ཀ་དག་གདོད་མ་ཆོས་སྐུ་ཡི་ཞིང་ན།།
ཁ་དོག་མཚན་མར་མ་གྲུབ།།
ག་ལེ་ཡེ་བབས་རིག་རྩལ་དེ་རྫོགས།།
ང་བདག་གཟུང་འཛིན་བྲལ་བ་དེ་ཆོས་སྐུ།།

ཅ་ཅོའི་ཚིག་ལ་མ་བརྟེན་པའི་མན་ངག།
ཆ་ལུགས་ལས་བཞི་རབ་འབྱམས།།
ཇ་ཆང་དགའ་སྟོན་ཚོགས་འཁོར་གྱི་ལམ།།
ཉ་རྒྱས་ཟླ་བཞིན་ཡོན་ཏན་དེ་ཀུན་རྫོགས།།

ཏ་ཐཱ་ག་ཏཱ་བུདྡྷ་ཡི་དགོངས་པ།།
ཐ་མལ་མ་བཅོས་རང་བྱུང་།།
ད་ལྟའི་རིག་པ་སལ་ལེ་དེ་ཧྲིག་གེ།
ན་གཞོན་དུས་སུ་ཉམས་སྐྱོང་གི་ངོ་མཚར།།

པ་ཏྲ་ལྟ་བུའི་ཀུན་རྟོག་གི་སྣང་བ།།
ཕ་རྒན་ཀུན་བཟང་དགོངས་ཀློང་།།
བ་མོར་ཉི་ཟེར་ཕོག་བཞིན་དུ་གྲོལ་ནས།།
མ་རྒན་འགྲོ་དྲུག་ཕྱམ་གཅིག་དུ་གྲོལ་ཤོག།

ཙ་རི་ཏྲ་སོགས་རི་ཁྲོད་ཀུན་འགྲིམས་ནས།།
ཚ་གྲང་དཀའ་སྤྱོད་མཛད་ཚེ།།
ཛ་ཧཱུཾ་བཾ་ཧོ་ཚད་མེད་དེ་བཞི།།
ཝ་ལེར་གྱི་ལེར་འཁོར་འདས་ཀུན་འུབ་ཆུབ།།

ཞྭ་ལྟར་མཆོག་གསུམ་སྐུ་གསུམ་གྱི་ངོ་བོ།།
ཟ་ཉལ་འགྲོ་འདུག་སྤྱོད་ཚེ།།
འ་འུར་ཀུན་རྟོག་ཉེར་ལེན་དེ་ཞི།།
ཡ་ནམ་རིམ་དགུའི་དགོངས་པ་དེ་སྐྱོངས་ཤོག།

ར་བ་སྟོང་གསུམ་གདུལ་བྱ་ཡི་འགྲོ་བ།།
ལ་ལུང་རིས་མེད་སྐྱོང་ཚེ།།
ཤ་ཟ་སྲིན་པོ་ཉམས་པ་ཀུན་བསྒྲལ་བའི།།
ས་གཞི་ལྟ་བུའི་ཐུགས་བསྐྱེད་ཀྱི་དམ་བཅའ།།

ཧ་ཅང་མི་སྒྲིམ་ཧ་ཅང་གིས་མི་ལྷོད།།
ཨ་ཏི་རྫོགས་ཆེན་དགོངས་པ།།
སྐད་ཅིག་བླ་མའི་དྲིན་གྱིས་རེ་རྟོགས་ནས།།
འཁོར་བ་དོང་སྤྲུག་འཕོ་ཆེན་དེ་འགྲུབ་ཤོག།

ཉི་ཧོང་ཚང་གིས་མ་བསམ་ས་ནས་སྐད་གྲགས་བཞག་སོང་། ང་ཚོ་དང་གཟུགས་བྱད་འདྲ་བ་དང་ཁོ་ཚང་ལ་རེ་བཞག་ཆེ་བས་ལོས་ཡིན་ཏེ། ཉི་ཧོང་ཚང་རྒྱལ་ན། དམིགས་བསལ་གྱི་སྐྱིད་སྣང་འདྲ་ཞིག་རྒྱས་ཡོང་། འཇར་མན་གྱི་ལྟད་མོ་བ་ཆ་གའི་ངོ་ཤོར་འདུག དེ་ཡང་ཅི་ཁག་སྟེ། ཉིན་ཧོང་གི་ལག་ནས་ཕམ་འགྲོ་བ་ཞིག་རྨི་ལམ་དུ་ཡང་རྨིས་མེད་ཚོད་རེད། ད་དུང་ཁོ་ཚོའི་སྐར་མ་གཅིག་པོ་དེ་ཡང་། སྒྲིག་འགལ་གྱིས་གནང་བ་ལས། ཁོ་ཚོ་རང་སྟེང་གི་ནུས་འཇོན་གྱིས་མ་ཡིན་པ་དེས་ཀྱང་། ཁོ་ཚོར་མགོ་འཇོག་དཀའ་བའི་གནོད་ཤུགས་ཤིག་བྱིན་ཡོད་ལས་ཆེ། ཐོག་མའི་དུས་སུ་ཉི་ཧིང་བ་ཚོས་དཀའ་ལས་ཁག་ས་རེད་སྙམ་ལ། ཁོ་ཚོའི་ལུས་སྟོབས་དང་གཟུགས་གཞི་གང་གི་ཆ་ནས་ཀྱང་། འཇར་མན་ཚང་ལ་བསྡུར་ཐབས་མེད་པས། དོ་མཉམ་གྱི་སྐར་གྲངས་ཤིག་ལེན་ཐུབ་ན། གཟི་བརྗིད་དུ་སྒོམ་ཆོག་པར་བསམ་ཡོད། འོན་ཀྱང་འགྲན་སྐོར་རྗེས་མའི་ནང་དུ་ཁོ་ཚོས་སྔར་གྱི་ཐབས་ཇུས་ནི། རྦད་དེ་བརྗེས་ཚར་འདུག་པས། ཉི་ཧོང་ཚང་གི་མི་མངོན་པའི་ནུས་སྩལ་གཞན་ཞིག་ད་དུང་བསྐུངས་ནས་ཡོད་པ། གཞི་ནས་ཤེས་རྟོགས་བྱུང་། དེ་ཡང་འགྲན་ཡར་རྒྱུས་ལོན་བྱ་ཆེད་དམ་མཉམ་ཚོད་ལེན་ཆེད་དུ་ཡིན་འདུག་ན། རྐང་རྩལ་གྱི་འགྲན་བསྡུར་ནི། དོན་ལ་ཐབས་ཇུས་དང་བློ་རིག་གི་འགྲན་བསྡུར་ཞིག་ཡིན་པའི་གོ་བ་དེ་ཡང་གཞི་ནས་རྙེད། འགྲན་ཚོགས་འདིའི་ཆེས་ལྟ་རིན་ཡོད་པ་དང་། མཛེས་སྡུག་ཡོད་ས་དེ་ཡང་། རྐང་རྩལ་གྱི་ནུས་རྩལ་ཙམ་ལས་ཡོངས་སུ་བརྒལ་ཏེ། བློ་རིག་དང་ཐབས་ཇུས་འགྲན་པའི་ཚད་རིམ་ཞིག་ཏུ་སླེབས་ཐུབ་ཡོད་པ་དེ་རེད། དེ་ནི་དོན་ལ་རྒྱལ་ཁབ་སོ་སོའི་རྣམ་དཔྱོད་དང་ཤེས་རབ་ཀྱི་རྣོ་ངར་བརྡར་བའི་གོ་རིམ་ཞིག་ཀྱང་ཡིན་པར་ངེས།

ཨོ་རྒྱན་རིན་པོ་ཆེ་མཁྱེན་ནོ།དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། 以此所做善根为首的三世所积善根,愿令佛教昌盛,长久住世!
བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་པར་གྱུར་ཅིག །愿持教诸胜士长久住世,事业兴盛!
འཇིག་རྟེན་གྱི་ཁམས་སུ་ནད་མུག་འཁྲུགས་རྩོད་སོགས་དུས་ཀྱི་རྒུད་པ་ཞི་ཞིང་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག


愿世间诸疾病,饥荒及争斗等时节衰败悉皆平息,享受安乐圆满之吉祥!
བདག་དང་སྦྱིན་པའི་བདག་པོས་གཙོས་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡིག་ལྟུང་བྱང་ཞིང་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར་ཅིག


愿以我与施主为首一切有情,业,烦恼及罪悉皆清净,寿命、福报、财富、智慧及功德悉皆增长圆满!
སྲོག་ཆགས་ཀྱི་རིགས་འདི་དག་ཐམས་ཅད་གནས་སྐབས་འཆི་བའི་འཇིགས་པ་ལས་ཐར་ཏེ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་གྱུར་ཅིག


愿这些有情悉皆当前脱离死亡的恐惧、远离一切轮回与恶趣之苦、投生极乐世界!
ཀུན་བཟང་རྡོ་རྗེ་འཆང་ཆེན་མན་ཆད་ནས།
愿自普贤,金刚持,
དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་དུ།
直至大恩根本师,
འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ།
为利众生所发愿,
དེ་དག་ཐམས་ཅད་བདག་གཞན་འགྲུབ་པར་ཤོག །
于自他众皆成就!


发布     👍 0 举报 写留言 🖊   
✋热门推荐
  • 当他登基问鼎,她得到一瓶新皇赐的鹤顶红他封后之日,她被挑断手筋脚筋,身心俱毁新皇大赦天下,普天同庆,她被人剥皮拆骨血流而死她问东鹤,为什么要这么对我?他回:“只
  • 希望你一切都好,希望所有俗套的祝福语都在你身上灵验,希望你生日快乐但愿你的眼睛,只看的到笑容,但愿你流下每一滴泪都让人感动,但愿你以后每一个梦不会一场空。.陪贺
  • 商业活动的主体是“人 ”连接起每个环节的也是“人”一切商业模式、产品功能与服务体验的设计都必须遵循人性,只有深刻洞察人性并尽可能去满足人性需求的企业,才会有机会
  • ”从某种意义来看,世界的一切都是遇见,就有了雨,春遇见冬,就有了岁月,天遇见地有了永恒,人遇见人,有了生命我贪钱,大概是卑微到泥土里,只有他能给我一些安全感
  • 。。
  • 【枣庄市台儿庄区关于寻找新冠肺炎病例密切接触者的通告】截至3月28日24时,台儿庄区累计发现本土新冠肺炎确诊病例5例,经流行病学调查,基本情况和活动轨迹如下:病
  • 大多数人都是既不想承担风险,又想要高回报,所以会被那种0元带你暴富的项目骗了一次又一次减肥也一样,很多人都期待不花什么钱或几百块就能一下子把几十年攒的肥减没,并
  • 我来给大家推荐减脂好东西了,西红柿大家知道吧,热量真的是水果里最低最低的了,还可以让你夏天变白,减肥戒糖人士友好。如果不能空口吃番茄的姐妹,就可以考虑榨汁,我最
  • 掏饱无门槛红包:亰冬无门槛红包:温馨提示:(每人每天领一次)#数码产品推荐##好物分享#¥点击链接疯狂抢: TCL75英寸电视秒杀价:2999 75V6D 2
  • 大母零男主持小小游戏打得特别菜,而且还总是喜欢找借口推卸责任卖队友。大母零男主持小小游戏打得特别菜,而且还总是喜欢找借口推卸责任卖队友。
  • 蒋祖曼身上有着一种年轻人中少见的“义气感”如果说初恋时不懂事,爱情大过天,遇到了渣男,再找伴侣一定会吸取教训,找个舍得为自己付出的人,享受轻松、惬意的人生,但蒋
  • 当我在朱丹老师的使命课中看到了我喜欢的事、我的天赋、我的渴望、我的使命之间的联系,当我听到邱静老师说的“不知道为什么我们就降生在这个家庭,不是降生在隔壁邻居,也
  • 萨克拉门托市消防局在一条包括了火灾视频的推文中表示,当他们接到报警并赶到现场时,这辆特斯拉正停在一个拆车场内,尽管那里的工作人员曾一度将火焰扑灭,但它还是会不断
  • ☘︎︎‎有‎没有感觉每天起床特‎别‎乏力‎晚上‎睡眠又特别‎不好‎皮肤哪‎哪‎儿都‎开始松弛笑起来眼‎角小细纹‎越来越‎多嘴‎巴法令‎纹‎越来越深颈‎纹好像也增
  • 上師智慧遊戲身,廣大壇城尊稱讚,我等無明過失故,違亂諸過發露懺!清淨普賢供養雲,智慧壇城恆供養!
  • 铁孩儿虽然毫无伤损,想来也知道自己不受欢迎,一副不高兴的模样,就在那棍林棒雨和喝骂中,慢慢走了出去,望南门而出。刺史听说儿子房里出了妖怪,衣裳也顾不得穿好,慌忙
  • 一、死后复生之法古人认为,通过一定的修炼,人的真形便可出脱尸身而不死,并将这种不死的修炼方术称之为“尸解”。此乃杖解之全过程,在这一过程中,放有神符的竹杖就是学
  • 遇到困难多,运势不顺,尤其是在财运方面,会经常受到阻碍,总是会收入困难。1、激素水平身体的雄激素变化会影响皮脂腺的分泌,我们可以自己观察看看,在正值青春期、月经
  • 13210487690  不管您是经营单一美容项目、还是打造魅力女性的乐园,仅需携手“兰颜姿”就会吸引女性的眼球,牵住白领追寻美的脚步!  山东兰颜姿立足于美容
  • 环驾中国第27天,勇士们进入拉萨,抵达了 环驾中国梦之旅第二段的终点,并且在拉萨停留两日,感受拉萨满满的风情。219 318 丙察察,战新冠 叹美景 享美食,同