ལན་རེར་བྱ་བཞག་རེར་འཇུག་འདོད་ཀྱང་། བྱ་བ་གང་དེ་འགྲུབ་པར་རང་ལ་ཡིད་ཆེས་དང་གདེང་ཚོད་དེ་ཙམ་མེད་པའི་རྐྱེན་བྱས་ཏེ། ཚོད་ལྟའི་གོ་སྐབས་ཙམ་ཡང་མེད་པ་ཆགས་འགྲོ། རང་སེམས་ནས་ཀྱང་རང་ལ་གདེང་ཚོད་མེད་པས། བྱ་བ་དེར་འཇུག་ཀྱང་འགྲུབ་མི་སྲིད་སྙམ་གྱི་ཡོད། འདུ་ཤེས་དེ་ནི། ཡར་རྒྱས་ཀྱི་བཀག་རྡོ་ཆེས་ཆེ་ཤོས་ཤིག་ཡིན་ས་རེད། ང་ཚོ་ཕལ་ཆེ་བ་ཡང་འདུ་ཤེས་དེས་བཟོས་པའི་ནག་དོང་ནང་དུ་ལྷུང་སྟེ། ཕྱིར་ཐར་གྱི་མེད་ས་རེད། དོན་ངོ་མར་བྱ་བ་དེ་འགྲུབ་པའི་ཡིད་ཆེས་དང་གདེང་ཚོད་ཆེན་པོ་བྱུང་ན། ད་གཟོད་ལས་དེར་འཇུག་པའི་མགོ་རྩོམ་དགོས་པ་མ་ཡིན་པར། དང་ཐོག་རང་ལ་ཡིད་ཆེས་གང་ཡང་མེད་ནའང་། འགྲུབ་དཀའ་བའི་ལས་དེར་འབད་བརྩོན་གྱིས་འཇུག་པའི་གོ་རིམ་ཁྲོད་ནས་ད་གཟོད་ཡིད་ཆེས་དང་གདེང་ཚོད་རྙེད་དགོས་པ་ཞིག་ཡིན་ས་རེད། ང་ཚོས་རྒྱུ་འབྲས་གོ་ལྡོག་སྟེ། ཡིད་ཆེས་དང་འཇོན་ནུས་ནི་རྒྱུ་དང་། བྱ་བའི་ལེགས་འགྲུབ་ནི་འབྲས་བུར་ལྟ་བཞིན་ཡོད་མོད། དོན་དམ་དུ་ལག་ལེན་ནི། རྒྱུ་དང་། ཡིད་ཆེས་དང་འཇོན་ནུས་ནི། བྱ་བར་འབད་འབུང་གི་ལག་ལེན་དེའི་ཁྲོད་ནས་ཞོར་འབྲས་སུ་ཡོང་དགོས་པ་ཞིག་ཡིན་པ་འདྲ། དེ་ལས་ཚབས་ཆེ་བ་ཞིག་ལ། རང་ལ་བྱ་བ་དེ་ཉིད་འགྲུབ་པའི་གདེང་ཚོད་དང་ཡིད་ཆེས་མེད་པ་ནི། བྱ་བཞག་དེར་གཡོལ་ཐབས་ཀྱི་ཁ་གཡར་ས་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་དེ་རེད། ཁ་གཡར་ཐབས་ནི། དཔེར་ན། ངས་ནི་བྱ་བ་དེ་འགྲུབ་མི་སྲིད་ལ་འགྲུབ་པའི་རེ་བ་གང་ཡང་མེད། རྒྱུ་མཚན་རང་ལ་བྱ་བ་དེ་འགྲུབ་ནུས་པའི་ཡིད་ཆེས་གང་ཡང་མི་འདུག་ཟེར་བ་ལྟ་བུ་རེད། སྐད་ཆ་འདིའི་རིགས་ནི། ང་ཚོ་མང་ཆེ་བས་ཤིན་ཏུ་རྒྱུ་མཚན་ཞིག་ཡོད་མདོག་གིས་བཤད་མྱོང་ཡོད། འོན་ཀྱང་འདུ་ཤེས་དེ་འདྲ་སྐྱེས་པའི་སྐད་ཅིག་དེ་ཉིད་ལ། རང་གིས་རང་ལ་བསླུ་བྲིད་བཏང་བ་དང་། རང་གིས་རང་ཉིད་ནག་དོང་དུ་གཡུགས་པའོ།། བསམ་བློའི་ནག་དོང་དེ་ལས་ཐར་འདོད་ན་ནི། ལག་ལེན་གྱི་འབྲས་བུར་ད་གཟོད་ཡིད་ཆེས་དང་འཇོན་ནུས་འབྱུང་དགོས་པ་ལས། ཡིད་ཆེས་མེད་པ་དེ་ཉིད། ལེགས་འགྲུབ་མི་འབྱུང་བའི་རྒྱུ་རུ་སྨྲ་བ་ནི། དཀའ་སྡུག་དང་དུ་ལེན་པར་སྐྲག་པའི་གཡོལ་ཐབས་འབའ་ཞིག་ཡིན་པའི་ངང་ཚུལ་དེ། གསལ་བོར་ངོ་འཕྲོད་དགོས་པ་དེའོ།།

༄༅།།དེ་རིང་སློབ་མ་ཞིག་གི་དོན་དུ། ཁོ་རང་གི་ཨ་ཕ་སློབ་གྲྭར་ཕེབས། སློབ་མ་དེའི་ཨ་ཕས་ང་ལ། ང་ཚོའི་ཕ་ཡུལ་༼ དཔལ་ཡུལ་རྫོང་༽ལ་སློབ་གྲྭ་ནས་མཐར་ཕྱིན་ཏེ། ཕྱིར་འོང་མི་སློབ་མ་མང་པོའི་ཁྲོད་ནས། ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་ཕལ་ཆེ་བ་ནི། བསམ་པ་བཟང་པོ་དང་། སྤྱོད་པ་ཡག་པོ། ཡ་རབས་གུས་ཞབས་ལྡན་པ་ཞིག་རེད། དེར་བརྟེན། ངའི་བུ་འདི་ཡང་སློབ་གྲྭ་དེར་ཞུགས་ཐུབ་ན་སྙམ་ནས། མིང་ཐོ་བཀོད་དེ་རྒྱུགས་སྤྲད་པས་འཕྲོད་སོང་། བུ་སློབ་གྲྭར་ཞུགས་ཟིན་རྗེས། བུའི་ཨ་མས་གྲོང་རོགས་ཁྱིམ་མཚེས་དང་ངོ་ཤེས་རྣམས་ལ། ངའི་བུས་ཞིང་ཆེན་བོད་ཡིག་སློབ་གྲྭར་སློབ་སྦྱོང་བྱེད་ཀྱིན་ཡོད་རེད་ཅེས་ངོ་སོ་ཆེན་པོ་བྱེད་ཀྱིན་ཡོད། ཅེས་དང་། ཡང་ཁོས། ང་ལ་ཕྲུ་གུ་གསུམ་ཡོད། ངའི་ཁྱིམ་གྱི་འཚོ་བ་དེ་ཙམ་ཡག་པོ་མེད་ཀྱང་། ང་དབྱར་ཁ་རེ་བཞིན་དབྱར་རྩྭ་དགུན་འབུ་བརྐོ་བར་འགྲོ་བཞིན་ཡོད་པས། ཡོང་སྒོ་དེས་ངའི་བུ་ཕྲུག་ཚོའི་སློབ་སྦྱོང་གི་འགྲོ་གྲོན་ལ་སེམས་ཁྲལ་མི་དགོས། ངས་བུ་ཕྲུག་གསུམ་པོ་དབྱར་རྩྭ་དགུན་འབུ་བརྐོ་སར་ཉི་ཕྱེད་ཙམ་ཡང་འཁྲིད་མ་བྲ། ཁོ་ཚོས་ངེད་ཕ་མ་ནང་བཞིན་སྡུག་དཀའ་ལས་ཆེན་པོ་མྱོང་མི་དགོས་པ་ཞིག་ཨེ་ཡོང་ལ་བསམས་པ་ཡིན། ཞེས་ཤོད་བཞིན་མིག་ནས་མཆི་མ་གཏོང་གིན་ངུས་བྱུང་། སྐབས་དེར་ངའི་སེམས་ཀྱི་ཚོར་བ་ཡང་ཁ་ལ་སྐྱུར་བ་ཞིག་བྱུང་། ངའི་ལས་གྲོགས་ཤིག་གིས་ངས་དེ་སྔོན་ལོ་ངོ་ཉི་ཤུ་ལྷག་རིང་། སློབ་མ་འགའི་ཨ་མ་ངུས་པ་མཐོང་མྱོང་བ་ལས། སྐྱེས་པ་ཕོ་ཞིག་ངུས་པ་མཐོང་མྱོང་མེད་ཟེར། ང་ཚོའི་བོད་ཀྱི་གཏམ་དཔེ་ལ་ཕ་སེམས་བུ་ཐོག་དང་བུ་སེམས་རྡོ་ཐོག་ཟེར་བ་ཞིག་ཡོད་པ་དེ། ཕ་བུ་འདི་ལྟ་བུའི་རིགས་ལའང་གོ་ཆོག་པ་ལོས་ཡིན་བསམས། ང་ཚོས་གནས་ཚུལ་འདི་དག་ལས། སློབ་གྲྭ་ཞིག་དང་དགེ་རྒན་ཞིག་གི་འགན་ནུས་དེ་ཅི་འདྲའི་ལྗིད་བ་ལ་ཨང་སེམས་བཞིན་ཡོད།

祝願第41任薩迦赤千法王長久住世、法體安康。弘法利生事業廣大圓滿!
[鲜花]
࿑ བྱང་ཕྱོགས་སྐྱོང་བའི་སྐྱོབ་པ་མཆོག་གྱུར་པ། །
守護北方最勝救怙主,
མཁས་གྲུབ་རྒྱ་མཚོས་ཡོངས་སུ་གང་བའི་གནས། །
博學成就大海周遍處,
གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པ། །
在此雪山山脈闡教法,
ས་སྐྱ་པ་ཡི་བསྟན་པ་རྒྱས་གྱུར་ཅིག །
祈願薩迦教法廣弘揚。


发布     👍 0 举报 写留言 🖊   
✋热门推荐
  • 我见到了比我年龄还小的非直属 年纪轻轻却已经有了做创始人的风范 我也见证了我的直属 看着她被鲜花人群簇拥为她打心底里高兴 初黎做到现在还能这么成功离不开千千万万
  • 温州商务ktv推荐-温州好玩的ktv排名在温州的商务KTV,我找到了音乐的力量。在这里,每个人都可以成为音乐的主角,享受属于自己的舞台。
  • ”而在白雪皑皑的北国,春意还早,雪花争做梨花杏瓣,拥围着一盏盏扮着靓装的灯,挤着看在半空中璨然盛放的烟火。孩童的天真,少年的灿烂,中年人的喜悦满足,老年人的鹤发
  • #迪丽热巴VOGUE第二套# ╭═╮┌═══✞═✞═♡═♡═ ╮ ╭╯让一让║美神迪丽热巴来了 ╰⊙═⊙╯╰═⊙═⊙══╯ #迪丽热巴第二套造型图# #
  • 大家好,今天分享的腕表则是来自VS厂欧米茄海马300系列,对于这个系列,旗下的腕表款式也是非常多,当然对于特殊款,也是得到了很多表友的关注,如007系列腕表,幽
  • 大K最近觉得后妈不好玩那是因为他老要我背他,扣我脖子还“up、up、up”“faster、faster、faster”他不知道后妈是会反抗的从后面掐他屁股两个人
  • #齐司礼[超话]# 《让我们见见春天》 (关于一觉醒来后,床上出现了幼年齐司礼发生的事情……) 第一章(中) 手中的狐狸其实称不上小狐狸,可是他被你大呼
  • 因为只有这样,我们才能像王星越一样,在人生的舞台上,绽放出属于自己的光芒。王星越的非凡之路在繁星点点的天空中,总有那么几颗星星,以其独特的光芒,照亮我们的前行之
  • 晚饭后去了趟奶奶家看阿太(做了椎间盘突出手术)太奶奶这辈难免重男轻女自己也是生了三女儿遗憾没有儿子经历了这事女儿们轮流照顾尤其旦旦奶奶老人家就语重心长地让我们再
  • 有病的人还真的蛮多的我也是服了啊喂,还不承认啊哈哈哈哈哈,好不容易消停会啊我真的是服了啊兄弟哈哈哈哈,没事干嘛瞎代入啊干嘛啊干嘛啊这是,已经无语了啊,被逼的已经
  • (*ˊᵕˋ)੭♡”もしもし まだ I love you baby,喂喂 我仍然 爱着你宝贝,ときどき I’m going crazy,有时候 我觉得自己就
  • 今年的6-1,算是软着陆,去年这时候好像还没到家,今年在老家接待远道而来的朋友,正好今天送走,这来一回四个人一起忙活,接人住宿我管理,请客吃饭换个人,游玩导游又
  • 他在《千金要方•养性序第一》中特别强调老年人“唾不至远,行不疾步,耳不疾听,目不疾视,坐不久处,立不至疲,卧不至懻。他炼制的“太一神精丹”即“主客忤霍乱,腹病胀
  • 此外马士基称红海的拥堵对全球供应线的影响比此前预期的要大,这进一步又推高了运费。马士基周一表示,它看到了全球港口进一步拥堵的迹象,尤其是在亚洲和中东,这正在导致
  • 与此同时,那一时期潘文彬和向华翔则是集团财务部经理,也就是正处级干部,后来在财务公司成立后才一步步成长,最终成为公司副总经理,其中向华翔至今在任。【中移铁通副总
  • 毫无疑问,降低职业教育改革发展的重心,强化地方政府的责任担当,依托新型载体,推动制度创新,统合行业、企业、研究机构和学校等各方力量,打造现代职业教育体系建设新
  • 近些年看了一些展,不知为什么,这个展让我异常平和安静,它少了很多哗众取宠的东西,你一个人听解说领悟即可。几天之前还是“我想逃离”但是真的看着日程本上一项项被划掉
  • ————豫记按徐江雁 尹笑丹|撰文“源深流长”的中原中医药学河南,处“天地之中”是中华文明早期的文化中心,他历经千年的发展,形成了独具特色的中原文化,是中华文化
  • #初寻日记品牌官方[超话]# 联盟海量爆单角¹ 九宫格进账❷❶⓿❾ 还有不爱晒的呆梨出单 每天满满当当 状态顶顶好 初寻 | 悠塔 | 赫夫生医 | 碧缇福
  • 今天是6.3号是平台升级后的第三次做环保活动,我今天在家做绿化环境活动,在家养了好几种花,有虎皮兰 ,有仙人球,有米兰,仙人山,我平日里淘米的水我留下来,今天用