ས་སྲོད་སྤྲིན་གསེབ་ཉི་འོད་གོས་ཆེན་གདངས་ལ་དཔྱངས།།
ངང་བ་ཞེ་མཐུན་ཆ་གཉིས་རང་གི་ཡུལ་ལ་སྙེགས།།
མིག་ཟུང་མཆི་མས་སྦང་བའི་མཐོང་ལམ་རབ་རིབ་ཁྲོད།།
གཞོན་ནུས་བྱམས་པ་དྲན་པའི་གདུང་བ་མེ་རུ་འབར།།
ངང་བ་ཞེ་མཐུན་ཆ་གཉིས་རང་གི་ཡུལ་ལ་སྙེགས།།
མིག་ཟུང་མཆི་མས་སྦང་བའི་མཐོང་ལམ་རབ་རིབ་ཁྲོད།།
གཞོན་ནུས་བྱམས་པ་དྲན་པའི་གདུང་བ་མེ་རུ་འབར།།
རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས།
སྟོན་དུས་མཁའ་ལ་ཤར་བའི།།
ཉ་རྒྱས་ནམ་འཕང་མཐོ་ཡང་།།
འཛམ་གླིང་ས་འདིར་གནས་པའི།།
སྐྱེ་བོ་ཚ་གདུང་ཅན་ལ།།
ལུས་སེམས་དགའ་བདེ་བསྐྱེད་པའི།།
ཤུགས་འབྱུང་འོད་དཀར་འགྱེད་དོ།།
སྟོན་དུས་མཁའ་ལ་ཤར་བའི།།
ཉ་རྒྱས་ནམ་འཕང་མཐོ་ཡང་།།
འཛམ་གླིང་ས་འདིར་གནས་པའི།།
སྐྱེ་བོ་ཚ་གདུང་ཅན་ལ།།
ལུས་སེམས་དགའ་བདེ་བསྐྱེད་པའི།།
ཤུགས་འབྱུང་འོད་དཀར་འགྱེད་དོ།།
ངོ་ཤེས་མི་ཤེས་མང་པོ་ཞིག་གིས་ཁྱོད་ཀྱི་ཡི་གེ་དག་ནི་ནམ་རྒྱུན་སྐྱོ་སྣང་གིས་ཁེངས་འདུག་ཁྱོད་ནི་སྐྱོ་སྣང་རིང་ལགས་པ་ཞིག་རེེད་ཟེེར། ང་ནི་ངོ་མ་སྐྱོ་སྣང་ཅན་ཞིག་ཡིན་པ་འདྲ། རང་གིས་སེམས་གཏིང་གིས་འཚོལ་འདོད་པའི་རིག་གཞུང་དང་རང་ཉིད་ཆེས་འགྲོགས་འདོད་པའི་མི། རང་ཉིད་དེ་དག་གང་གིས་མ་འདོད་ཚེ་ཆེས་ཁུ་སིམ་དང་གནས་ངེས་མེད་དག་ཏུ་སོང་ནས་ཤིན་ཏུ་འཇམ་པོས་འཚོ་བ་ཞིག་རོལ་ནས་འདུག་འདོད། [太阳]
✋热门推荐