བླ་མ་ངག་དབང་ཆོས་འཕེལ།

མཐོ་དམན་ཀུན་ལ་བློ་ཡིས་འཛིན་ཚུལ་གཅིག།
གཞན་ཕན་སེམས་ཀྱིས་ཐུགས་རྒྱུད་རབ་ཏུ་ཕྱུག།
གཞན་དོན་ཁུར་ཆེན་ཅི་ཙམ་ལྕི་ན་ཡང་།།
ངལ་བའི་རྣམ་པ་ཟུར་ཙམ་མི་མངའ་བ།།

དངོས་པོ་ཀུན་ལ་བརྐམ་ཆགས་ཡོངས་བྲལ་ནས།།
དངོས་ཀུན་མ་ལུས་ཀུན་ལ་སྦྱིན་གཏོང་མཁས།།
ཉིན་མཚན་ཀུན་ཏུ་བསྟན་པའི་བྱ་བ་ལ།།
གཅིག་ཏུ་གཞོལ་བའི་ཤཱཀྱའི་སྲས་པོ་མཆོག།

སྙིང་རྗེས་ཁྲོས་པའི་རང་ཞལ་མཐོང་ཙམ་གྱིས།།
མཆོག་དམན་ཀུན་གྱི་རྟོག་ངན་ཀུན་ཞི་ནས།།
ཡོད་ཚད་ཆོས་ལ་སྦྱོར་བར་རབ་ཏུ་མཁས།།
ཐབས་མཁས་ཐུགས་རྗེ་ཞུ་བ་ཁྱེད་ཉིད་ལགས།།

གསེར་ཁྲི་མཐོན་པོ་ཁྱེད་ལ་མི་མངའ་ཞིང་།།
མཚན་སྙན་ཀུན་ལ་འབྲུག་ལྟར་མ་གྲགས་ཀྱང་།།
ལུང་ཁུག་ཞིག་ཏུ་ཏིང་འཛིན་ཁོ་ན་ལ།།
ཡེངས་མེད་སྒོམ་པ་ཁྱེད་ཉིད་གཙུག་གི་རྒྱན།།

ཚེ་འདིར་ཁྱོད་ཞལ་མཇལ་བའི་ལས་བཟང་འདི།།
འཇིག་རྟེན་མཁོ་དགུ་ཐོབ་པ་ལས་ཀྱང་ལྷག།
ད་དུང་སྒྱུ་མའི་ལུས་འདི་མ་འཇིག་བར།།
ཁྱེད་ཉིད་ཁོ་ན་ཡིད་ལ་སྒོམ་སྙིང་འདོད།།

སྲིད་པའི་གྲོང་དུ་ཇི་ཙམ་འཁོར་ན་ཡང་།།
རྟེན་ནི་ཇི་ལྟར་ལོན་པར་གྱུར་ན་འང་།།
ཁྱེད་ཀྱི་ལུས་དང་གྲིབ་མ་ཡོད་པའི་གནས།།
བདག་ཀྱང་དེ་ཡི་ཕྱོགས་སུ་སྐྱེ་བར་སྨོན།།

༼ ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་བརྒྱུད་པའི་མི་རིགས་གང་ཞིག་ལ་མཚོན་ནའང་ཤེས་རིག་གི་འབྱུང་ཁུངས་ཞེས་པ་ནི་སྣ་མང་རྙོག་འཛིང་ཅན་ཞིག་ཏུ་མངའ་བ་ལས་ཁེར་ཚུགས་ཀྱི་ངོ་བོར་གྲུབ་ཅིང་གང་ལའང་འབྲེལ་འདྲིས་བྱུང་མེད་པའི་ཤེས་རིག་ཅིག་གཞར་ཡང་རྙེད་དུ་མེད། དེའི་ཕྱིར། མི་རིགས་ཤིག་གི་ཤེས་རིག་གི་འབྱུང་ཁུངས་འཚོལ་བ་ལ་བཞེད་ཚུལ་སྣ་མང་དང་ཁུངས་སྣེ་འདྲ་མིན་འབྱུང་སྲིད་པ་ནི་ཆོས་ཉིད་ཅིག་རེད། དེས་ན་བསམ་བློ་གུ་ཡངས་པོ་དང་བློ་ཁོག་རྒྱ་ཆེན་པོའི་ངང་ནས་གནད་དོན་འདི་དག་ལ་ཞིབ་འཇུག་དང་བགྲོ་གླེང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྙམ་མོ། །༽

不管是哪个民族,在历史的长河中其文明的来源都是多元、开放而非唯一和封闭性的,因此在探源一个民族的文明起源问题时,一定要充分考虑到这种文明与其他周边各种文明之间的互动交流的历史,同时也要看到这个民族文明的多源多元特点。

2022/11/28

སྔོན་དུ་འགྲོ་བའི་གཏམ།

དཀར་ཟས་ནི་འགྲོ་བ་མིའི་རིགས་ཀྱི་བཟའ་བཏུང་རིག་གནས་ཁྲོད་དུ་ངོ་མཚར་བའི་དགེ་མཚན་རྨད་དུ་བྱུང་བ་དང་ལྡན་པ་ཞིག་ཏུ་སྣང་སྟེ། ཉམ་ཆུང་གི་སེམས་ཅན་གྲངས་མེད་པ་ཞིག་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་ལས་ཐར་ནས་ཚེ་སྲོག་ལ་རང་དབང་གི་བདེ་བས་ཁྱབ་པར་བྱེད་པ་དང་། འཚེ་མེད་ཞི་བའི་ལམ་ལ་ཡོངས་སུ་བསྐྱོད་པའི་འཛམ་གླིང་གི་གང་ཟག་དུང་ཕྱུར་དུ་མ་དང་། ཁྱད་པར་དུ་དེང་རབས་ཀྱི་ན་གཞོན་ཐེར་འབུམ་མང་པོས་དགའ་བའི་ཡིད་ཀྱིས་བསྟེན་པར་བྱ་བ། སུ་དང་གང་གིས་བསྟེན་པ་དེའི་ལུས་དང་སེམས་ལ་ནད་མེད་ཅིང་བདེ་སྐྱིད་ཀྱི་ཚོར་བ་སྐྲུན་པ། གནམ་ས་རྒྱ་མཚོ་དང་བཅས་པའི་ཁོར་ཡུག་ལ་དྭངས་གཙང་གི་བདུད་རྩི་སྟེར་བར་བྱེད་པ་ཞིག་སྟེ། དེའི་ཕྱིར་སྐྱེ་བོ་ཡོངས་ཀྱི་ཁྱུ་མཆོག་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དང་། འཛམ་གླིང་ཤར་ནུབ་གཉིས་ཀའི་གནའ་དེང་གི་དམ་པའི་སྐྱེས་བུ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བར་མཛད་དོ། །

རང་རེ་བོད་གངས་ཅན་གྱི་ཡུལ་དུ་སྔོན་གྱི་དུས་སུ་དཀར་ཟས་རིང་ལུགས་པའི་སྐྱེས་བུ་དམ་པ་དང་། དཀར་ཟས་རིང་ལུགས་པའི་དགོན་པ་སོགས་མང་པོ་ཞིག་བྱུང་མོད། འོན་ཀྱང་དེས་སྐྱ་སེར་གཉིས་ཀའི་གྲངས་ཀ་ལས་ཉུང་ཙམ་མ་གཏོགས་ཟིན་ཐུབ་མེད། དེའི་རྒྱུ་རྐྱེན་གྱི་གཙོ་བོ་ནི། བོད་ཀྱི་ས་ཁུལ་མང་པོ་ཞིག་ན་སྔོ་ཚལ་དང་ཤིང་ཐོག་སོགས་འབོལ་པོ་མེད་པའི་ཁོར་ཡུག་གི་ཆ་རྐྱེན་གྱི་དབང་གིས་ཡིན་པར་འདུག །འོན་ཀྱང་ད་ལྟ་ཁོར་ཡུག་གི་ཆ་རྐྱེན་ལ་འགྱུར་བ་བྱུང་བའི་དབང་གིས་དཀར་ཟས་པའང་ཇེ་བས་ཇེ་མང་དུ་འགྲོ་བཞིན་ཡོད་དོ། །

དེ་ལ་བདེ་ཐང་དང་ལྡན་པའི་དཀར་ཟས་ཤིག་བསྟེན་དགོས་ན། དེའི་བསྟེན་ཚུལ་ལེགས་པོ་ཤེས་པ་གལ་ཆེ་བས། ད་ལམ་འདིར་ང་ཚོ་ཀུན་ཕན་སྒྲ་སྒྱུར་གླིང་གི་ལོ་ཙཱ་བས་དཀར་ཟས་བསྟེན་ཚུལ་གྱི་གཞུང་འདི་བོད་ཡིག་ཏུ་བསྒྱུར་ནས་ཀུན་གྱི་སྤྱན་ལམ་དུ་ཕུལ་བ་ཡིན་པས་དོ་སྣང་ཡོད་པར་ཞུའོ། །

དཀར་ཟས་རིང་ལུགས་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་རབ་གནས་ཆུ་སྟག་ལོའི་བོད་ཟླ་༥པའི་ཚེས་༡༦ལའོ། ། https://t.cn/R2Wx1UH


发布     👍 0 举报 写留言 🖊   
✋热门推荐
  • 昨天大晴天,暖洋洋,就想起和大家在学校,一起去吃“叶婆婆钵钵鸡”或“一叶一世界”的感觉;读《从百草园到三味书屋》就隐约想起小学新学期开始,小心翼翼包书皮,仔细抄
  • ≪You found the beauty of your own heart from my happiness≫ B
  • 印光法师文钞》:“须知观音与我世界有大因缘,乃于无量劫前久已成佛,号正法明,但以慈悲心重,不离寂光,垂形九界,以行救济耳,况示迹为阿弥陀佛法王子,如民众欲求皇帝
  • 【假日无休 ,守护安全只为林草青青】清明节假期,红山区城郊林场的护林员们放弃休假,全天值守,筑牢一道道森林“防火墙”;他们的辛苦感动了爱心企业,连续3天为他们送
  • 你是这白开水一般的日子里,偷偷加的一颗糖我的酒量大概就是一打啤酒或者半斤白酒,再或者是你的四两微笑为什么喜欢你我也不知道,可能你笑起来的时候眼睛像是进了钻石,偏
  • 最终,与萨马拉苏维埃之翼 ⚪ 的比赛结果非常出色,而这一战术也直接帮助德雷尔取得了进球,在迫使对方门将伊万·洛马耶夫出现传球失误的比赛片段中,球队收获了一个很理
  • 他说,四方金矿的丰硕成果来源于省市县镇各级党委、政府的亲切关怀,来源于陕西有色金属集团、陕西黄金集团的正确领导,来源于各位股东的精心呵护和鼎力支持,更来源于四方
  • 小本本请记好:国 潮系 列还有很多好看又好用的产 品喏~get起来吧~#爆辣麻酱粉节子有多绝#这个配方可以直接原地开店了吧这个麻辣拌我每个礼拜要吃三次以上~和我
  • 靳东又一部新剧开播了。 都市职场情感剧 《林深见鹿》 。 开播前,我看到很多观众反馈,我对靳东新剧不感兴趣。我觉得这部剧和他之前主演的《如果岁月可回
  • 方解:干姜守而不走,附子走而不守,使阳气健于中达于外,药简效捷,为单刀直入的简捷小方。体质虚的人,感冒治错了,会产生13种虚证(一)下后复汗——里虚表不和致冒原
  • 就是在这个沟通里,哪些是当下、马上就可以做的行动。第一,挣钱的方式不止用时间换钱这一种,财富也从来不是耗出来的第二,选择大于努力,选对了,人生就此走上快车道第三
  • 强调是在毕业典礼的“那一天”因为这句话,才有后面女主回到1999年,去见男主一面的情节。这句话暗示桂纶镁不是1999年的人,这个不难理解,但是难得的“导演周杰伦
  • 东风日产宣布,全系车型购置税全免,限时送全险;全系车型推出缓供贷金融产品,前3个月无需偿还本金;针对受疫情影响较严重地区的个人贷款客户,可致电东风日产金融公司4
  • 适合公布恋情发的李现朋友圈文案合辑「一下甜甜的李现手机全屏高清无水印电脑桌面拼贴拼接壁纸恋爱很快就能轮到你啦」1、我们总是喜欢拿顺其自然 来敷衍人生道路上的荆刺
  • 又不是什么、什么的,要像它们看齐以后请你们生吃饭菜吧[doge][doge][doge]PS:瞧瞧我俊身后那些代言,品牌霸霸们太宠俊俊了#龚俊# 晚安么么哒20
  • ”魏鹏志说,其实很多坚守在防控一线的同志们也都和他一样,面对疫情,从春节至今未休息,感觉到的不是疲惫,而是心疼那些被病毒感染的同胞们。每当这时他都会鼓励妻子,咱
  • 最终到2017年,我父亲找了一个机会来到西昌,两位老人从世纪神交实现了双手紧握——斯年,这位我父亲念念不忘的“铭大哥”已是87岁的高龄。当年抗美援朝的志愿军战士
  • 露肩喇叭袖定团123,无定团138,这款跟某家179质地一样,面料为棉,这两款做工费都不便宜,我力所能及给你们最低价,喇叭袖长我后面加长了,好看许多,大货衣长
  • “恶果”就是今天早起又被他堵了被窝[哈哈]一起去颐和园溜达,从北如意门入,走西堤,南如意门出,一路陪我看花,给我讲解水中各种禽类,今天遇见的多是鸳鸯,凤头PT,
  • 诊之,其脉尺部无根,寸部摇摇有将脱之势,因其自谓病愈,若遽悚以危语,彼必不信,姑以脉象平和答之。服药后喘稍愈,再诊其脉微弱益甚,遂急用净萸肉一两,生龙骨、生牡蛎