བཞུད་ཟིན་པའི་འདས་དོན་མང་པོ་ཞིག་ཁྱོད་དང་ལྷན་དུ་མིག་ཆུས་སྐྱེལ།
རྫོགས་ཟིན་པའི་དཀའ་སྡུག་མང་པོ་ཞིག་ཁྱོད་དང་མཉམ་དུ་ཤུགས་རིང་གིས་སྐྱེལ།
མདོར་ན་ཕྱིར་འོང་མེད་པ་ཡོད་ཚད་ཁྱོད་ཀྱི་རྗེས་སུ་སྐྱེལ།
རྫོགས་ཟིན་པའི་དཀའ་སྡུག་མང་པོ་ཞིག་ཁྱོད་དང་མཉམ་དུ་ཤུགས་རིང་གིས་སྐྱེལ།
མདོར་ན་ཕྱིར་འོང་མེད་པ་ཡོད་ཚད་ཁྱོད་ཀྱི་རྗེས་སུ་སྐྱེལ།
ལོ་སྔོན་མ་དག་དང་མི་འདྲ་བར་ད་ནི་ངས་འདི་ལོན་འདུག་ཅེས་སྟོན་ས་ཞིག་མེད་ནའང་དགའ་སྐྱོ་ཟུང་གིས་མིག་མཐར་མཆུ་མ་ཞིག་འཁྱིལ་ཞིང་། མགྲིན་པ་བརྣངས་ཏེ་རང་ཤག་ཏུ་འཛུལ་ཡོད། ཨ་མ། སྐྱེ་བ་འདི་ང་གཉིས་ཤི་གསོན་བར་ཐག་གིས་ཕྱེས་ཀྱང་། ངས་ཁྱེད་ཀྱི་རེ་བཞག་དེ་ཅིས་ཀྱང་འགྲུབ་ཐུབ་སྨོན་ལམ་རྒྱག་གི་ཡོད།
ཕ་ཡུལ་གངས་ལྗོངས་ཀྱི་སྤུན་ཟླ་ཚོའི་བདེ་སྡུག་ལ་ངས་ནམ་རྒྱུན་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད། སྐབས་འགར་ངས་ལག་ཟུང་ཐོད་དུ་བཀན་ཏེ་རི་བོ་ཧི་མ་ལ་ཡའི་ཕར་རྒྱབ་ནས་ཁྱེད་ཅག་གི་ཕྱོགས་སུ་རྒྱང་ལྟ་བྱེད་ཀྱིན་ཡོད།༧དཔལ་རྒྱལ་དབང་ཀརྨ་པས།
✋热门推荐