའི་སྒྲུབ་མཆོད་སྤེལ། །
བསྔགས་འོས་མཛད་ཆེན་བཞི་ཡི་རྣམ་ཐར་ཡིན། །

སྣང་ཡང་སྟོང་བའི་རྟེན་འབྱུང་ཟབ་མོ་དང་། །
གཉུག་རླུང་ལྷ་སྐུར་ཤར་བའི་སྒྱུ་ལུས་ལ། །
ལེགས་བཤད་གློག་གི་སྒྲོན་མེ་ཆེར་སྦར་བ། །
གནད་ཀྱི་རྨོངས་མུན་སེལ་བའི་རྣམ་ཐར་ཡིན། །

ང་གསུམ་ས་མོ་གླང་ལ་དགའ་ལྡན་བཏབ། །
རེ་གསུམ་ཕག་ལ་བྱམས་པའི་མདུན་སར་གཤེགས། །
རྗེས་འཇུག་དགོན་དང་སློབ་མས་ས་སྟེང་ཁྱབ།།
སྲིད་ན་འགྲན་ཟླ་བྲལ་བའི་རྣམ་ཐར་ཡིན། །

དེ་ལས་འོང་བའི་བསོད་ནམས་འོ་མའི་ཀླུང་། །
ཟླ་བ་བདུད་རྩིའི་མཛོད་ལ་འཁུ་འདྲ་བས། །
དབྱུག་གི་བློ་གྲོས་མ་འདི་ནད་མཚོན་དང་། །
མུ་གེའི་བསྐལ་པས་ཀུན་ནས་དབེན་གྱུར་ཅིག།།

དེ་ལྟར་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བའི། །
རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ།
ཤིས་ངན་བཀྭང་རིན་ཟི་ཡི་ཏཱ་བླ་མ། །
གོན་ཧྥུ་ཆིན་གྱིས་རིང་ནས་བསྐུལ་བའི་ངོར། །

རྒྱལ་བ་གཉིས་པའི་བྱིན་གྱི་ཆ་ཤས་ཙམ། །
སྙིང་གི་ཟེའུ་འབྲུར་རོལ་པའི་མཐུ་ཉིད་ལས། །
མདོ་རྒྱུད་གཞུང་མང་སྨྲ་བའི་སྤོབས་པ་ཅན། །
ཤེས་རབ་རྒྱ་མཚོས་འཕྲལ་མར་བྲིས་ཏེ་སྤེལ།།


发布     👍 0 举报 写留言 🖊   
✋热门推荐
  • (这里再自卖自夸一下,不喜欢的可以跳过[doge])因为这车去年就改出来了,且在海外平台火了一把,得到了很多欧美媒体的报道(图6)所以特斯拉的半官方改装品牌un
  • ”我不摘月亮我要她永远高悬天上 皎洁流芳我知再迷恋她也非我能私有就当神爱世人遥远温柔她可以接很多人的鲜花不必无暇期待是天梯 似乎快濒如悬崖别去对号入座 注销那鲜
  • 这对于她们家是多么开心的事,省了多少去医院的费用。这对于她们家是多么开心的事,省了多少去医院的费用。
  • 啊呀~两个多小时,看尽人间悲悯,两个孤独的灵魂遇到一起,相互温暖而后相继如烟散去,来过又好像没来过,说了好像又没说…尘归尘,土归土,生命如那一撮小麦穗,渺小得不
  • 4. 你看,无论是发散思维还是逆向思维,本质上就是一个:不让自己陷入舒适区——没难度的,去找点难度;有难度的,不停留在别人认为的那种难度上。3. 如果有困难的工
  • #张杰[超话]#此时此刻,我坐在哈尔滨机场候机厅 按照原航班起飞回广州,但是今天的心情怎样都提不上来,甚至眼泪有点控制不住 本以为可以开开心心度过这三天的哈尔滨
  • 全县2022年耕地地力保护补贴标准为120元/亩;补贴对象原则上为拥有耕地承包权的种地农民;联系单位:泗洪县农业农村局,电话:0527-80618682。高素质
  • 温州相亲 | 93年 高挑清秀 甜美大方小姐姐 基本资料 出生年份:1993 身高体重:170cm 50kg 宗教信仰:佛 对对方要求无或佛 文化程度:大专 工
  • 爱若能如花盛开,满园清香自扑来有人说:“人之随喜,是随千万人之行,洒落一地福缘的种子,因缘聚合,就会开花结果。有人说:“人之随喜,是随千万人之行,洒落一地福缘的
  • #数字藏品[超话]##元宇宙##nft[超话]#推荐一个国资数藏平台,新人注册送空投[good][good][good]有转赠有拍卖,扫下方图中二维码注册[来]
  • 直接就是撑s在路上的时候还在说 好像我们四个有空了就会这样请客聚餐 共同奔向一个地方 然后一起吃饭 之前是三个 现在是四个 等过几年就是五个 甚至六个七个 如果
  • 在中央人民广播电台工作的几十年漫长播音生涯中,他以特有的庄重、深沉的声音感染了千百万听众,许多人便是从他的播音中更深切地感受到《谁是最可爱的人》、《县委书记的好
  • 7月15日登录,可领取【灵玉*100,体力*100】7月16日登录,可领取【灵玉*100,体力*100】7月17日登录,可领取【灵玉*100,体力*100】7月
  • 小徒弟说感觉一刀下去,犯人的脑袋和身子搬了家,当时天太黑,他没能看清,这会儿再问他,他真心说不清楚了。表兄略通医术,赶紧给表弟敷药治伤,蔡三顺总算活了过来,但也
  • 为了方便大家对照,方舟周易特将八字的组合情况与你最适合的最佳职业的对应关系作如下说明:一、财官印全且身不弱者适宜从事公务员职业:一方面,财者可掌实权也,官者具有
  • 「人生一共多少年 不如大家活在爱里面」彩虹合唱团音乐会怎么会这么又好笑又好哭[苦涩]《我喜欢》这首,不同心境真是能听到完全不一样的感受,才意识到我好像忘记了我曾
  • 说起来,郭嘉文与李泽楷传分手已经1年了,以往活跃于社交网的她,这段时间以来,更新动态的频率越来越低,当网红的计划也彻底搁置了。8月31日,港媒曝光了郭嘉文的
  • 同时想到他和小树对谈时,小树说北斗是山茶花,北斗说自己皮肤很容易变红,从这点来说是能理解的……不知道大家能不能GET到,就是这种穿得还算严实,但一脸高傲带着禁欲
  • 2022年童装行业到底还能不能做答案当然是肯定的[挤眼],可以说,童装行业这么多年依然是一个火爆的行业,父母可以说是最舍得为自己小孩花钱的,谁不希望自家小孩吃穿
  • #谭维维[超话]# 最近因为刚高中毕业开始找到工作很忙 所以一直都是冒泡潜水式上线 签个到就下线了[摊手]不得不说到一个新环境要认识新的人学会做新的事真的压力有