ཀྵི་ཏི་གརྦྷ་ནི་སའི་སྙིང་པོ་ཞེས་པ་སྙེས་ལྟར་མི་གཡོ་བའི་ཏིང་ངེ་འཛིན་སྙིང་པོ་སྟེ་དེ་དག་ལྡན་པས་དེ་སྐད་ཅེས་བྱའོ། །མཻ་ཏྲི་ནི་བྱམས་པ་སྟེ་བྱམས་པ་ཆེན་པོ་གཙོ་བོར་གྱུར་པའི་ཡོན་ཏན་མངའ་བས་སོ། །བཛྲ་པཱ་ཎི་ནི་ཕྱག་ན་རྡོ་རྗེ་སྟེ་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་འཆང་བས་སོ། །ཁ་གརྦྷ་ནི་ནམ་མཁའི་སྙིང་པོ་སྟེ་ནམ་མཁའ་ནི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཏེ་དེ་ཉིད་སྙིང་པོ་ཡིན་ཅིང་དེ་དང་ལྡན་པས་དེ་སྐད་ཅེས་བྱའོ། །ལོ་ཀེ་ཤྭ་ར་ཞེས་པ་འཇིག་རྟེན་དབང་ཕྱུག་སྟེ། ཨི་མཚམས་སྦྱར་བས་ལོ་ཀེ་ཤྭ་ར་ཞེས་པ་ཡིན་ལ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་དབང་དུ་མཛད་པས་དེ་སྐད་ཅེས་བྱའོ། །མཉྫུ་ཤྲཱི་ནི་འཇམ་དཔལ་ཏེ་སྐུའི་འོད་གསལ་ཞིང་འཇམ་པ་དང་ཏིང་ངེ་འཛིན་གྱིས་བསྐུལ་བའི་དཔལ་དང་ལྡན་པས་སོ། །སརྦ་ནི་ཝ་ར་ཎ་བི་སྐཾ་བི་ནི་ཞེས་པ་ནི། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་ཐམས་ཅད་མནན་པས་སོ། །ས་མནྟ་བྷ་དྲ་ནི་ཀུན་ནས་མཛེས་པའམ་ཀུན་ཏུ་བཟང་པོ་སྟེ་དེ་རྣམས་ནི་ཉེ་བའི་སྲས་བརྒྱད་འབྱིན་པའོ། །ཡ་མ་ནི་གཤིན་རྗེའམ་དམྱལ་བ། ཨནྟ་ཞེས་པ་མཐའ། ཀྲྀཏ་ནི་བྱེད་པ་སྟེ་འདོན་པའི་ཚེ་ཨ་ན་ཞེས་པ་མཚམས་སྦྱར་དུ་བཏང་ནས་ཡ་མཱནྟ་ཀྲྀ་ཏ་ཅེས་པ་ཁྲོ་བོ་ཆེན་པོ་འདིའི་ཏིང་ངེ་འཛིན་གྱིས་དམྱལ་བའི་སྡུག་བསྔལ་འཇོམས་པར་བྱེད་པའོ། །པྲཛྙཱནྟ་ཀྲྀཏ་ཅེས་པ་ནི་ཤེས་རབ་མཐར་བྱེད་དེ། ཤེས་རབ་ཀྱིས་ཉོན་མོངས་འཇོམས་པར་བྱེད་པའོ། །པདྨཱནྟ་ཀྲྀཏ་ནི་པདྨ་མཐར་བྱེད་དོ། པདྨ་དེ་ཆུས་མ་གོས་པ་བཞིན་དུ་ཆགས་སོགས་ཉོན་མོངས་ཀྱིས་མ་གོས་ཤིང་ཉོན་མོངས་འཇོམས་པར་བྱེད་པའོ། །བྷི་གྷྣནྟ་ཀྲྀཏ་ནི་བགེགས་མཐར་བྱེད་དེ་ཁྲོ་བོ་ཆེན་པོ་འདིའི་ཏིང་ངེ་འཛིན་གྱིས་བགེགས་ཏེ་བདུད་བཞི་འཇོམས་པར་བྱེད་པའོ། །ཙ་ལ་གཡོ་བ་དང་ཨ་ནི་དེ་འགོག་པས་གཡོ་བ་མེད་པའམ་མི་གཡོ་བ་སྟེ་འཇིག་རྟེན་ཆོས་བརྒྱད་ཀྱིས་རྟག་ཏུ་སེམས་བསྐྱོད་པ་རྣམས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མནན་ཅིང་བཅོམ་པས་དེ་སྐད་ཅེས་བྱའོ། །ཊཱཀྐི་རཱ་ཛ་ནི་འདོད་པའི་རྒྱལ་པོ་སྟེ་འདོད་པའི་འདོད་ཆགས་བསལ་ཞིང་དག་པར་བྱེད་པས་སོ། ནཱི་ལ་དཎྜ་ནི་དབྱུག་པ་སྔོན་པོ་སྟེ་སྔོན་པོ་ནི་འདིར་ནག་པོ་དང་སྐད་དོད་གཅིག་པས་ནག་པོའི་ལས་སྡིག་པ་སྟེ། དབྱུག་པ་ནི་དེ་ཚར་གཅོད་པར་མཛད་པས་སོ། །མ་ཧཱ་པཱ་ལ་ནི་སྟོབས་པོ་ཆེ་སྟེ་དོན་དམ་པའི་བདེན་པའི་སྟོབས་ཀྱིས་སེམས་ཅན་གྱི་ཉོན་མོངས་འཇོམས་པས་སོ། ཨུཥྞཱི་ཥ་ཙ་ཀྲ་ལྦ་རྟི་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ་སེམས་ཅན་རྣམས་ལ་ཁམས་གསུམ་ལས་གྲོལ་བའི་ཡེ་ཤེས་སྩོལ་བས་གཙུག་ཏོར་ཏེ་འཁོར་ལོས་སྒྱུར་བའི་སྒྲ་བཤད་མི་སྣང་ངོ་། །སུཾ་བྷ་རཱ་ཛ་ནི་གནོད་མཛེས་ཏེ་སུཾ་བྷ་ཞེས་འདུལ་བའམ་གནོད་པ་དང་རཱ་ཛ་རྒྱལ་པོ་དང་མཛེས་པ་སོགས་ལ་འཇུག་པ་ཡིན་ལ། ཕྱོགས་བཅུའི་བགེགས་བཀུག་ནས་ཕུར་བུས་འདེབས་པར་བྱེད་པའི་དོན་གྱིས་སོ། །

མདུན་ཐང་ནས་གྲོགས་ཤིག་ལ་བསྒུགས་པ།

གྲང་རེག་ངར་མས་མདུན་ནས་སྡུག་རྩུབ་སྟོན། །
སུན་སྣང་ཞིག་གིས་ཁོང་ནས་རྣམ་འགྱུར་སྟོན། །
མི་ཚོགས་འུར་ཟིང་ཆེ་བའི་མདུན་ཐང་ནས། །
ཅི་ཡི་ཕྱིར་དུ་ང་ཉིད་ཁེར་རྐྱང་ཡིན། །

སྨུག་སྤྲིན་ཞིག་གིས་ཉི་འོད་བཟུང་ནས་འདུག །
རྒྱ་ཕིབས་འོག་ནས་བྱ་ཁྱུས་འཁུན་སྒྲ་ཚོར། །
ང་ཡི་སྣང་བ་བསླུ་བའི་མདུན་ས་ནས། །
གཅིག་པུར་འགྲེང་བའི་ལས་དབང་སུ་ཡིས་བྱས། །

བསེར་བུ་སྐྱ་མོས་རྒྱབ་ནས་ལྡིང་སྐོར་བྱེད། །
དགའ་སྐྱོ་འདྲེས་མའི་སྣང་བ་ཐན་ཐུན་ལྡང་། །
སེམས་གཤིས་གཉོམ་པོ་ཞིག་གི་རྣམ་འགྱུར་བཅས། །
ཁྲོམ་ཆེན་མི་ཚོགས་འདི་ལ་སུན་སྣང་སྐྱེ། །

གདོང་ལ་བཅས་བཅོས་མང་པའི་ན་ཆུང་དག །
མངོན་དང་གབ་པའི་རྣམ་འགྱུར་འདྲ་མིན་གྱིས། །
ཤབ་ཤུབ་ཚིག་གི་ལྐོག་གཏམ་སྨྲ་བཞིན་དུ། །
ང་ལ་ཁྲེལ་དགོད་བྱེད་པའི་རྫུ་བག་སྟོན། །

རྡུལ་དང་འདྲེས་པའི་རླུང་བུ་བན་མ་བུན། །
མདུན་དང་རྒྱབ་ནས་འཚུབ་པའི་ངང་ཚུལ་གྱིས། །
མིག་གི་མེ་ཏོག་འཛུམ་པའི་འོད་མདངས་ལས། །
དོན་མེད་མཆི་མ་སློང་དོན་ཅི་ཡི་ལན། །

འགྲོ་བར་བསམས་ཚེ་གྲོགས་ཀྱི་བརྩེ་བ་དྲན། །
སྒུག་ནས་བསྡད་ཚེ་ཚོར་བ་གཉོམ་པོ་ཞིག །
ཁོང་ནས་ལྡང་ཞིང་ཕྱི་རུ་མངོན་ཡོང་བས། །
མདུན་ནས་འཐེན་ཞིང་རྒྱབ་ནས་དེད་པ་འདྲ། །

ཆུ་སྟག་ལོའི་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན། ཡེ་ལོ་2022•11•22

དུས་སྐབས་འདིར།
ཁྱེད་ནི་ང་ལ་མཁོ་བའི་མར་མེ་རྐང་གཅིག་དེ་ཡིན་ཞིང་།
ཁྱེད་ཀྱིས་ངའི་སུན་སྣང་གི་མུན་པ་དེ་ཡོངས་སུ་སེལ་ཐུབ།
དུས་སྐབས་འདིར།
ཁྱེད་ནི་ང་ལ་མཁོ་བའི་ལྡེ་མིག་ཆུང་ཆུང་དེ་ཡིན་ཞིང་།
ཁྱེད་ཀྱིས་ངའི་ཁེར་རྐྱང་གི་སྒོ་མོ་དེ་གཞི་ནས་འབྱེད་ཐུབ།


发布     👍 0 举报 写留言 🖊   
✋热门推荐
  • 为什么这个国家不欢迎中国游客,我们还特别喜欢去?
  • 全市乡村振兴战略规划编制推进会召开
  • 一批新规10月起实施,和丰县的你我密切相关,别说我没告诉你!
  • 交警收中华烟视频曝光,1人被停职2人被辞退
  • 私吞公款偿还赌债 男子撞破头演“苦肉计”
  • 驾车碾压妻子逃跑,警方:嫌疑人已被控制
  • 邓莎购物竟被当贼,怒将衣服甩对方脸上,网友:店员偷偷塞进去的
  • 《子弹短信》遭App Store下架?官方回应正在上架审核
  • 京山“9.28”双尸案告破!犯罪嫌疑人被抓获
  • 日本军服游街被拘 事发赣榆革命老区 影响恶劣
  • 【关注】全国百强县榜单发布,延吉市获四项称号!
  • 中国锦鲤信小呆真人现身!!!
  • 【中国】女婿擅自拧开电梯门岳父踏空坠亡,当事人:开电梯门是想检查
  • 斗鱼直播平台要凉?APP被全网下架;杨大爷删除专场微博,疑似和解?
  • 【关注】91岁老人郝月连去世,她用余生75年也没能等来一句道歉!
  • 不交手机,父母折寿1年!这手机惹的祸啥时候才能到头?
  • 【意·关注】意大利拒收难民被指"没人性"! 但当局认为"这次咱们赢了"
  • 斯帕尔vs国际米兰复盘:B罗不在的第一场,想他
  • 最新!达州人行道塌陷,吞了4人!救出的2人已死亡!还有一对爷孙未找到……
  • 热点丨治理网络食品谣言难在何处