སྨུག་པ་དང་འདྲ་བའི་སེམས་འགྱུ།

རི་དང་རི་རྩེ་ལ་སྨུག་པ་ལང་ལོང་འཕྱུར། །
སྟོན་གྱི་གནམ་ཆར་ལ་ནམ་འབབ་ངེས་པ་མེད། །
སེམས་དང་སེམས་པ་ཡི་ཁ་ཕྱོགས་དེ་འདྲ་རེད། །

རྩི་ཏོག་མགོ་སེ་འདིའི་ཚེ་མཇུག་ཅི་ལྟར་ཟད། །
སྦྲང་མ་ཁྲ་བོ་འདིའི་ལས་དབང་འདི་ལྟར་སྐྱོ། །
འདབ་ལོ་རེ་རེ་བཞིན་ལོ་ཟླའི་སད་ཀྱིས་འཁྱེར། །

ཐོ་རངས་རྨི་ལམ་གྱི་འདུ་བྲལ་རྫུན་དུ་གདའ། །
ཞོགས་པའི་ཉི་ཟེར་གྱིས་འཁྲུལ་བའི་སྣང་བ་བཤིག །
མི་ཚེའི་ལམ་ཡིག་གི་གསང་བ་སུ་ཡིས་ཤེས། །

འཆར་ཙམ་ནུབ་ཙམ་གྱི་སྤྲིན་གསེབ་ཉི་མ་ལ། །
དྭངས་རེས་རྨུག་རེས་ཀྱི་གནམ་ངོས་ཅོ་ཡང་འདྲི། །
དགའ་སྐྱོའི་ཚོར་རླབས་ཡང་དེ་དང་དེ་ལྟར་སྡེབ། །

བད་ཀའི་ཐིགས་ཆུ་ཡིས་མེ་ཏོག་འདབ་མ་གཏོར། །
སྐྱི་སེར་རླུང་པོ་ཡིས་སྡོང་ལོ་ས་ལ་བསྙིལ། །
དུས་ཀྱི་འཕེལ་འགྲིབ་འདིས་ཅི་ཞིག་གསལ་བཤད་བྱས། །

རི་ཆེན་ལ་མོ་འདི་འཆར་ཡན་བྱ་ཁྱུས་བརྒལ། །
ཆུ་ཆེན་ཀླུང་གཞུང་དུ་སྐྱོ་བའི་ན་བུན་འཁྲིགས། །
འཁོར་བའི་རང་གཤིས་དེས་ང་ལ་ཀླན་ཀ་འཚོལ། །

༢༠༢༢/༨/༣༡

ལྟས་ཀྱིན་ལྟས་ཀྱིན་ཕར་མཐར་མཐོང་བའི་ལུང་སྟོང་དེ། །
བསམ་ཞིང་བསམས་ན་འཇིགས་སུ་རུང་བའི་ཡུལ་གྲུ་ཞིག །
སྨག་དང་མུན་པ་འཁྲུག་པའི་གཡུལ་སའི་འགྲན་ཟླ་ཅན། །
འཛོམས་ཤིང་འཇོན་པའི་སྐྱེས་བུ་གང་གི་གར་སྟེགས་ཉིད། །
#鸥宫[超话]##生活如诗[超话]#

ཞང་སྟོན་ཆོས་ཀྱི་རྒྱལ་བོའི་ཞལ་ནས།

ཕན་གནོད་ངོ་མི་ཤེས་པའི་བུ་ཆུང་གིས། །དུག་དང་འདྲེས་པའི་ཁ་ཟས་ཟ་བ་ལ། །བརྩེ་བའི་མ་ཡིས་ཇི་ལྟར་བརྩེ་བ་བཞིན། །ཐུབ་དབང་ཐུགས་རྗེ་ཅན་དེས་ལེགས་གཟིགས་ནས། །རྒྱལ་སྲས་གཞན་གྱི་བློ་ལས་འདས་པ་ཡི། །རྨད་བྱུང་སྙིང་སྟོབས་ཆེན་པོས་དམ་བཅས་ཏེ། །དཔག་མེད་བསྐལ་པར་བདག་ཅག་རྣམས་ཀྱི་ཕྱིར། །ཤིན་ཏུ་བྱ་དཀའི་སྤྱོད་པ་དུ་མ་སྤྱད། །དྲིན་ཅན་མ་ཡིས་བུ་ལ་སློབ་པ་བཞིན། ། ཕན་པར་དགོངས་ནས་ཕན་ཐབས་མཛད་པའི་ཁྲིམས། །བཤང་གཅི་འདོར་ཚུལ་ཡན་ཆད་གསུངས་པ་ཡི། །ཚུལ་འདི་བསམ་ན་སྙིང་རྩ་མི་འདར་རམ། །གཤིས་ངན་བུ་ཡིས་མ་ལ་བརྡུང་བ་བཞིན།།བཀའ་དྲིན་ལོག་པར་གཞལ་བའི་སྤྱོད་ངན་གྱིས། །ཕན་པའི་བཅས་ཁྲིམས་ཁྱད་དུ་བསད་ནས་སུ། །བསམ་བཞིན་གཡང་སར་འཕྱོང་ལ་མི་སྐྲགས་སམ། །འོན་ཀྱང་སྙིགས་མ་ལྔ་བདོའི་མུན་སྟུག་གིས། །ཕན་པའི་ལམ་དང་གནོད་པའི་གཡང་ས་ཀུན། །དབྱེར་མེད་སྒྲིབ་པའི་དམུས་ལོང་མགོ་བསྐོར་རྣམས། །ཐུགས་རྗེ་ཕྱག་གིས་ཁྲིད་ཅིག་བཅོམ་ལྡན་འདས། །སྡིག་ལྟུང་རིམས་ནད་དྲག་པོས་གཟིར་བའི་སྟེང་། ། དཀོར་ནག་དུག་ཆང་དར་མས་མྱོས་པ་ཡི། །མ་རུངས་གདུལ་བྱ་སྨྱོན་པ་འདི་རྣམས་ལ། །ཐུགས་རྗེ་མཐུ་དཔུང་བསྐྱེད་པའི་དུས་ལ་བབས། །ལྔ་བརྒྱ་ཐ་མའི་གདུལ་བྱ་བདག་ཅག་རྣམས། །དང་པོ་ཉིད་ནས་བདག་གིར་མཛད་པ་ཡི། །ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པའི། །བདེན་པའི་མཐུ་དེ་མངོན་སུམ་བསྟན་དུ་གསོལ། །འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །གྲངས་མེད་བསྐལ་པར་སྒྲུབ་པའི་བསྟན་པ་མཆོག། སྣུམ་ཟད་མར་མེ་ལྟ་བུར་གྱུར་པ་འདི། །འགྲོ་བའི་ཕན་བདེར་ཡུན་རིང་འབར་གྱུར་ཅིག། སྟོན་པས་གང་ལ་བསྟན་པ་གཏད་པ་ཡི། །འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་དང་། །ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་བཞིས། །བསྟན་པ་ཡུན་རིང་གནས་པའི་གྲགས་མཛོད་ཅིག། [合十]


发布     👍 0 举报 写留言 🖊   
✋热门推荐
  • #諾言評球[超话]# 英媒《每日电讯报》独家报道,曼联中场将在完成与曼联目前所剩的两个月合同后,再决定自己的未来。上个月电讯报报道,博格巴愿意听取任何球队的报价
  • [太开心][太开心][太开心]#不可辜负的美食[超话]#昆仑精酿 蜂蜜桂花口味精酿啤酒【别犟】啊咧 这个啤酒竟然是桂花蜂蜜这么温柔风味的抿一口带你进入芳草青青的
  • 预约拍摄请戳: #TangVisionGirl[超话]# #tvg新造型# #当妈妈后打扮自己有错吗##泉州约拍[超话]# 泉州约拍 来拍优雅的芭蕾舞吧拍摄地点
  • 24、 《楞伽经》大同版一期 智度心髓  【云何为化佛?云何报生佛?云何如如佛?云何智慧佛?】 此问佛宝。此明佛法报化三身及智慧身。 【云何于欲界,不成
  • 11.旺夫12.保持冷漠 适度撒娇 几乎不动心13.对快乐的标准要低一点14.朋友圈仅供参考 实物以本人为主15.出现在别人的生活里 要像一份礼物16.月亮什么
  • 其实是因为,张万森已经睡醒了,他看着他的女孩子落泪了,只是他更知道的是,现在的星星不想让自己醒来。在旁人有父母陪伴,有三两好友时,他仅仅靠着小林北星对他梦想的肯
  • 和我同楼层的只有一个保洁阿姨但是她对我好好哦,总是给我带自己种的菜,带自己做的好吃的,还有投喂水果饼干面包啥的今天帮忙打印东西的资产管理小妹妹和文印室叔叔,也好
  • 咱们做到尊重这项运动了,就够了,懂吗姐妹们!emo的宝贝都给我听好了!
  • 卷六 青原下五世石霜诸禅师法嗣大光居诲禅师潭州大光山居诲禅师,京兆人也。初造石霜,长坐不卧。麻衣草屦,亡身为法。霜遂令主性空塔院。一日,霜知缘熟,试甚所得。问曰
  • ” 如果司凤没有遇到璇玑,他也许依然是离泽宫最出色的宫主首徒,就像他爹说的那样光耀离泽宫。 如果璇玑没有遇到司凤,她也许永远是那个六识不全的小傻瓜,平平淡淡
  • ”还有“国事家事都重要”还有“辰此一生,不负天下,唯负十一”周生辰对漼时宜,除了不能娶她给她名分,其他的都给了她,比如,他知道她喜欢吃石榴,就给她买了好多石榴,
  • #你可以永远相信迪丽热巴的演技#这个点了 已经很困了 我眼睛都闭上了 但是我想到迪丽热巴如此令人惊艳的演技 又亢奋的拿起手机狂敲 是什么令我到现在久久没眠! 是
  • )生腌海鲜(很上头)各式咖啡 (已经变成咖啡重度爱好者)不一样的西餐厅花厨 (牛油果爱好者,体验鱼子酱)蟹肉蟹黄煲 拌饭(太香了)还有超多潮服店(在杭州发现1
  • 也正是在那次访问中,赫鲁晓夫作出了一个颇富争议的表态,即苏联支持印度对克什米尔地区和彼时为葡萄牙所控制的果阿邦的主权立场。直到1954年2月,美国政府决定向巴基
  • 难道不是应该觉得这个网名很有内涵才对吗?那是我再也回不到的从前,疫情还没有发生、有的人还没有相遇,天很蓝,我也有梦…工作原因,今天有个同事(三十多岁的姐)加了我
  • 于是乎我又开始后悔客人会不会想看什么食物的时候去我朋友圈翻不到了 是理智战胜感性的一天 以后会认真更新的#搬砖日记# 4今天喝了蜜雪的拿铁 还可以老板们都很好也
  • 这其中就有戴胄,戴胄在被李绩推荐给唐太宗后步步高升,最终成为了唐王朝初年的宰相,与魏征齐名。在他的晚年,攻灭高句丽之战中,取得了完胜,并拓展了唐王朝极大的疆土,
  • 有些人 并非突然想起 而是始终都没忘记 有些事 并非真的释然 而是决定放过自己 总有一段时间 看似销声匿迹 实则默默耕耘 沉淀之后的清醒 是经历苦痛的馈赠
  • TOP1射手男:需要自己的空间在爱情里面,他们是很需要个人空间的,不来纠缠射手座,他们就会觉得越轻松,射手男天生爱自由,其实对于他们来说,自由更重要~不会有任
  • 须跋陀罗到达娑罗双树,穿过重重跪在地下皈依佛陀的人,正当阿难侍奉着佛陀,阿难一见来者是个外道,怕他是来和佛陀辩论,赶快向前阻拦道:“请你不要再来打扰佛陀,佛陀今