གསེར་དངུལ་གྱི་ཐོབ་ཆ་ཞོ་གང་མེད་ཀྱང་། མི་ཚེའི་ཆ་ཤས་ཐམས་ཅད་གསུང་རབ་ལ་སྟིམ་པ་འདི་བོད་ཀྱི་སློབ་གཉེར་བའི་གདམ་ག་ཡིན། གདམ་ག་འདི་ཡོད་པས་འུ་ཚོ་རྒྱུ་ནོར་ཀྱིས་དབུལ་ཡང་ཤེས་རབ་ཀྱིས་ཕོངས་མ་མྱོང་།
ཚེ་འདིའི་ཁ་རྒྱབ་ཙམ་ཐག་གཅོད་མ་ཐུབ་རུང་། ལུས་ངག་ཡིད་གསུམ་དཀོན་མཆོག་ལ་ཕྱོགས་པ་འདི་བོད་ཀྱི་དད་མོས་ཡིན། འདི་ཡོད་པས་འུ་ཅག་ཟ་རྒྱུ་རྩམ་སྐྱ་ལས་མེད་ཀྱང་སེམས་པ་རྡོ་འཁྱག་ལྟར་གྱུར་མ་མྱོང་།
གཏི་མུག་རྨོངས་པའི་་སྣ་ལོའི་ཐག་པས་སྣེ་ཁྲིད་བྱེད་པ་ལས།
ཤེས་རབ་རྣམ་དཔྱོད་སློབ་དཔོན་བྱས་ནས་མགོན་སྐྱབས་བྱེད།
སྔོན་མ་གང་འདྲ་ད་ལྟའི་ལུས་ལ་ལྟས་ཕྱི་མ་གང་འདྲ་ད་ལྟའི་ལས་ལ་ལྟས།
གང་ཡིན་གང་མིན་རང་གི་ཤེས་རབ་རྣམ་དཔྱོད་སྤྱོད།
ནེའུ་ཆུང་
ཤེས་རབ་རྣམ་དཔྱོད་སློབ་དཔོན་བྱས་ནས་མགོན་སྐྱབས་བྱེད།
སྔོན་མ་གང་འདྲ་ད་ལྟའི་ལུས་ལ་ལྟས་ཕྱི་མ་གང་འདྲ་ད་ལྟའི་ལས་ལ་ལྟས།
གང་ཡིན་གང་མིན་རང་གི་ཤེས་རབ་རྣམ་དཔྱོད་སྤྱོད།
ནེའུ་ཆུང་
✋热门推荐