སྟོང་ཉིད་བསྒོམ་པའི་གནད་ནི།
བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཞིག་བསྐྱེད་དེ། དེ་རིགས་པས་ལེགས་པར་བཅད་དེ་ལྟ་བ་ཕུ་ཐག་ཆོད་པ་དེ་ལ་ངེས་པ་དྲངས་ནས་ཡུན་རིང་དུ་མཉམ་པར་བཞག་པ་དེ་ལ་གནད་དུ་བསྣུན་པའི་ཐབས་བསྒོམ་པས་རྫོགས་རིམ་གྱི་བདེ་བ་མ་མཐའ་ཞིག་རྙེད་ནས། སྔར་ལྟར་དཔྱད་པ་མི་བྱེད་པར་སྔར་གྱི་ངེས་ཤེས་ཤུགས་དྲག་དེ་དྲན་པར་བྱས་ཏེ། སེམས་བདེ་བའི་ངོར་སོང་བ་དེས་རྩེ་གཅིག་ཏུ་རང་བཞིན་མེད་པའི་དོན་དེ་ལ་མཉམ་པར་བཞག་པས་སྟོང་བ་ཉིད་ལ་བོགས་ཐོན་ནས་སྔར་ལས་ཀྱང་ངེས་པ་ཤུགས་ཆེ་བ་དང་། བདག་འཛིན་གྱི་གཉེན་པོར་ནུས་པ་མཐུ་ཅན་དུ་སོང་ནས་གཉིས་སྣང་ལྡོག་པ་ཡིན་ནོ། དེས་ན་ལམ་འདི་ལ་ནི་ཐོག་མར་འཁོར་བ་མཐའ་དག་ལ་གཏིང་ནས་ཞེན་པ་ལོག་སྟེ། འཁོར་བའི་ཕུན་ཚོགས་ཅི་འདྲ་བ་ཞིག་ལ་ཡང་བཙོན་དོང་ལྟར་དུ་མཐོང་བའི་ངེས་འབྱུང་གི་བསམ་པ་དྲག་པོ་ཞིག་དང་། དེ་ཡང་རང་གཅིག་པུའི་ཕྱིར་མ་ཡིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་དུ་མའི་མནར་བ་ལ་སྙིང་ཐག་པ་ནས་མ་བཟོད་པས། དེ་ཉིད་འདོན་པ་ལ་སྐད་ཅིག་གིས་མ་ཡེངས་པར་རིངས་པའི་བློ་བཅོས་མིན་གཅིག་དགོས་པ་ཡིན་ནོ། དེའི་ཕྱིར་ཐོག་མར་ཁས་བླངས་པའི་སྲུང་སྡོམ་ལ་འབད། བདག་མེད་ཀྱི་ལྟ་བ་རྣམ་དག་ཅིག་མེད་ན་འཁོར་བ་ལས་ཀྱང་མི་ཐར་བས་སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་བྱ། དེ་ལྟར་བྱས་ཏེ་ཐབས་ཟབ་མོ་འདི་ལྟ་བའི་ལམ་དང་སྦྲགས་ནས་ལུས་ལོངས་སྤྱོད་ལ་ལྟོས་པ་མེད་པར་བརྩོན་པ་ཆེན་པོས་ཆུ་བོའི་རྒྱུན་བཞིན་དུ་ཉམས་སུ་བླངས་ནས་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བསྐམས་ཏེ་རང་བཞིན་གྱི་དོན་ལྷུན་འགྲུབ་འབྱུང་བའི་གོ་འཕང་ཡང་མྱུར་དུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། འདི་དག་ནི་གནད་འགག་སྡོམ་ཆེ་བ་རྣམས་ཀྱི་དམིགས་པའི་གནད་འགའ་ཞིག་བསྡུས་པའི་མན་ངག་ཐུན་མོང་མ་ཡིན་པའི་ཞལ་ཤེས་མེད་དུ་མི་རུང་བའི་སྲོག་དག་ཡིན་ནོ།
རྒྱལ་བའི་གསུང་རབ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་བརྙེས་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་སྣ་ཚོགས་ནས་ཕྱོགས་ཐམས་ཅད་དུ་རྒྱས་པར་མཛད་པ། ཆོས་ཀྱི་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་གསུང་བའི་ཞལ་ཤེས་གནད་ཀྱི་ཐིམ་ཡིག་ལས་བཤུས་པའོ།།

ནམ་ཞིག་རང་ལུས་རི་ཁའི་ཤིང་སྡོང་འདིའི།།
རྣམ་ཤེས་ལོ་མ་རླུང་གིས་ཁུར་བའི་ཉིན།།
སྲིད་པ་འདི་ལ་ཕྱི་མིག་མི་ལྟ་བར།།
མཚུངས་མེད་བླ་མའི་དྲུང་དུ་སླེབ་པར་ཤོག།

ཡོན་ཏན་ལྷུན་གྲུབ་ཚང་།


​སྐུར་འོད་ཀོར་གྱི་ཟེགས་མ་གཡོ་བའི།།
ཤར་གངས་ཆེན་གྱི་ཕྲག་གི་ཟླ་བ།།
སའི་མུན་པ་ཡི་ཡོལ་བ་ཕྱེ་མཁན།།
རྩྭ་ཀུ་མུད་སོགས་འཛུམ་བརྒྱ་བཀྲོལ་མཁན།།

སྐུ་ཀུན་རྫོབ་ཀྱི་གཟུགས་སུ་རོལ་བའི།།
ལྷོ་འཛམ་གླིང་གི་རྒྱལ་བ་གཉིས་པ།།
ནུབ་བདེ་ཆེན་གྱི་ལམ་སྣ་སྟོན་མཁན།།
བྱང་རིགས་ལྡན་གྱི་དྲུང་དུ་འདྲེན་མཁན།།

གསུངས་བསླུ་མེད་ཀྱི་རྡོ་རྗེའི་བཀའ་ལུང་།།
ཐུགས་འཁྲུལ་མེད་ཀྱི་ཤཱཀྱ་སེང་གེ།
བདག་ཉམ་ཐག་གི་འཁོར་བའི་མི་ལ།།
ཐུགས་རྗེས་འཛིན་གྱི་ཚན་ཁ་མ་ལྷོད།།​


​ཅེས་ཀྱང་ཀུན་དགའ་འོད་ཟེར་གྱིས་སོ།།[月亮]


发布     👍 0 举报 写留言 🖊   
✋热门推荐
  • 全新New Balance MW991ANI运动鞋款将于2月26日正式开售#nineone[超话]# #唱作人乃万# WITH姐姐的第500天从一开始的《闭眼歌
  • 我们还有一个深加工项目,是用固阳马铃薯淀粉做的小麻花,现在也在‘拼多多’平台上做推广,得到了不少客户的认可。在固阳县道地农产品专业合作社的初加工车间里,10多名
  • 多希望彼此是一直喜欢,一直热爱,这样我就能恒久的执着的望向你。而五十又出山辅佐是不安心的等待。
  • 我已经又开始想念他了,他的脸蛋是令人过目难忘的美,他的歌声会如他的名字一样像一道闪电直击你的心灵,饱满、圆滑、让我无可挑剔,他写的几首歌也给我留下了很深刻的印象
  • 万物皆虚:社会的本质结构是脆弱且不堪一击的,每个人都应该成为自身文明的守护者。 万事皆允:每个人都是自身行为的设计者与执行者,每个人都必须承担起因自身的行为所
  • 八字羊刃驾杀格的人八字羊刃驾杀格的人喜欢创业拼搏,而这种性格对于创业而言是不错的品质,倘若有七杀来制衡,也就是八字中同时有七杀与羊刃,即便是两恶相见,但可以相互
  • 所有一切别人让你去干你不想干的事的行为,你都不应该去在意,我其实是一个特别容易被别人影响的人,有一次我买快递都会纠结一个小时花段时间去打扮,其实只是拿快递,但是
  • 也许就因为我的功课比他强的原故吧,张金强很不喜欢我,老是挑我的刺儿,一会儿说我的书包是老太婆的围裙改的,一会儿说我的“学生装”只有两只口袋,不合格式。总之,学校
  • “我想和你谈谈,你有时间吗?借酒消愁可不是好办法,如果你想听,我可以作你的倾听者,只要你相信我”冷洁苦笑,头拄着手,望着端在手中的酒杯,慢慢晃着杯中的酒,沉浸在
  • 半生已过,顺其自然 应尽便须尽,无复独多虑。 时光太瘦,指缝太宽,不知不觉,半生已过。 这一路上,见过了大风大浪,也走过了悲欢离合。 经历得多了才明白,
  • #手相预测#从手掌上看,人际关系和事业方面四面楚歌,各个方面的都有不顺的,是有两个方面的原因。自身有一定的原因,当然命理上也有原因。
  • 按摩力度都很合适~这个店服务、环境、手法都没的说来成都旅游/周末放松阔以来安排一次 【劲浪体育荣获“2020中国楼宇经济 INSEPARABLE PARTNER
  •   科技创新必然带来核心竞争力——该公司生产的压缩空气泡沫消防车在行业内处于领先地位,是抢占高端消防车市场的拳头产品;应急饮用水制取车达到国际先进水平;24米轻
  • 春运期间,我们路网中心与高德、百度合作,为大家出行提供更便捷的导航服务。根据战略合作协议,双方依托各自的优势,通过多领域业务融合,共同积极探索智能化、网联化等汽
  • #刘宇宁纯甄品牌大使# ⊰⊱⊰⊱⊰⊱⊰⊱⊰⊱⊰⊱⊰⊱⊱⊰⊸⊱⊸⊰⊱⊰⊱⊰⊰⊰⊱⊰⊸⊸在这个善变的年代,感谢你和我们相处不离不弃遇见是缘分,爱你永久才是目的,只要
  • #博君一肖[超话]#一年了 去年的今天的迷茫痛苦 今天终于可以吐出一口气 告诉自己 乌云会离开 阳光会洒下来 也终于不用再对今天这个日子望而生畏
  • 同样是整容,李菲儿和陈小纭的差距太大了,尤其是两个人放在一个画面来pk,陈小纭身材窈窕,李菲儿就像一个壮汉。[害羞]尽管两位女明星都不肯承认自己整了容,但对比之
  • 而国家的政策一直都有照顾,这些政策断断续续,我记得的至少都有二十年。日常市面上买卖的鱼,基本上都是养殖的,在全面禁渔之前,或者说近十来年,就极少有啥大河里的野生
  • [笑哈哈]@摩登兄弟刘宇宁 #天问-摩登兄弟刘宇宁[音乐]#点亮五彩莲灯,照着你美梦成真;享用十五汤圆,人圆月圆心事更圆。祝福载着我的心愿,祝宁元宵愉快,一切圆
  • 今天来‮新更‬一些女生关注‮话的‬题❤️想要子宫老‮得‬慢,一定要‮补‬铁❗️子‮在宫‬中医当中,被称为“女‮血性‬府”血‮不液‬充足的子宫,不‮功但‬能不强,