གསེར་ཁྲི་མངའ་གསོལ་དུས་སྟོན་ལ་རྟེན་འབྲེལ་ཞུ།
རྒྱ་གར་མུ་སྟེགས་ཕམ་པ་བྱས། །
རྒྱ་ནག་རྒྱལ་པོའི་དབུ་བླ་མཛད། །
བཅུ་ཕྲག་རིག་པའི་ཤིང་རྟ་བ། །
འཇམ་དབྱངས་ས་སྐྱ་པ་ལ་འདུད། །

ཤེས་བྱ་ཀུན་མཁྱེན་འཇམ་པའི་དབྱངས། །
འགྲོ་ཀུན་བརྩེ་བའི་སྤྱན་གྱིས་གཟིགས། །
ཉོན་མོངས་དགྲ་རྒྱལ་རྡོ་རྗེ་འཛིན། །
གདུང་རྒྱུད་རིམ་བྱོན་རྣམས་ལ་བསྟོད། །

ཆེན་པོ་བོད་ཡུལ་བསྐྱངས་བའི་མགོན། །
བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་རྗེ། །
དཔལ་ལྡན་ས་སྐྱའི་མི་འཇིགས་ཁྲི། །
མངོན་པར་མཐོ་བའི་བཀྲ་ཤིས་ཤོག །

བསྟན་པའི་བདག་པོ་ས་སྐྱ་༧གོང་མ་ཁྲི་རབས་ཞེ་གསུམ་པ་ཁྲི་སྟོན་རྟེན་འབྲེལ་ཙམ་ལ་དམིགས་ནས་འགུ་ཟི་པད་བློས་བྲིས་པའོ། https://t.cn/R2Wx1Aq

༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་དང་ངོར་ཀླུ་ལྡིང་མཁན་པོ་སྐུ་གཞོན་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་གནས་མཆོག་རྡོ་རྗེ་གདན་ནས་ངོར་མ་དགོན་དུ་བདེ་བླག་ངང་ཕེབས་གྲུབ་པ།
Both of H.E. Ngor luding Khenchens and entire attendants safely reached from Bodh Gaya to Ngor Ewam Choden

ཕོ་བྲང་པོ་ཏ་ལ་ནམ་དུས་སུ་ཆགས་པ།
དེ་ཡང་དམར་པོའི་མཁར་རྫོང་སྲ་བརྟན་དུ་ཆགས་པའི་ཕོ་བྲང་པོ་ཏ་ལ་ནི། ཕྱིས་སུ་སྤྱི་ལོ་དུས་རབས་བདུན་པའི་མགོ་ཚུགས་པ་ཙམ་ཡས་མས་ལུགས་གཉིས་གསེར་གྱི་འཁོར་ལོས་བསྒྱུར་བ་ཆེན་པོ་སྙན་གྲགས་སྲིད་གསུམ་ཁྱོན་ལ་ཁྱབ་པའི་སྒང་པ་བོད་ཀྱི་དཔའ་བོ་རླབས་ཆེན་ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་གིས་བཞེངས། ཁོང་ནི་ཡབ་གནམ་རི་སྲོང་བཙན་དང་ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་མེ་གླང་སྤྱི་ལོ༦༡༧ལ་བོད་དབུས་ཀྱི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས་ལ་དེང་གི་ལྟར་ན་《མལ་གྲོ་གོང་དཀར་རྫོང་ཁོངས་རྒྱ་མ་ཁྲི་སྒང་》དུ་སྐུ་འཁྲུངས་བར་བཞེད། རྒྱལ་པོ་སྲོང་བཙན་སྒམ་པོ་འཁྲུངས་པའི་རྗེས་སུ་ཡབ་གནམ་རི་སྲོང་བཙན་གྱིས་སྔར་ཡབ་མེས་སྐབས་བན་པ་རྗེ་དང་། བྲང་གར་རྗེ་ལ་སོགས་པའི་རྒྱལ་ཕྲན་འགའ་ཞིག་དབང་དུ་བསྡུ་འགོ་ཚུགས་པའི་མཛད་རྗེས་བསྐྱངས་ཏེ། ཐོག་མར་དབུས་ཕྱོགས་ཀྱི་ཟིང་པོ་རྗེ་དང་། གཙང་གི་རྒྱལ་པོ་མར་མུན། དྭགས་པོའི་ས་ཁུལ་སོགས་མངའ་ཁུངས་སུ་བཅུག་སྟེ་ཡབ་མེས་གོང་མ་གཉའ་ཁྲི་བཙན་པོ་སོགས་ཀྱི་སྐབས་སུ་དབང་དུ་བྱས་པའི་རྒྱལ་ཕྲན་རྣམས་སླར་ཡང་གཅིག་གྱུར་གྱིས་དབང་དུ་བསྡུས་པའི་གཞི་བཏིང་། རྗེས་སུ་ཕྱིའི་རྒྱལ་ཕྲན་དང་སྡེ་འབངས་ཁག་ནས་ངོ་རྒོལ་བྱས་པར་མ་ཟད། ནང་སྐོར་གྱི་ཡབ་འབངས་དང་། ཡུམ་འབངས་བཅས་ཀྱིས་གྱེན་ལོག་བྱས་ཏེ་མཐར་དགྲ་གཉེན་ལག་འབྲེལ་གྱིས་སྲས་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་སོན་པའི་ས་གླང་སྤྱི་ལོ༦༢༩ལོར་རྒྱལ་པོ་གནམ་རི་སྲོང་བཙན་ལ་དུག་དྲངས་ནས་བཀྲོངས་པར་བྱས།
དེ་ནས་སྲས་སྲོང་བཙན་སྒམ་པོ་སྐུ་ན་གཞོན་ཡང་ཡབ་རྒྱལ་པོའི་སྲིད་ཁྲིར་མི་བཞུགས་ཐབས་མེད་བྱུང་བས། བོད་ཁམས་ཡོངས་རྫོགས་གཅིག་གྱུར་བྱེད་རྒྱུའི་ཁུར་ཆེན་དེ་རང་ཤུགས་སུ་སྲས་སྲོང་བཙན་གྱི་ཕྲག་ཏུ་བབས་པར་གྱུར། རང་ཕྱོགས་ལ་བློ་དཀར་བའི་བློན་པོ་གསར་པ་མྱང་མང་པོ་རྗེ་ཞང་སྣང་དང་། མགར་མང་ཞམ་སུམ་སྣང་དང་། ཁྱུང་པོ་སྤུང་སད་ཟུ་ཚེ། དབའ་དབྱི་ཚབ་ལ་སོགས་པ་རྣམས་ཀྱིས་འགན་འཁུར་ནས་བཙན་པོའི་བཀའ་སོགས་ཉན་པར་བྱས་ཏེ་ངོ་རྒོལ་བྱེད་མཁན་གྱི་རྒྱལ་ཕྲན་ཁག་དང་ཡབ་རྒྱལ་པོ་བཏུལ་བ་བྱེད་མཁན་གྱི་དགྲ་བོ་དག་ཚར་བཅད། དེ་ནས་རིམ་གྱིས་མདོ་དབུས་ཁམས་གསུམ་གྱི་རྒྱལ་ཕྲན་དག་མངའ་ཁུངས་སུ་བསྡུ་བར་བྱས་ཏེ་མཐར་བོད་ཆེན་པོའི་རྒྱལ་ཁབ་བཙུགས། 《吐蕃王朝》དེ་ནས་ཕྱིས་སུ་རྒྱལ་ས་ལྷ་སར་བཙུགས་ནས་དམར་པོའི་རི་ཡི་ངོས་སུ་ཕོ་བྲང་པོ་ཏ་ལ་ཞེས་འཛམ་གླིང་སྤྱི་བོའི་རྒྱན་དུ་གྱུར་པའི་སྲ་བརྟན་གྱི་ཕོ་བྲང་ཞིག་ལོ་ངོ་མང་པོའི་རིང་ལ་ཞིགས་གས་གཞུམ་རྒྱུ་མེད་པར་བཞེངས་པར་གྲགས་ལ་ཅིས་ཀྱང་དངོས་སུ་ལྟད་མོ་ལྟ་རྒྱུ་ཡོད་པར་འཚལ་ལོ།། https://t.cn/R2Wx1ZL


发布     👍 0 举报 写留言 🖊   
✋热门推荐
  • 这些跟我有屁的关系,大半夜牙疼加心悸,还要跟神经病扯半天,非要问我当初为什么要分手,老子喜欢上了其他人,出轨了出轨了,不是说了好几遍了!还扯自己食道癌没有两年,
  • 但,我昏天黑地的工作状态要持续很久了,大部分东西类似于法律产品,都要自己做,还要做好,会非常非常累,欣慰的是每天能学到新东西。就算你带孩子再有经验,孩子再乖巧,
  • 《女士的法则》也算得上是彭昱畅的第一部行业剧,尽管从题材上来看并不是彭昱畅的拿手项,但他却是年轻演员中既具备人气又兼备实力的演技派,撑起与男主角色不是问题。但这
  • 采访过程中,记者了解到,周边居民只是希望解决流浪鸽扰民的问题,并不是想要伤害、捕杀流浪鸽,大家希望用一种无害的方式,既能让流浪鸽找到新去处,也能还自己正常的生活
  • 现在预约游戏,待游戏上线后届时可抢先下载,领取相关福利[太开心]>>预约传送门:【见评论】#使命召唤手游# 凌空之上新版本来袭,活动期间,在该活动新
  • 这是一枚令万千人钟情的卡地亚女士金表 / 上个世纪七十年代末八十年代初生产 / 有着独特的八角方形设计 / 直径27mm / 18K黄金打造 / 上下表盖由侧面
  • ­9、女命中原局中食伤并透,食伤自坐官、杀,夫宫自坐官星墓库的,多为两次婚姻­食伤并透,代表自己个性很强,丈夫因为自己的个性,难于安身立命;同时,配偶星必因克制
  • 欢迎广东茂名李先生加入冒菜先生大家庭[鼓掌]欢迎江苏宜兴陆先生加入冒菜先生大家庭[鼓掌]店铺地址:广东茂名选址中[小黄人剪刀手]江苏宜兴市宜城街道太滆新村37-
  • 【当妈也要美美哒】[色]本周三晚8点,怡禾健康直播间迎来第11次科普直播课程[话筒]本期为爱美的妈妈们用心准备,努力不做黄脸婆的[害羞]常见的孕产皮肤相关问题,
  • 本该这是台积电值得祝贺的事情,殊不知有相关人士指出,台积电的2nm工艺制程虽然用上GAA晶体管技术,但相比于3nm工艺制程,性能却提升在10%左右远远达不到“摩
  • 截至1月28日,一季度美元债超过5亿美元主体还有中国金茂、雅居乐、融信中国、盈大地产、中骏集团等,20.25亿美元的到期债券也将令恒大的债务难题雪上加霜,这些
  • #梦华录结局看哭了#天知道我有多爱她/他们,梦华录结束了,爱❤️ 永远不会结束就是天王老子来了,我也会说这18块花的痛快短短一个月,梦华录经历了太多,剧粉也经历
  • _时常是在想 到底 到 !底!在说什么 你大多说的别人说过,你感悟的别人早也经历过,你变得没边际,你恼的没章法,又何其欲变 变 善哉呢_像一层纱幕,像一层薄雾,
  • 但我还是希望工作环境可以轻松一些,简单一些,带给团队成员更多正能量难道不好吗?[哈哈]正是团队中每个成员都用心用爱用专业技能努力去帮助彷徨的当事人,才有他们当场
  • 你总是要为你的选择付出很大很大很大的代价换句话说无论你做出怎样的选择你都要付出很大很大很大的代价上半年的最后一天没有想象中的隆重可能是被自己的白痴伤到了掉了眼泪
  • 没能多加注意,做了错误的行为,我感到非常后悔,也只有对不起的心。最重要的是,对于因新冠19而苦苦挣扎的医护人员,以及所有辛苦而疲惫的一天的人们,我深表歉意和歉意
  • 想吃放了很多葱花的蛋炒饭,想吃鲜芋仙的芋头圆子,没有吃过,却一直听别人说很好吃。口舌之欲是最初的欲望吗,人活着就是不断在欲望中今儿和欧曼儿相约去看了蓝精灵 全场
  • 【澳洲华人专业品酒师徐国荣 - 欢乐空间】品酒师听起来是一项令人羡慕的工作,免费品尝优质酒就能挣钱,真是一桩美差!美食…美景…美酒…配佳人…其实每次参加法餐会活
  • #向全世界安利黄子韬[超话]#[为爱发光]#黄子韬新歌冰激凌# [为爱发光]#黄子韬吃冰激凌跳冰激凌舞# “不在巅峰时慕名而来, 不在低谷时转身离去。” 我
  • 隋煬帝開通濟渠,目的不僅為遊幸,至唐,通濟渠更成為轉輸東南財賦至西北的大動脈,汴、宋、毫三州為運河所經,唐長安政府對東南財賦的倚賴程度愈大,此區地位益形重要。