༈ ཨ་རིའི་གཉའ་ཆག་པའི་མི་རབས་ཀྱི་ཚབ་མཚོན་རྩོམ་པ་པོ་ཇག་ཁེ་རོ་ཨག་མཆོག་གི་སྒྲུང་རིང་གྲགས་ཅན་༼ལམ་ལ་༽ཞེས་པ་ཨ་རིའི་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་དགེ་རྒན་བགྲེས་པ་དགེ་འདུན་རབ་གསལ་ལགས་ཀྱིས་བོད་འགྱུར་གནང་འདུག ལོ་ཙཱ་བ་ཁོང་ནི་བོད་དུ་ཐ་སྙད་རིག་གནས་ཇི་ལྟར་སླེབས་ཚུལ་སྐོར་གྱི་དཔྱད་གླེང་ཕྱོགས་བསྡུས་རིག་པའི་ཁྱེའུ་དང་བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ་སོགས་ཀྱི་རྩོམ་པ་པོ་ཡིན། [咖啡] https://t.cn/z82B7Fq

#ཤེས་བྱ་གསོག་འཇོག# ༼མཐུན་པ་སྤུན་བཞི༽

གནའ་སྔ་མོ་སྔ་མོ་ཞིག་ལ། དཔའ་བློ་ཁོག་ཆེ་ཞིང་སྤྱང་གྲུང་ལྡན་པའི་བྱ་གོང་མ་སྲེག་ཅིག་ཡོད་ཅིང་། ཁོ་རང་ཡུལ་དང་ཁ་བྲལ་ནས་ལ་ལུང་མང་པོ་བརྒལ་བ་དང་། དཀའ་ངལ་ཁྲི་སྟོང་མང་པོ་ཁུར་དུ་བསད་དེ་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་ཤིང་ནྱ་གྲོ་དྷའི་ས་བོན་འཚོལ་བར་ཕྱིན། ས་བོན་དེ་རག་རྗེས་དགའ་བ་བསམ་གྱིས་མ་ཁྱབ་པ་བྱུང་སྟེ། འབྲས་བུ་འཁུར་ནས་རང་ཉིད་སྐྱེ་ས་དང་འཚར་སའི་ནགས་གླིང་པདྨའི་ཚལ་དུ་འདེབས་རྒྱུའི་འདུན་པ་བཅངས་ནས་ཡུལ་ལ་ལོག་ཡོང་བ་རེད། ནམ་མཁའ་སྔོ་ཞིང་དྭངས་བའི་ཞོགས་པ་ཞིག་ལ།ཁོ་ར་ཁོར་ཡུག་ཀུན་ཁུ་སུམ་མེར་གནས་པའི་སྐབས་སུ། བྱེའུ་སྲེག་པ་སྔ་མོ་ནས་ལངས་ཏེ་དགའ་བའི་གླུ་ལེན་བཞིན་ངོ་འཚར་འབུམ་གྱིས་ཕྱུག་པའི་ཤིང་ནྱ་གྲོ་དྷའི་ས་བོན་འདེབས་སར་འཕུར་ཡོང་། དེ་ཏག་ཏག་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱ་རྒྱུར་གོམས་པའི་རི་བོང་གིས་མཐོང་སྟེ།

བྱིའུ་གོང་མ་སྲེག་ལགས། གོ་ཐོས་ལ་ཁྱེད་རང་གིས་ས་ཆ་ཐག་རིང་པོ་རིང་པོ་ཞིག་ནས་ངོ་མཚར་ཅན་གྱི་ས་བོན་ཞིག་བསྣམས་འདུག་ཟེར་གྱིན་འདུག་པས། དེ་གང་རེད་ལགས།

བློ་རིག་བཀྲ་བའི་རི་བོང་ལགས། ས་བོན་འདི་བཏབ་ནས་ཡུན་རིང་མ་སོང་བར། ངོ་མཚར་ཅན་གྱི་བྱ་བ་ཞིག་ཐོན་རྒྱུ་རེད་ཅེས་བཤད།

ཡིན་ནའང་བྱིའུ་གོང་མ་སྲེག་གིས་ས་བོན་དེ་ཇི་ལྟར་འདེབས་དགོས་པ་མ་ཤེས་པར། རི་བོང་ལ་དྲིས་པས།རི་བོང་གིས་དེ་ད་ལས་སླ་པོ་རེད། ངས་ཁྱེད་རང་ལ་ཁུང་བུ་ཞིག་འདྲུ་རོགས་བྱེད་ཆོག དེའི་ནང་བླུགས་ན་ཆོག་ནི་རེད་ཅེས་བཤད་བཞིན་འབད་བརྩོན་ཆེན་པོས་ཁུང་བུ་དྲུས་པ་དང་། དེ་ནས་ཁོ་གཉིས་པོའི་ངོ་མཚར་ཅན་གྱི་འབྲས་བུ་དེ་ཁུང་བུའི་ནང་བླུགས་ཏེ་དེའི་ཐོག་ས་བཀབ་པ་རེད། དེ་ནས་བཟུང་། ཁོ་གཉིས་ཀྱིས་ཉིན་ལྟར་འགྱུག་ལྡོག་ཡོད་མིན་ལ་བལྟ་རུ་ཕྱིན། ཉིན་ཞིག མྱུ་གུ་འགའ་ཞིག་འབས་པ་དང་ཁོ་གཉིས་དགའ་ཐག་ཆོད་ནས་མྱུ་གུ་འབས་བྱུང་། མྱུ་གུ་འབས་བྱུང་ཞེས་འུར་བརྒྱབ། སྐབས་དེར་ཏག་ཏག་སྦྲེལ་ཕྲུག་གཅིག་ལམ་དེ་བརྒྱུད་ནས་འགྲོ་བ་དང་སྐབས་འཁེལ་ཏེ། གནས་ཚུལ་ཤེས་རྗེས་ཁོ་གཉིས་དང་མཉམ་དུ་མྱུ་གུར་ར་བ་བསྐོར་ནས་ལྟ་རྟོག་བྱས།

དེ་ནས་ཉིན་ཤས་སོང་རྗེས་མྱུ་གུ་ལས་ཡལ་ག་གསར་བ་འགའ་སྐྱེས་པ་དང་། མྱུ་གུ་དེ་ཡང་ཆེན་པོ་ཆགས།མྱུ་གུ་རིམ་བཞིན་སྐྱེ་འཚར་བྱུང་བ་དང་། སྲོག་ཆགས་ཆུང་ཆུང་ཚོས་ཆུ་འདྲེན་རྒྱུར་དཀའ་ངལ་འཕྲད་པ་དེ་གླང་ཆེན་གྱིས་མཐོང་ནས།ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས།ངས་ངའི་སྣ་ཁུར་རིང་པོ་འདིས་ཆུ་གཏོར་ན་འགྲིག་གི་རེད།

ཆུ་འདྲེན་རྒྱུའི་ལས་འགན་དེ་གླང་ཆེན་གྱིས་བླངས་པར་མ་ཟད་དགའ་པོ་བྱུང་། དེ་ལྟར་བགྲང་བྱ་མང་པོ་ཞིག་གི་ནང་། ཁོ་ཚོ་བཞི་པོས་ཉིན་ལྟར་མྱུ་གུ་ལ་གཅེས་སྐྱོང་ཡག་པོ་བྱས་ཐོག ཕན་ཚུན་རྒན་བཀུར་གཞོན་གཅེས་དང་། གཅིག་ཕན་གཅིག་རོགས་ཀྱིས་ཕུ་ནུ་ལྟར་གནས་ཞིང་། ཕན་ཚུན་འབྲལ་ཐབས་མེད་པའི་བརྩེ་སེམས་ཟབ་མོ་བཅངས་པར་སྲོག་ཆགས་གཞན་ཚོས་ཁོ་ཚོར་མཐུན་པ་སྤུན་བཞི་ཞེས་འབོད།

ཡུན་གྱིས་མྱུ་གུ་དེ་ཤིང་སྡོང་ཆེན་པོར་ཆགས་ཏེ། འབྲས་བུ་གཡུར་དུ་ཟ་བ་བྱུང་མོད། ཁོ་ཚོ་སུས་ཀྱང་མི་རྙོབ་པས། ད་ཇི་ལྟར་བྱས་ན་ལེགས་ཞེས་གྲོས་མོལ་མི་བྱེད་ཀ་མེད་བྱུང་སྐབས། སྤྱང་གྲུང་ལྡན་པའི་རི་བོང་གིས།

ང་ལ་འཐབ་ཇུས་ཞིག་ཡོད། གླང་ཆེན་གྱིས་སྤྲེལ་ཕྲུག་འཁུར། སྤྲེལ་ཕྲུག་གིས་ང་འཁུར། ངས་བྱིའུ་གོང་མ་སྲེག་འཁུར། དེ་ལྟར་བྱས་ནང་ཚོའི་ཤིང་སྡོང་གི་འབྲས་བུ་འཐོག་ཐུབ།

ཁོ་ཚོས་དེ་ལྟར་བྱས་ཏེ་འབྲས་བུ་འཐོག་མགོ་བརྩམས། ཤིང་ནྱ་གྲོ་དྷའི་ལྗོན་ཤིང་གི་འབྲས་བུ་ནི་སྤྱད་པས་མི་ཟད་པ་ནམ་མཁའི་མཛོད་ཀྱི་བང་མཛོད་ལྟར་ཡིན་པས། ཁོ་ཚོས་ཤིང་འབྲས་དེ་རྣམས་ནགས་ཚལ་དེར་ཡོད་པའི་སྲོག་ཆགས་གཞན་ཀུན་དང་མཉམ་སྤྱོད་བྱས་ནས། བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་རེད།

ང་ཚོ་འཇིག་རྟེན་འདི་ནས་གཏན་དུ་ཁ་བྲལ་ཉིན།
ང་ཚོ་ལ་ཡོད་ཚད་ཁྱེར་དབང་མེད་མོད།
འོན་ཀྱང་ང་ཚོ་ལ་ཁྱེར་དབང་ཡོད་པ་གཅིག་ཡོད།
དེ་ནི་དམ་པའི་༼ཆོས༽་རེད།
我们永远离开这个世间的时候
一切都我们不可以带
但是可以带一个
(法)


发布     👍 0 举报 写留言 🖊   
✋热门推荐
  • 1921年,北京千佛寺的“贫儿院”,闯进一个叫郝瓦徳的美国医生。他将孤儿们召集起来说:“我给大家看看,谁有病,带去大医院治疗!”孩子们做梦也没想到,他们竟被带去
  • 可是 每个人都是话说到嘴边让我憋住 真的很难受耶 我理解剧情想要表现作为女主的我也在对男主一直以来的感情作出回应。 但为啥一定要营造这种水到渠成的情景氛围,然后
  • 短歌行 唐李白 白日何短短,百年苦易满。 苍穹浩茫茫,万劫太极长。 麻姑垂两鬓,一半已成霜。 天公见玉女,大笑亿千场。 吾欲揽六龙,回车挂扶桑。 北斗酌美
  • #龚俊公益[超话]##每日一善##阳光信用# 来自翻过五千里的浪 还是在从前的城墙 所有历史退色后的黄 其实夕阳仍在我身上 来自流过五千岁的汗 还是传说中的城
  • 著名表演艺术家黄宗英逝世,享年95岁。12月14日,我国著名电影表演艺术家、作家、编剧黄宗英去世,享年95岁。今年年初,黄宗英还录制了视频给武汉加油。黄宗英出演
  • 【太阳三升】在中国云南,有一个叫做黎明的村子里, 村民可以在同一天看到3次日出日落。在寒冷冬天,太阳缓慢升起,直至把天空染成橘红色后,此时太阳就会下山,差不多2
  • #给你看看我的手帐吧# &#自言自语的日常# 假期的瞎贴贴。 除了胶带印章,我真的是囤了好多乱七八糟的包装与纸品,这个假期除了睡觉就在收拾和扔东西,汗! 书
  • #申友留学# 美国留学录取案例分享[好喜欢] 申友学员董同学,本科双非,GPA2.8+,成功收获美国#东北大学# #南卫理公会大学# #斯蒂文斯理工学院# 录
  • #井桁弘恵[超话]# 井桁弘恵のおしゃれチェック 2022年2月27日放送分 かっちりした肩の感じも可愛い❣️形も色味もいげちゃんにぴったりなセットアップでし
  • ゴジラ・ストアOsaka @GodzillaS_Osaka 【商品情報】 Gフォース M-51ジャケット(税込13,200円)は、「Gフォース」の支給品をイ
  • ✅居家隔离1/2 收到了宝贝们的投喂[亲亲] 真的每个都踩在我爱吃的点子上[好爱哦][好爱哦] 上学期期末一直张罗要吃的法式小面包 突然上头了的品客 一直很爱的
  • 殷枫离眼疾手快,急忙一把将她抱住,唐莘已经不敢再挣扎,殷枫离的心情此时从未有过的舒坦,脚步也轻快了许多,她走过庄后那条小道顺着道路连着的山麓几个飞跃扶摇直上,很
  • 过去的,别再遗憾;未来的,无须忧虑;现在的,加倍珍惜最好的生活就是:不嫉妒别人,不看轻自己,岁月静好,别来无恙生活只要真实、踏实,并且一直在变好,我们就应该知足
  • #李浚赫[超话]# Ace factory 210105 IG更新: ⠀ [ACE FACTORY NAVER POST OPEN] 다 가려도 잘생긴 연기대
  • 【#福建蕉城古建筑里古韵悠长# 琴筝齐鸣庆元宵】14日晚,福建宁德市蕉城区鹏程历史文化街区绣花楼里张灯结彩,“‘福’见蕉城·琴筝蕴绣”2022年元宵音乐会在这
  • 你的22岁感觉怎么样 期待吗会有我喔 我的小陈又长大了一岁 很可惜又没能一起过 新的一岁我们继续包容理解坦率真诚互相陪伴珍惜彼此 继续要一起努力共同完成我们的“
  • 【种菜不施肥 养鱼不换水 ——“鱼菜共生”模式打造生态高效农业新样板】种菜不施肥,养鱼不换水。在乌鲁木齐县水西沟镇大庙村,新引入的“鱼菜共生”模式让一池碧水循环
  • #留住这片绿色# [微笑]#蔚蓝地图# 夕阳最美时,也总是将近黄昏。 世上有很多事都是这样子的,尤其是一些特别辉煌美好的事。 所以你不必伤感,也不用惋惜,纵然
  • #每日一善# 生活虽然不易,但或许我们心怀善意,转换一个新的视角看问题,便能从困境中走出来,在那看似平凡的生活中找到快乐与温暖。有首歌词是这么说的:“就算这世界
  • 春暖花开,透过角色,我们与自己相遇。 | 上海・零基础戏剧工作坊 春暖花开,果陀剧场基础戏剧工作坊即将在四月开课了。这次课程安排在清明假期+周末。如果清明假期