མཚན་གྱི་བྱ་ར།

མི་སྡུག་ཀེང་རུས་བསྒོམས་པས་མིན།།
འདོད་ཡོན་སྐྱོན་མཚང་ཐོས་པས་མིན།།
མཉེན་པོ་མཐུ་བས་མ་ཞིག་པའི།།
མངོན་གྱུར་ཆགས་པར་ཁ་ལོ་མེད།།

ཁ་ཡི་བྱམས་པ་རྡོག་རིལ་བཏང་།།
བཟོད་པའི་རྒྱུན་ཐག་དུམ་བུར་བཅད།།
ང་དང་ངའི་སྙམ་ང་རྒྱལ་གྱིས།།
དབང་བསྒྱུར་ཁོང་ཁྲོ་ངོས་མ་ཟིན།།

ལོ་དང་ཟླ་བས་མ་ཐུབ་ཅིང་།།
སད་དང་སེར་བས་མ་རྒོལ་བའི།།
ཁེངས་གཞི་མ་གྲུབ་ཁེངས་པ་ཞིག།
མི་མངོན་འཇབ་པའི་ཚུལ་གྱིས་ལྟ།།

མིག་དང་རྣ་བ་ཡིད་དག་གི།།
བུ་ག་ཡོད་པས་མ་ཕན་ཅིང་།།
བླང་དང་དོར་བྱའི་དེ་ཉིད་ལ།།
རྨོངས་པ་མ་རིག་གང་གིས་སེལ།།

༢༠༢༢.༡༢.༡ ཨ་ཡིག་དཀར་བོས།

༼ཨོ་རྒྱན་རིན་པོ་ཆེའི་དུས་ཆེན།༽
莲师荟供日[鲜花]

愿世界和平、
安乐吉祥

སློབ་དཔོན་ཉིད་ཀྱི་ཞལ་ནས།
莲花生大师亲谕:

ཡར་ངོ་ཚེས་བཅུ་དུས་སུ་དངོས་སུ་བྱོན།།
འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན།།
ཞེས་དང་།

每个月初十,
我都会来到人间。

ཁྱེད་ལ་དད་པའི་སེམས་ཡོད་ན།།
པད་འབྱུང་གཡས་གཡོན་དག་ན་ཡོད།།

给我你的心,
我将永远在你左右。



ཉེ་ལམ་རྒྱ་བརྒྱུད་ནང་བསྟན་ནས་བོད་ལ་དར་བའི་ལམ་སྲོལ་གསར་པ་ཉེར་གཅིག

གཅིག དགོན་པ་རེ་ལ་སྒོ་ཆེན་རེ་ཡོད་པ།

གཉིས། ངག་བཅད་ཟེར་བའི་བྱང་བུ་རེ་སྐེ་ལ་འདོགས་པ།

གསུམ། ཆོས་པ་ཡིན་མིན་གྱི་ཚད་གཞི་ཤ་ཟ་མིན་གྱིས་འཇོག་པ།

བཞི། རང་སྡེའི་ཚོགས་ཀྱི་མིང་བཀོད་པའི་ཁུག་མ་རྒྱབ་ཏུ་ཁུར་བ།

ལྔ། ཉེ་སྲས་བརྒྱད་ལས་ས་ཡི་སྙིང་པོ་ལ་རབ་ཏུ་དད་པ།

དྲུག མཆོག་ཐུན་གྱི་དངོས་གྲུབ་སྒོར་མོས་ཞུ་བ།

བདུན། ཆོས་གསུང་པའི་བརྡ་ཐོ་སྤྱི་ཚོགས་སུ་དགྲམ་པ།

བརྒྱད། ལྷ་སྐུ་རེ་རེའི་མདུན་དུ་སྒོར་མོ་འབུལ་སའི་ཡོན་སྒམ་ཡོད་པ།

དགུ། ལྷ་གཉེར་བས་དུས་ཐོག་མ་གཏོགས་ལྷ་ཁང་སྒོ་མི་ཕྱེ་བ།

བཅུ། སྦྱིན་བདག་ཆེན་པོ་ཚོས་རྟེན་གསུང་བྱིན་ཆེན་ཚོ་ལ་མཇལ་ཁ་རེག་པ།

བཅུ་གཅིག ནང་དུ་དོར་མ་གྱོན་ནས་ཕྱི་ལ་ཆོས་གོས་གསོལ་བ།

བཅུ་གཉིས། སངས་རྒྱས་བྱང་སེམས་ལས་ནོར་ལྷ་མཆོག་ཏུ་འཛིན་པ།

བཅུ་གསུམ། ཉིན་བདུན་རེ་ནས་ངལ་གསོ་ཉིན་རེ་ཡོད་པ།

བཅུ་བཞི། དགོན་པའི་ནང་ཆོས་དབྱངས་ཀྱི་སྒྲ་སྐད་ཆེན་པོ་རྒྱང་བསྒྲགས་བྱེད་པ།

བཅོ་ལྔ། བླ་མས་བཀའ་ཆོས་གསུང་རྗེས་སློབ་མས་ཐལ་སྒྲ་རྡེབ་པ།

བཅུ་དྲུག དགོན་པས་རིམ་གྲོ་བྱེད་ཡིན་ཟེར་བའི་གསར་བརྡ་ཡོད་པ།

བཅུ་བདུན། ལྷ་ཁང་ནང་བྱིན་རྟེན་ཚོང་ཁང་ཡོད་པ།

བཅོ་བརྒྱད། ལྷ་ཁང་གི་མདུན་དུ་སྤོས་ཕོར་འཇོག་པ།

བཅུ་དགུ། བླ་མ་ཚོས་སློབ་མ་ཕར་འཚོལ་བ།

ཉི་ཤུ། དགོན་པའི་ནང་རྒྱུན་ལས་ཟེར་བའི་ཚོགས་པ་ཡོད་པ།

ཉེར་གཅིག མཆོད་སྟེགས་ནང་གློག་གི་སྒྲོན་མེ་ལས་མར་གྱི་མཆོད་མེ་མེད་པ།


发布     👍 0 举报 写留言 🖊   
✋热门推荐
  • 它认为一个人若是以色、以音求已能成佛,便是入了邪道,并非真诚求佛,便不可以真的成佛,见到如来。”这句话的大致意思是,我们身边所有的相都是虚妄缥缈的,若是可以见到
  • [捂脸] 幸好我申请了外包装的版权保护 我现在只在想 要不要来一笔不劳之财[奸笑][奸笑]##丸子大妞联合创始人# we:283448699丸子大妞顾客疗程反馈
  • 【十二星座评论许愿,转赞好运 ,好运降临】让你的好运一直持续下去,事业,钱财很快就会到来[发射爱心]┋双鱼座:暴富暴富暴富暴富暴富[发射爱心]┋摩羯座:水逆退散
  • ”在佳木斯富锦市万亩水稻科技园区内,水稻种植大户刘春和记者唠了起来,“通过秸秆粉碎还田,土壤不再板结,地也更有‘劲’了。这里以前是采煤沉陷区,多复垦1亩黑土耕地
  • 第二个更好笑,团家主场不准我们说易烊千玺吧,那有那么多都说wjkwy也没见他们说什么吧,我的天哪,这叫一碗水端平?不是第一次搞这种事了 ,真的恶心 ,也是够“可
  • 传播正能量是一份积极的心态,可以让不良情绪释放干净,使自己的内心充满自信、豁达、愉悦、进取;使别人感到暖和、温馨、亲切、友善;使社会和国家团结、正义、文明、和谐
  • ​​​时隔很久去买了老焦家酿皮8块的量还没有以前6块多,吃了一份还没吃饱吞了一个花卷一个小饼我真的服了你既然要涨价你量不能减这么多吧附近凉皮凉面店那么多,7块
  • 反正就是彬珍的第32次的同步了[偷笑][爱你][打call]#金硕珍[超话]#今天去B站上随便逛了一下,只有有部分队友的几乎下面都有这类评论[黑线]珍骑已经强调
  • 今天,#发条微博致敬每一位无偿献血者#[心]】无偿献血是传递生命的希望。今天,#发条微博致敬每一位无偿献血者#[心]】无偿献血是传递生命的希望。
  • 看这里✨3.20-3.21✨,#uni 三菱# 将参加在【重庆】举办的日本文具展,到现场不仅可试写全色小浓芯,还能体验4h-4b,10个型号的自动铅笔![好喜欢
  •   所以,放生加持家人长寿健康无病,平安消灾免难,智慧富贵庄严,法缘善缘殊胜,都是千真万确的因果规律,这是无须怀疑的。  杀生是在造恶缘,放生是在结善缘,上天有
  • 한국 아이돌판에서 "왜 우주소녀 중국팬들은 아직도 우주소녀를 도와주고 있는 걸까?" 라는 말이 주기적으로 나오고 있는데이런 말
  • #泰剧直到天空迎来太阳# 剧荒时找到的一部宝藏泰剧!太太太好看了!!!男女主超高颜值,剧情也不错,没有太大bug!最重要的是追妻火葬场超多哈哈哈哈哈哈。三天看
  • 下一步市司法局还会对平台功能进行扩充,增加行政合规指导、公证、司法鉴定、法律援助、人民调解等内容,使“德法通”在服务中小企业的基础上进一步成为具备公共法律服务功
  • #任嘉伦[超话]# 任嘉伦 没见你的每一分,我反复翻看照片 想着你的每一刻,我反复考古视频 你不但占据着我手机内存,还存储在我心里 我默默的用据画圈圈,借此
  • 或许他们有没有想过,决赛夜不肯放开的拥抱,真心为他感到开心以后的泪流满面,上天啊…#博君一肖[超话]#以前我没有认真追过星 直到这两年 直到遇见他们 这种感觉是
  • 我气的不行,吃过饭就把他拉到后面要说法,我这鞋才1万多定金,他推三阻四的,一年见不了几次的老太婆,他就这么大方,不知道的人以为他多有钱。我觉得还好,毕竟订婚了,
  • 且看世间庸庸大众,又有多少人懂得做人的乐趣摄影&后期:Mr.沈 谢绝盗图 ​​​ ​​​#合肥约拍##安徽约拍##私房##合肥私房照写真#
  • 根据目前手机厂商推出的新品来看,一方面在积极走向更亲民的价位段,一方面也在希冀有所上升到略高的定位区间。Strategy Analytics高级分析师吴怡雯则向
  • #880直通交警# #880高速路况# 【明天开始,这段高速公路因施工交通管制!(山西交警权威发布)#路况综述# (6月14日17时):一、因疫情防控,全省36