#噶举祖庭一洛卓沃龙寺[超话]#

࿐རྡོ་རྗེ་འཆང་གི་བཀའ་ལས་ལྷག་པ་སུ་ལའང་མི་འབྱུང་བས། རྟོག་གེའི་དྲན་རྐྱེན་གྱི་བཤད་པ་དང་། ལྷ་འདྲེའི་ཐོལ་བྱུང་གི་མན་ངག་ཧལ་ཧོལ་ལ་ཡིད་མི་རྟོན་པར་མཚན་ཙམ་ཡང་ཐོས་པར་དཀའ་བའི་རྒྱུད་སྡེ་རིན་པོ་ཆེ་སངས་རྒྱས་ཀྱི་ཉེ་ལམ་རྡོ་རྗེ་འཆང་གི་གསང་ཚིག་འདི་རྣམས་སྤྱོད་པའི་སྐལ་བ་བཟང་པོ་འདི་ལྟ་བུ་དང་ལྡན་པའི་སྐབས།ཉམས་རྟོགས་ཇི་བཞིན་མ་སྐྱེས་རུང་འབྲེལ་འཇོག་ཙམ་རེ་བྱུང་ནའང་ལྟར་སྣང་གི་དགེ་བ་མི་ཚེ་གཅིག་ཏུ་བྱས་པ་ལས་ཀྱང་དགའ་བ་སྔོན་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱི་རྡོ་རྗེའི་ཚིག་ངེས་པ་ཅན་ཡིན་ནོ། །
____________སྒྲུབ་བརྒྱུད་སྐྱེ་སྔ་རིན་པོ་ཆེས་སོ། །

࿐སྐྱེས་མཆོག་སྒྲ་སྒྱུར་གྱི་རྒྱལ་པོ་མར་སྟོན་རྡོ་རྗེ་འཆང་གི་ཆེ་བ་བརྒྱད།

མཛད་པ་པོ།

ཀུན་མཁྱེན་བསྟན་པ་རབ་རྒྱས།

བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟའི་སྲོལ་འབྱེད་ནི་གངས་ཅན་ན་ཆེ་བའི་༧མར་སྟོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཡིན་ཞིང་། ཁོང་ནི་ཆེ་བ་བརྒྱད་ལྡན་ཡིན་པས།

༡༽ དང་པོ་ཡོངས་གྲགས་ཆེ་བའི་ཕུལ་བྱུང་གི་རྒྱ་གར་གྱི་པཎ་ཆེན་ལ་དངོས་སུ་གཏུགས་པའི་ཆེ་བ།
༢༽ གཉིས་པ་རྩོད་མེད་ཀྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུར་བརྟེན་ནས་ཐོས་སྒོམ་ཟུང་འབྲེལ་གྱི་སྒོ་ནས་ཐོས་སྒོམ་མཐར་ཕྱིན་པའི་ཆེ་བ།
༣༽ གསུམ་པ་སྐུ་ཚེ་དེ་ལ་དག་པའི་སྒྱུ་ལུས་གྲུབ་ནས་སངས་རྒྱས་པའི་ཆེ་བ།
༤༽ བཞི་པ་བཤད་སྒྲུབ་ཀྱི་ཕྱོགས་སོ་སོར་བཀའ་བབ་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་མ་ངོ་མཚར་ཅན་མང་དུ་འཕེལ་བའི་ཆེ་བ།
༥༽ ལྔ་པ་རྒྱུད་སྡེའི་བཅུད་ཀྱི་མན་ངག་ངོ་མཚར་བ་རྣམས་ཟུར་དུ་ཕྱུང་སྟེ་སྐལ་ལྡན་གྱི་སློབ་མར་སྐྱེས་སུ་བཞག་པའི་ཆེ་བ།
༦༽ དྲུག་པ་གངས་ཅན་གྱི་གསང་སྔགས་གསར་མའི་རྒྱུད་སྡེའི་ཁུངས་ཚད་ལྡན་ཕལ་ཆེར་ཁོང་རང་ཉིད་ལ་ཐུག་པའི་ཆེ་བ།
༧༽ བདུན་པ་ཁོང་རང་ཉིད་ཀྱི་མན་ངག་ཟབ་མོ་དག་ཁུངས་མེད་རྡོལ་ཆོས་ཀྱིས་མ་བསླད་པའི་ཆེ་བ།
༨༽ བརྒྱད་པ་བརྒྱུད་པ་གཞན་འཛིན་པ་ཕལ་ཆེ་བ་དག་གིས་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བ་ལས་ཁོང་ཉིད་ཀྱི་ནང་མཆོད་ཀྱི་བདུད་རྩིའི་རོ་མྱོང་བ་བྱིན་རླབས་ཆེ་བའི་ཆེ་བའོ། །

དེ་ལྟ་བུའི་བཀའ་བརྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དེ་ལ་དེའི་བརྒྱུད་འཛིན་ཏུ་རློམ་པའི་དེང་དུས་ཀྱི་བཀའ་བརྒྱུད་པའི་མིང་ཅན་མང་པོ་ཞིག་གིས་བཀུར་བསྟི་འོས་འཚམས་ཤིག་ཤེས་ཀྱི་མེད་དོ།།

࿐ གུས་ཞབས་དང་བཟོད་སྒོམ་ནི་སྤྱི་ཚོགས་ནང་འཛུལ་བྱེད་ཀྱི་ལྡེ་མིག་ལྟ་བུ་དང་། ཤེས་ཡོན་དང་ཡིད་ཆེས་ནི་སྤྱི་ཚོགས་སྟེང་བྱ་བ་སྒྲུབ་བྱེད་ཀྱི་ལག་ཆ་ལྟ་བུ་ཡིན། མ་ཟད། དུས་རབས་འདིས་ང་ཚོའི་ཁོར་ཡུག་ནང་གསར་དུ་བསྐྲུན་པའི་ལམ་ཀ་ཞིག་ཀྱང་ཡིན།


发布     👍 0 举报 写留言 🖊   
✋热门推荐
  • 出发点可能是好的,就是想让社会公众知道更多的细节以及最新的救援进展,但恰恰是被反噬了的积极性与责任感, 媒体所传达出的最新消息不应该是听风就是雨,或他人转述,而
  • 意思是:释迦牟尼于过去无量劫前就已成佛,现在来参加法会的十方诸佛都是释迦世尊的分身佛。这时释迦牟尼佛,见所有的“分身佛”都已前来集结,各自坐于狮子座上,知道诸佛
  • 网络骂架无处不有,随意新闻评论区点击即阅,就不必来我这里看了,我没看过几本书,却知道言多必失的道理,这样久了下去闹出笑话也是难免的,更难有谁会给我专门留这个情面
  • 地点:石家庄时间:2022年3月项目:面吸今天是石家庄面吸以及填充后的第八天了下颌部分的面吸恢复状况我真的非常满意没想到有生之年,能有一天可以告别双下巴特意找出
  • 其中,鲲鹏动力1.6TGDI/2.0TGDI均揽获“中国心”十佳发动机大奖,且行销全球80余国,凭借卓越的动力性能、燃油经济性及可靠性赢得了全球用户的认可和青睐
  • 想分享给更多人(或许有[允悲])所以在微博也发布一下如果有买了这本但需要翻译的朋友,请带上购买记录or实体照片等等能证明购入本子的依据联系我其他游戏里的贝希摩斯
  • 那些不急功近利减肥的人可能都娈瘦了而那些恨不得3、5天大变样的人可能依然在减肥的路上挣扎着一挣扎就是几年...这位女士喝饮料三天的变化 ,看图,有图有真相,证明
  • (词林正韵第七部)#古风诗爱好者[超话]##扬州交友[超话]##书香诗词[超话]##打工人的喜怒哀乐[超话]##中华诗词[超话]##中国作家网[超话]##诗歌[
  • 【民间时辰占断法】 有一些民间的外应占断法,在生活中非常好用。下面为大家逐一介绍。 1、犬吠法犬吠法就是在不同的时间,突然闻到狗叫声。犬吠法来自春秋战国时期,
  • 希望咱们所有的朋友们都健康呀,这几个月损失的钱,咱们以后慢慢的挣。希望咱们所有的朋友们都健康呀,这几个月损失的钱,咱们以后慢慢的挣。
  • #洛天依[超话]# “追上光的魔法 抓住夢的心法”“追上光一剎那 我的心也融化”画渣来画张图来纪念一波《追光使者》东京音乐会开幕天依在台上化成光的一瞬间就想起追
  • 笑话:普通话不飘准,让人误会了·····
  • 过了几分钟,她又过来,趴在门上笑眯眯地问我:妈妈,如果我让爸爸再也不惹你生气,你会给我什么奖励呢?娃:你今天在爸爸到家之前把菜烧好,我就让爸爸永远不敢惹你生气!
  • 这篇也是自己写了六年文一个圈的收官最后一篇了,写完这一篇文后,自己写的新兰的文上就停了,因为最近自己的心情什么的也是乱七八糟,心情也有很多影响,[苦涩]能平静写
  • 4.特别注意:还是限在台的嘉人们参加(包邮)广大的非在台嘉人们抱歉~5.开奖时间:2022.1.2316:11 6.奖品寄出时间:原则上有收件地址后一周内寄出,
  • 2月23日 11:40前往小区核酸采样点(青福新城1号楼前)采集核酸,全程佩戴口罩,采样完成后回家,17:00—17:40前往永盛成超市(甲尔坝店)购物,全程佩
  • 第六百九十四条 一般保证的债权人在保证期间届满前对债务人提起诉讼或者申请仲裁的,从保证人拒绝承担保证责任的权利消灭之日起,开始计算保证债务的诉讼时效。第六百九十
  • 著名成功学家拿破仑·希尔曾经说过:“主动执行是一种极为难得的美德,它能驱使一个人在不被吩咐应该去做什么事之前,就能主动地去做应该做的事。著名成功学家拿破仑·希尔
  • 在深入采访过程中,记者被江西干部群众中蕴藏着的国际视野和发展志向所感染,他们不再满足于过去的跟跑,而是放眼世界,主动对标对表国际技术标准和产业动向,在全球各地“
  • 【赠运费险】【更多优惠查看】:-------------------------#私服街拍##天猫旗舰店##优惠券分享联盟##利客优惠##双十一爆款清单#【商品