༈གསེར་གྱི་གླེགས་བམ་འདྲ་བའི་མཁས་པ་ཁྱེད།།
གངས་རིའི་ལྗོངས་ལ་ཤར་བའི་ཉི་འོད་སྟེ།།
མ་རིག་སྨག་ཆེན་སེལ་བའི་དེད་དཔོན་ཡིན།།
ང་ཚོ་ཁྱེད་ལ་མི་དད་སུ་ལ་དད།།
དཀའ་སྡུག་གཙང་བོའི་གཞུང་གི་ཀོ་གྲུ་དང་།།
མི་ཚེའི་འགྲུལ་བཞུད་ཁྲོད་ཀྱི་ས་མཁན་ཏེ།།
སྙིང་རྗེའི་མེ་ཏོག་བཞད་པའི་མ་མ་ཡིན།།
བློ་རྩེ་ཁྱེད་ལ་མི་གཏད་སུ་ལ་གཏད།།
ཁྱེད་ནི་ང་ཚོའི་སེམས་ཀྱི་གུར་ཁང་དུ།།
སྣ་ཚོགས་ཚོན་གྱིས་བསླད་པར་མ་བྱས་པའི།།
བྱིན་ཆགས་ལྷུན་གྱིས་གྲུབ་པའི་རི་མོ་སྟེ།།
ཕྱོགས་རིས་འཐེན་འཁྱེར་བྲལ་བའི་དྲང་སྲོང་ཡིན།།
ང་ཚོ་ཁྱེད་ལ་མི་དད་སུ་ལ་དད།།

འབབ་གངས་རྒོད་ཀྱིས།

ཐད་སྒྲོག་ཅེས་པའི་ང་ཚོ་བོད་ཀྱི་ཐ་སྙད་གསར་བ་ལས་འཕྲོས་ཏེ་རང་གི་བསམ་ཚུལ་ཉུང་ཙམ་ཞུ་ན་འདོད་སོང་།



ཁ་སང་གྲོགས་པོ་ཞིག་གིས་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ལས་འབྱུང་བའི་ཐ་སྙད་དུ་མ་ཞིག་སྟབས་བདེ་བར་བསྒྲིགས་ཏེ་དྲྭ་ལམ་དུ་བཀོད་པ་ལ། དྲ་འབུ་འགའ་ཞིག་གིས་ཐ་སྙད་རེ་འགའ་མིག་དང་ངག་ལ་མ་གོམས་ཤིང་མ་འདྲིས་པ་ཙམ་གྱིས་ཐ་སྙད་སྒྲིག་མཁན་དག་གི་ལོ་ངོ་བཅུ་ཕྲག་གི་རྔུལ་ཆུ་དང་ལྷག་བསམ་དཀར་པོ་ལ་ཅི་མི་སྙམ་པར་རྡོག་བརྫིས་དང་འདི་ལྟའི་ཐ་སྙད་གསར་པ་དག་ཆམས་ཀྱིས་གད་སྙིགས་སུ་བསྐྱུར་བར་བྱེད་པ་ནི་ཅི་འདྲའི་རྒྱུ་འབྲས་མ་རན་པ་དང་སྐྱོ་དགོས་པའི་དོན་ཞིག་རེད་ཨང་།

ཡང་གྲོགས་པོ་རེ་འགས་རྣམ་འགྱུར་ལེགས་པོའི་སྒོ་ནས་རང་གི་བསམ་ཚུལ་གསུངས་ཀྱིན་འདུག

དེ་ནི་ཧ་ཅང་ཡག་པོ་རེད།

ཐ་སྙད་གཙོ་སྒྲིག་པ་དག་གིས་ཀྱང་ཁྱེད་ཚོས་ངེས་པར་དུ་རང་རང་གི་ལྟ་ཚུལ་བརྗོད་ཤོག་ཅེས་གསུངས་ཀྱིན་ཡོད་པ་རེད་ལ་དེའི་ཕྱིར་མིང་མཛོད་འདིའི་དེབ་ཀྱི་བར་དུ་བསམ་ཚུལ་བྲི་སའི་ཤོག་ལྷེ་ཞིག་ཀྱང་བཅུག་ཡོད་པ་རེད།

དེ་མཐོང་ཨེ་སོང་དྲྭ་གྲོགས་ཚོ།

སྤྱིར་ན་སྒྲིག་མཁན་དག་ལ་ནོར་འཕྱུག་ངེས་པར་ཡོད་པ་རེད། ཐ་སྙད་མི་བདེ་བ་ཡང་འབྱུང་གི་རེད། ཡིན་ན་ཡང་ཐ་སྙད་ཕལ་ཆེ་བ་ནི་ཁོང་ཚོས་ཡང་ཡང་བསམ་བློ་དང་ཞིབ་བསྡུར་བྱས་ཏེ་དམིགས་ཡུལ་རྒྱ་ཆེ་ས་ནས་གཏན་ལ་ཕབ་པ་རྐྱང་རྐྱང་ཡིན་གི་རེད་ཅེས་སྨྲས་ན་མི་འགྲིག་པ་གང་ཡང་མི་འདུག་སྙམ།
དཔེར་ན་ཐད་སྒྲོག་ཅེས་པའི་ཐ་སྙད་འདི་ཤིན་ཏུ་མི་ལེགས་པར་བརྗོད་མཁན་འདུག་མོད། རང་གི་ལྟ་ཚུལ་ལྟར་ན་འདི་ནི་སྒྲིག་མཁན་དག་གིས་དམིགས་ཡུལ་ཆེ་ས་ཞིག་ནས་གཏན་ལ་ཕབ་པ་རེད་སྙམ་པ་ཡིན།

ཅི་ལ་ཟེར་ན། རྒྱ་ཡིག་ 播ཞེས་པའི་ཐ་སྙད་འདི་སྒྲོག་ལ་བསྒྱུར་ན་播 འབྱུང་ས་ཕལ་ཆེ་བར་སྒྲོག་ཅེས་བསྒྱུར་ན་སྟབས་བདེ་ཞིང་ཐ་སྙད་མང་པོ་ཞིག་གཅིག་གྱུར་འབྱུང་གི་རེད།

ཁོང་ཚོ་ལ་དེ་འདྲའི་དགོངས་ཚུལ་ཡོད་པ་རེད།

དེ་ལྟར་མ་ཡིན་པར་播མཐའ་གཅིག་ཏུ་གཏོང་རྐྱང་བར་བསྒྱུར་ན་མི་བདེ་བ་མང་པོ་འབྱུང་གི་རེད།

དེ་དག་འོག་ནས་བཤད་ཡོང་།


སྤྱིར་ན་ཐད་གཏོང་ཞེས་བསྒྱུར་ན་མི་འགྲིག་པ་གང་ཡང་ཡོད་མ་རེད། མ་ཟད་ཁོང་དག་གིས་ཀྱང་ཐད་གཏོང་ཞེས་བསྒྱུར་ཡོད་སའང་དུ་མ་ཡོད་པ་རེད། དེས་ན་直播ཞེས་པ་ལ་ཐད་གཏོང་དང་ཐད་སྒྲོག་གཉིས་ཀ་བཏགས་ན་འགྲིག་པར་སྙམ་སོང་།


ཡང་ཁ་ཅིག་གིས།

ཐད་སྒྲོག་ཅེས་སྨྲས་ན་འགྲིག་གི་མ་རེད། མཚོ་སྔོན་རྒྱང་སྒྲོག་ཁང་གིས་ཐད་གཏོང་ཞེས་བཏགས་ནས་གནའ་ཞིག་རེད་ཅེས་གསུངས་མཁན་འདུག་མོད། 广播ལ་རྒྱང་སྒྲོག་ཅེས་འབོད་བཞིན་དུ་直播ལ་ཐད་སྒྲོག་ཏུ་འབོད་མི་རིགས་པར་སྨྲ་བ་འདིའང་རང་གིས་རང་ལ་འགྲམ་ལྕག་ཚ་ཐག་ཆོད་རེ་སྤྲད་པ་ལས་མ་འདས་སོ།།

གལ་ཏེ་直播ལ་གཏན་ཐག་པ་ནས་ཐད་སྒྲོག་ཅེས་འབོད་མི་རིགས་ན།

广播དང་联播ལ་རྒྱང་སྒྲོག་དང་མཉམ་སྒྲོག་ཅེས་འབོད་མི་རིགས་པར་རྒྱང་གཏོང་དང་མཉམ་གཏོང་ཞེས་འབོད་དགོས་པར་འགྱུར་རོ།། དེ་ལྟར་འབོད་ཆོག་ཟེར་ན།

དེ་ལྟར་སྨྲས་ན་འགྲིག་གི་མ་རེད། མཚོ་སྔོན་རྒྱང་སྒྲོག་ཁང་གིས་རྒྱང་སྒྲོག་དང་མཉམ་སྒྲོག་ཅེས་སྨྲས་ནས་གནའ་ཞིག་རེད་ཅེས་ཁྱོད་ཀྱི་རྒྱུ་མཚན་ཁྱོད་ལ་བཀོད་ན་ཁྱོད་ཀྱིས་ཇི་ལྟར་སྨྲ་རྒྱུ་ཡིན།



དེས་ན་དངོས་པོ་གཅིག་ལ་མིང་གཅིག་ཁོ་ན་འདོགས་དགོས་པའི་ངེས་པ་མེད་ཅིང་།

དོན་དང་མཐུན་ལ་དགོས་པ་ཆེ་བའི་ཐ་སྙད་རེ་ཟུང་བཏགས་ཆོག་པ་ཤེས་པར་བྱས་ནས།

ཐ་སྙད་གསར་བ་དག་ལ་རང་ཉིད་མ་གོམས་པ་ཙམ་རྒྱུ་མཚན་དུ་མི་བྱེད་པར་དགོས་པ་དང་དམིགས་ཡུལ་མཐོང་བའི་ཤེས་རབ་བསྣམས་ཏེ།

མ་གོམས་པ་རྣམས་གོམས་པར་བྱས། གོམས་པ་རྣམས་དང་ལྷན་དུ་རེ་འགའ་ཡང་གོམས་པར་བྱས་ཏེ།

ང་ཚོའི་དམིགས་ཡུལ་མཐར་ཐུག་པ་བོད་སྐད་ཡིག་གཅིག་གྱུར་གྱི་ཕྱོགས་ལ་གོམ་སྟབས་བསྒྱུར་ན་མི་ལེགས་སམ། ང་ཡི་སྒང་བ་བོད་པ།

[心][心][心]

#彭措书香[超话]# ད་གཟོད་བྲེལ་ཟིང་ཚ་བའི་དུས་འདིར་སེམས་ལྷོད་ལ་བབ་ནས་རྩོམ་པ་པོ་དག་གི་སྨྱུག་རྩེ་ལས་འཁྲུངས་པའི་ཡིག་འབྲུ་དེ་དག་ཀློག་མཁན་ཡོད་དམ།
རྒྱུན་པར་ངས་བཤད་འདོད་པའི་སྐད་ཆ་དག་ཡི་གེའི་གཟུགས་སུ་བཀོད་ནས་ཁྱེད་ཚོའི་མིག་ལམ་དུ་བསྟར་འདོད་ཀྱི་འདུན་པ་གཡག་ལས་ཆེ་བ་ཞིག་ཡོད་ན་ཡང་ད་ནི་རི་གྲོང་གི་བྱིས་པ་ཁྱུ་ཞིག གྲོང་ཁྱེར་གྱི་ན་གཞོན་མང་དག་ཅིག་གིས་བོད་ཡིག་གཡུག་ནས་རྒྱའི་སྐད་ཡིག་ལ་འབད་དུས་ང་རང་ལ་བརྗོད་མི་ཤེས་པའི་ངལ་དུབ་ཅིག་སྐྱེས་ནས་རྩོམ་འབྲིའི་འདུན་པའང་སྣུམ་ཟད་ཀྱི་མར་མེ་བཞིན་གྱུར་འགྲོ།
རེད། དེ་སྔོན་རྩོམ་འབྲིའི་དམིགས་འབེན་ཁྱེད་ཚོའི་ཁོ་ནའི་ཆེད་དུ་ཡིན་ཡང་། རེ་ཞིག་ཀློག་མཁན་མེད་པར་དོགས་ནས་ཀ་མད་དག་ལ་བལྟས་ནས་ཧད་དེ་བསྡད་ཡོད། མནོ་བསམ་ཞིབ་མོར་བཏང་རྗེས། ངས་ཅིས་ཀྱང་སྨྱུག་མཚམས་འཇོག་མི་ཉན་པར་སྙམ་བྱུང་། རྒྱུ་མཚན་ནི་ང་དང་ཡུན་རིང་འགྲོགས་པའི་གསལ་བྱེད་སུམ་ཅུ་ལ་ཤ་གསེང་རུས་གསེང་ནས་འཛིར་ཡོང་བའི་བརྩེ་བ་གཟབ་མོ་ཞིག་ཡོད་པས་གློད་ཐུབ་མ་བྱུང་། ད་ཕན་ངས་བྲིས་པའི་ཡིག་འབྲུ་དག་གཞན་ཅི་ཡང་མ་ཡིན་ལ། སུའི་ཆེད་དུའང་མིན། དེ་ནི་གསལ་བྱེད་སུམ་ཅུ་ལ་མཆོད་པ་ཙམ་ཡིན། [蜡烛][蜡烛][蜡烛]


发布     👍 0 举报 写留言 🖊   
✋热门推荐
  • 人生不过是一张清单,你要的,你不要的,计算得太清楚的人通常聪明无比,但,换来的却是烦恼无数和辛苦一场。以后你就会知道,生活中真的没有几件事情是值得我们搭上礼貌,
  • 我是真的会谢今天真的是体验了一次社会性社死今天开车回家导致堵了一条街后来有车主实在看不下去出来指导我怎么开但是我还是怕我就问他能不能帮我开一下他说好可以最后我一
  • 电器篇1、厨房冰箱容量,能买大尽量买大容量的,现在的冰箱不容易坏,东西好好的不坏很难能更换。电器篇1、厨房冰箱容量,能买大尽量买大容量的,现在的冰箱不容易坏,东
  • 孝顺父母不能等~#大时代微商招代理# 小时候,爸妈给了我们所有的爱长大了,依然是他们心中长不大的孩子如今父母老了,我们应该拿他们当孩子了陪伴,倾听,为他们排忧
  • “无意识思维是一个很直观的概念,指的就是在人类无法意识到思维的过程,最后却产生了或者意识到了思维的结果的心理过程。如果将这种无意识的选择提升至思维的角度,你会发
  • · 水瓶座 ·水瓶座一向是朋友最多的,但是他们却十分不喜欢过度热情的那种人;水瓶座认为人与人之间应该有一个安全距离,即使是很亲密的人,也得有自己的空间。处女座最
  • 我现在真的越来越省心也越来越乖了吧[抱一抱]#食物语手游[超话]#啊啊啊啊啊啊啊啊家人们怎么说家人,真的是玄学!(超话13级那个浩之前被jy了,就在其他几个je
  • ⚡宿舍环境:有单人间二人间四人间六人间(不同校区不同房型)独立卫浴,配置空调洗衣机,宿舍有阳台,有热水⚡食堂环境:可以电子支付,也可办校园卡,午饭价格在15元左
  • 我问店员是不是里面没有坚果,店员跟我说里面是桂圆,所以我买了,今天吃的时候才发现里面其实有核桃…哎我真的不想吃核桃的,虽然这个核桃在里面就是增加了脆脆的口感和核
  • 明星减肥心得1、少食多餐在减肥期间会将三餐分成五餐,看似一整天都在吃东西,但是每餐吃的量并不多,而且都是一些低热量的食物,不仅增加了饱腹感,还帮助避免了暴食。4
  • 王志飞此次在《玫瑰之战》中演绎八面玲珑的职场人,恐怕是最有说服力的选角了,不知道黄晓明对上这样的老戏骨,能不能保得住男主的风头。黄晓明凭借着《你迟到的许多年》《
  • 大家好,2020年因疫情孩子有一两个月在家上网课,图中是江西省鹰潭市余江区私立(双语学校)的校历,现在学校改7月2号放暑假,跟图中暑假时间相差将近一个月了,学费
  • 在网上,电子地图更能起到一“句”顶万句的作用,“目前,中国稀土产业电子地图标注的稀土企业共计2013家,覆盖了全国,同时,我们通过磁材、发光、抛光、储氢、催化等
  • #红色摇篮山水吉安# 边上还有一座王造时生平事迹馆,讲述历史风云。这是一家“挂”在悬崖峭壁上的绝美民宿,在海拔1866米的老君山中天门广场,连气温都凉爽了几度。
  • 开心的一天p1.2.3.早饭~午饭~今天吃了心心念念的寿司~喝到了好久没喝到的蜜雪冰美式☕️真的yyds[打call]然后吃了几口室友中辣炒米粉,真的好辣,嘶哈
  • 我说:如果你不同意我的三个条件,我可以给你6000元雇个保姆帮你照顾孩子,直到他上学媳妇听后气愤地说:反正我也不给你生活费。我和老伴很不情愿,但没有人照顾我们的
  • 怎么看怎么划算[二哈]#无锡饿货吃吃吃#今日份一早睡了回笼觉搜索美食地-李家豆花寻着目的地漫逛顺便买了运动鞋吃的有辣子鸡和卤肉还有新鲜的新鲜的水果吃饱逛了博物馆
  • 在“七彩云端”APP的“看见云南”版块,以七种颜色来代表“思政”、“民生”、“三农”、“生态”、“风光”、“发展”、“文化”将依托“七彩云”融媒体平台成熟的四级
  • 检查结果,正常,这是个好消息,开心;接娃放学,儿子在人群中一眼就见到了我,高兴的蹦高叫着“妈妈、妈妈”开心;街上遛狗,“糖豆”已经可以跟着我们跑了,虽然,跑了3
  • 庆幸我孑身一人,觉得隔音还不错左右都不吵除了楼道的声音都能听到,后来一想,是不吵,因为都是一人一间,能有什么动静呢[允悲]现在拼的是心态了吧,既然喜提“假期”就