བཀའ་དྲིན་ཅན་གྱི་དགེ་བའི་གཤེས་གཉེན་ཆེན་པོ་གུང་འབར་ཆེ་ཚང་རིན་པོ་ཆེ་མཆོག་དང་། རང་གི་རྩ་བའི་བླ་མར་མཁལ་མ་འབུལ་མཁན་གཏོང་ཕོད་ཅན་གྱི་བུད་མེད་ཁྱོད་ཀྱི་བསམ་དོན་ལྟར་༧རིན་པོ་ཆེ་སྐུ་ཡི་སྙུང་གཞི་ལས་མྱུར་དུ་ཐར་ཏེ་བསྟན་པ་དང་འགྲོ་བའི་དོན་དུ་མཛད་པ་འཕྲིན་ལས་ཕྱོགས་ཀུན་རྒྱས་པའི་སྨོན་ལམ་དང་། གཏོང་ཕོད་ཅན་གྱི་བུད་མེད་བསོད་ལྡན་ཁྱོད་ཀྱི་མི་ཚེར་བྱ་བ་ལམ་འགྲོ་དང་ཅི་བསམ་དོན་ཐམས་ཅད་ཇི་བཞིན་འགྲུབ་པའི་སྨོན་པ་མ་ཟད། ཁྱོད་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་བླ་མེད་དུ་ཆེ་ཞུ།

ང་ཚོས་ཕྱོགས་གཞན་ལ་བྱམས་སྙིང་རྗེ་དང་། ཤ་ཚའི་བསམ་བློ་བཏང་ན། འདི་ནི་བདེ་བའི་འབྱུང་གནས་ངོ་མ་ཡིན། བྱམས་སྙིང་རྗེའི་བསམ་བློ་ཡོད་ན། རང་ཉིད་གནས་ཡུལ་མི་བདེ་བ་ཞིག་ལ་བསྡད་ཀྱང་། ཕྱིའི་གནས་སྟངས་ཀྱིས་གནོད་མི་ཐུབ། རང་ལ་ཞེ་སྡང་གི་བསམ་བློ་ཡོད་ན། གནས་ཡུལ་མཐུན་རྐྱེན་བཟང་པོ་ཞིག་ཡོད་ཀྱང་། སྐྱིད་པོ་ཡོང་མི་ཐུབ། ང་རང་ཚོ་ཚང་མ་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་དངོས་གནས་འདོད་ཀྱི་ཡོད་ན། དེ་ཐོབ་པའི་ཐབ་ལམ་མ་ནོར་བ་ཞིག་ལ་བསླབ་དགོས་པ་ཡིན། བསམ་བློ་གཏོང་ཕྱོགས་འདི་ནི། སྤྱིར་ཆོས་ལུགས་དང་། ཡང་དགོས་ནང་ཆོས་ཀྱི་ལྟ་ཚུལ་གཅིག་པུ་ཐོག་ནས་བཤད་པ་མ་ཡིན་པར་སྤྱི་ཡོངས་ཀྱི་ལྟ་ཚུལ་ཡིན། ཞེས་གསུངས་སོ། །

༼རི་གསེབ་ཀྱི་མཐོང་ཐོས༽
࿑དེ་རིང་རྒོད་ཀྱི་ཁྱུ་ཚོགས་ཤིག་བར་སྣང་དུ་ལྡིང་སྐོར་རྒྱག་གིན་འདུག
གནའ་མི་དག་གི་ངག་རྒྱུན་ལ་དེ་ཚོ་ནི་སྤྱིར་བཏང་གི་བྱ་རྒོད་ཙམ་མ་ཡིན་པར་མཁའ་འགྲོ་མ་དག་གི་སྤྲུལ་བ་ཡིན་པར་བཤད།

དོན་དངོས་དེ་འདྲ་ཞིག་ཡིན་ནམ་ང་ཚོས་རང་ཉིད་ཀྱི་སྙིང་ཉེ་བའི་མི་དག་གི་ལུས་ཕུང་ལྷག་མེད་དུ་དེ་ཚོས་ཁ་ཟས་སུ་བརྟེན་པ་མ་བཟོད་པར་རང་ཉིད་ལ་སེམས་གསོ་བྱེད་སྟངས་ཤིག་རེད།
གང་ཡིན་ཆ་མ་འཚལ་ཡང་དེ་ཚོ་ནི་ཧ་ཅང་ཤ་ལ་རྔམ་ཞིང་ལྷག་ཏུ་མི་ཤ་ཟས་སུ་བརྟེན་རྒྱུར་ལྷན་སྐྱེས་སུ་དགའ་བོ་ཆགས་འདུག

དུར་ཁྲོད་དུ་མི་རོ་ཞིག་བོར་བའི་ཚེ་ན།

དེ་ཚོ་ནི་གང་ནས་ཐོན་པ་མ་ཤེས་པར་ལེ་དབར་ཁྲི་ཕྲག་གི་ལམ་ཐག་སྒྲོ་གཤོག་གིས་བཅད་དེ་སྐད་ཅིག་ཉིད་ལ་སླེབས་ཡོང་།
མི་རྣམས་ཀྱིས་དེ་ཚོ་ལ་མངོན་ཤེས་ཡོད་པར་བཤད།

མངོན་ཤེས་ཡིན་པར་མི་ཤེས་ཀྱང་ལས་ཀྱི་སྟོབས་ཀྱིས་ཤེས་བྱེད་ཅིག་ཡོད་པར་སྙམ། དེ་འདྲ་མིན་ན་རེ་ཟུང་སྟེས་དབང་གིས་ཕྲད་དུ་ཆུགས་ཀྱང་ནམ་རྒྱུན་དེ་འདྲའི་སྟེས་དབང་ཡོད་མི་སྲིད། བྱ་རྒོད་དག་ཤ་ལ་རོལ་སྐབས་སྒྲིག་ལམ་ནི་ཅུང་འཐུས་སྒོ་ཚང་བ་ཞིག་ཀྱང་ཡོད། ཁོ་ཚོ་ནི་ཧ་ཅང་མི་ཤར་རྔམ་སྟངས་ལ་བལྟས་ན་མི་རོ་ཧྲིལ་བོ་ཞིག་གིས་བྱ་རྒོད་བཅུ་གྲངས་ཤིག་གི་ལྟོ་བ་ལས་མི་འགྲང་བ་འདྲ། ཡིན་ན་ཡང་ཉིན་འགའི་སྔོན་དང་དེ་རིང་ལ་བལྟས་ན་ཕལ་ཆེར་བྱ་རྒོད་བརྒྱ་ཕྲག་ཅིག་ཡོད་པར་སྙམ།

ཁོ་ཚོས་ཡང་ནས་ཡང་དུ་བར་སྣང་ནས་ལྡིང་སྐོར་རྒྱག་པ་དང་རེས་འགའ་འགྱིང་ཉམས་ཀྱིས་རི་ངོས་སུའང་བབས་ཡོད་འདུག
ཁོ་ཚོས་མི་རྣམས་ལ་མཁའ་དབྱིངས་ནས་འཕུར་རྩལ་ངོམ་པ་རེད་དམ་ཡང་ན་ད་དུང་ཅི་ཞིག་གིས་ཡིད་མ་ཚིམས་པ་ལྟ་བུའི་འགྱིང་ཉམས་དེས།
ཁོ་ཚོར་མངོན་ཤེས་ཡོད་པས་ད་དུང་མི་བུ་རེ་ཟུང་གི་ལུས་པོ་དུར་ཁྲོད་དུ་སྐྱེལ་དགོས་ཚུལ་བསྟན་པ་རེད།

གང་ལྟར་ནམ་ཞིག་གི་ཚེ་བདག་ཀྱང་ཁོ་ཚོའི་ཁ་ཟས་སུ་འགྱུར་འགྲོ་བར་བསམ་ན་བདག་ནི་བྱ་རྒོད་ཀྱི་ཁྱུ་ཚོགས་དེ་ལ་ཅུང་ཟད་འཇིགས་སྣང་ཞིག་ཀྱང་སྐྱེས་སོང་། ༢༠༢༢\ ༡༡\ ༥\ ཉིན་རྨ་པྲཛྙཱ་ནས།


发布     👍 0 举报 写留言 🖊   
✋热门推荐
  • #MIRRORweare[超话]##mirrorweare# 【MIRROR SummerFest Announcement】关于一些线下周边Pop-up St
  • !!
  • #羊羊录取分享# 新offer+1#南安普顿大学# MA Film and Cultural Management 电影与文化管理专业申请季的第n个off
  • 我一直以为我们是好朋友,直到他和我说互删,不对双方今后的感情生活造成困扰的时候我才发现我的生活中到处都是他的身影,每天和他聊天是我一天中最放松的时候,现在我也不
  • ⛰️图1-3:锡安国家公园,犹他州️图4-6:圆顶礁国家公园,犹他州️图7-9:布莱斯峡谷国家公园,犹他州浪漫这一块 谁比我懂[舔屏]我和我大哥悄悄给张文平买了
  • ”  两人走后随即就有一把火被扔了进来,林落翎没有闭眼而是双目通红重生古言甜宠文复仇打脸女主vs装傻偏执忠犬男主—重生世子妃:傻子夫君把我娇养了— 林落翎云隐前
  • 本土确诊病例情况:1-6:安康市报告,其中2例为省外集中隔离发现、2例为省外输入非闭环管理重点人员筛查发现、1例为社区筛查发现、1例为集中隔离发现。本土无症状感
  • 可以说是本人心目中大学校园文top了,太喜欢陈逸了看的时候脑内有画面,一个大帅哥哄老婆,温温柔柔叫她宝宝他叫她宝宝的时候本人旋转跳跃嗑昏头若琳有自己的骄傲,也很
  • #钟辰乐[超话]#我们拥有世界上最可爱的猫咪纹的小,非常有责任心且真诚对待每一个人的大头公主的爸爸,乐乐王国的国王,钟辰乐小朋友。全世界最最可爱的乐乐[抱一抱]
  • 但是我操作失误,白打了呜呜呜 然后我们又重打了一次 一起看了星之卡比的结尾音乐这个版本的星之卡比结束呐~真的好可爱好好玩啊纪念一下兰花,书籍,音乐,清茶,还有散
  • 我终于坐在舒服的床上了~回想这一上午 刺激刺激又刺激碎碎念 是为了纪念我着平凡又不平凡的成马-其实成马很早以前就宣布举办 但是疫情原因各种延期 甚至之前报名了也
  • #天津高速公路路况早知道#2022-11-21 08:00,目前,因车流量大,G0211津石高速蔡公庄收费站出口,S51宁静高速空港经济区收费站(宁河方向)出口
  • #亿点曝光计划##潮流生活##新星v计划# 清晨,坐在海滩上,就这样静静地望着大海,什么都不做,什么都不想,让自己的心灵沉淀,升华,进入冥想的状态。关于晴天小罗
  • 没想到的是在4.1后没有几天理想后台又推送了4.4.1升华版,这次主要是针对4.1新增的咪咕视频做了一个专门的优化,三联同屏同样支持咪咕,这样就可以在马上开始的
  • 随后仲裁委员会负责人亲自去我原单位复印了相关资料包括仲裁文书等,并将复印件交给我,至此我才知道2005年3月已经出了仲裁结果,维持了单位做出的单方解除劳动合同的
  • 外交部发言人赵立坚19日在北京对此回应称,这再次说明美方所谓“清洁网络”是歧视性、排他性和政治性的,它是肮脏网络,是不得人心的。外交部发言人赵立坚19日在北京对
  • 【朋友圈官宣恋爱可以这样发】❶ ♡ʕ•̫͡•ʔ•͓͡•ʔ星河滚烫✨ ☁️你是我的人间理想•˶ɞ˶•❷ I Lᵒᵛᵉᵧₒᵤ♡⃝ ❤️最近有谣言说我恋爱了 ᯤ
  • ——————————————以上资讯由湖南省跨境电子商务协会汇总整理(微信号:skjdsxh)  本期编辑:何嘉欣责任编辑:廖茁成洗米华”案涉及金额达6800亿
  • ”小狗式点头 重在参与奖我稳操胜券hhh晚上和楷睿吵着阿姨要去超市 楷睿“我妈妈不去 我不去” 我“我也是” 爷爷马上来了一句“你们俩是怕没人付钱吧“[二哈]
  • Steam英文版《Rewrite+》获得了一个大型的版本推送,主要更新内容包括:1.在不同的分支版本之间存档可通用2.正式开放Steam成就3.OP视频加入英日