༄། བོད་སྤུ་རྒྱལ་གྱི་གདུང་རྒྱུད་ལས་བྱུང་བའི་ལོ་ཙཱ་བ་དང་པོ་སྟེ།དཔལ་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་དུ།སངས་རྒྱས་ཆོས་ལུགས་ཀྱི་སྔགས་ཀྱི་རྒྱུད་དང་བསྟན་བཅོས་ཆེན་པོ་ཁྱོན་སྡོམ་དྲུག་ལྷག་སཾ་སྐྲྀ་ཏའི་སྐད་ནས་བོད་སྐད་དུ་བསྒྱུར་གནང་མཛད་ཅིང་།དུས་སྐབས་དེར་དར་བའི་སངས་རྒྱས་ཆོས་ལུགས་ཀྱི་སྔགས་སྤྱི་དང་ཁྱད་པར་མ་རྒྱུད་ཀྱི་ཆགས་ལམ་ལ་བཀག་འགོག་ཤུགས་ཆེར་མཛད་མཁན།སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བོད་ཀྱི་ལྷ་བཙན་པོ་བླ་མ་ཕོ་བྲང་ཞི་བ་འོད་འདི་ཉིད་ལ་རང་རེའི་ལོ་རྒྱུས་རྣམས་སུ་ཐུགས་སྣང་དེ་ཙམ་མི་ཆེ་ཡང་།འཕྲུལ་གྱི་འོད་གསལ་བཙན་པོའི་གདུང་ལས་འཁྲུངས་པའི་མཁས་པ་གཤའ་མ་ཞིག་ཡིན་པ་ནི་གདོན་མི་ཟའོ།།[太阳] #དཔེ་ཀློག་དང་བསམ་བློ།##དམ་པ་རྗེས་དྲན།##阅读[超话]#

བྱུང་རིམ་རེ་ཟུང་དང་སྐད་ཆ། ལྷག་པར་རྩོམ་མཇུག་ཅུང་ཟད་ལས་ཐུབ་ཡོད་ན་རྔ་བ་ཚེ་རིང་སྐྱིད་ཀྱི་རྩོམ《བོར་ཟིན་པའི་ལག་ཟུང》ཞེས་པ་ཤིན་ཏུ་ཡག་སྣང་བྱུང་།

སྒྲུང་ནང་གི་བུ་མོ་གཞོན་ནུ་མ་སྐལ་བཟང་མེ་ཏོག་གི་ལག་ཟུང་ནི། ཝིར་ཇི་ཉི་ཡཱ་ཝོལ་ཧྥྀ་ཡི《རང་ཉིད་གཅིག་པུར་དབང་པའི་ཁང་པ》A room of one’s ownདང་འདྲ་སྟེ། ཝོལ་ཧྥྀའི་སྐབས་ལ་སྤྱི་ཚོགས་དང་ཁྱིམ་ཚང་གི་གནོན་ཤུགས་ཀྱིས་བུད་མེད་རྩོམ་མཁན་ཞིག་ཡིན་ན་རང་ལ་དབང་བའི་རྩོམ་འབྲི་སའི་ཁང་པ་ཞིག་མེད་པ་དང་། སྐལ་བཟང་མེ་ཏོག་ལ་ནི་མ་གཞི་རང་ཉིད་ལ་དབང་འོས་པའི་ལག་པ་ཟུང་དེ་རང་ལ་མ་དབང་། ཡང་ན་སྤྱི་ཚོགས་དང་ཁྱིམ་ཚང་གི་གནོན་ཤུགས་ཀྱིས་རང་ཉིད་ཀྱི་ལག་པ་རང་ལ་“འབོར”་དུ་བཅུག སྔར་གྱི་ལེགས་བཤད་ཁྲོད་དུ“རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན། ། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། ། ”ཟེར་ཏེ། སྐལ་བཟང་མེ་ཏོག་ལ་ནི་སུག་བྲིས་འབྱོར་མི་འབྱོར་ལྟ་བའི་སྐབས་ཀྱང་མེད། རྒྱུ་མཚན་ནི་མོའི་ལག་པ་ཟུང་ཞོགས་པར་མལ་ལས་ལུངས་དུས་མེད་པར་གྱུར།

ལར་དེ་འདྲའི་ཕོ་མཆོག་མོ་དམན་དང་ཐབས་རྡུགས་ཐེབས་ཆག་ཅིག་རང་རེའི་སྤྱི་ཚོགས་མིན་མོད། བྱེ་བྲག་གི་དངོས་ཡོད་ལ་བབས་དུས། བུ་མོ་ཚོའི་རྨི་ལམ་གྱི་གཤོག་ཟུང་འབྲེག་གི་མེད་པའི་ཆ་བཞག་ཀྱང་། སྐུམ་དགོས་ཐུག་གི་ཡོད་པའང་ཁས་མི་ལེན་ཐུ་མེད་ཡིན། དེས་ན་ཝོལ་ཧྥྀ་ལྟར་ན། རྩོམ་འབྲི་མཁན་ཞིག་ལ་རྩོམ་འབྲི་ས་ཞིག་མེད་ཚེ་དེའི་ཕན་ཆོད་ཀྱི་ཕངས་སེམས་དང་སྡུག་བསྔལ་མེད་ཚུལ་བརྗོད་ཡོད་ལ། ཚེ་རིང་སྐྱིད་ཀྱི་རྩོམ་དུ། བདེ་ཐང་གི་མི་བུ་ཞིག་ལ་གལ་སྲིད་ལག་པ་མེད་པར་གྱུར་ཚེ། ཅི་ཞིག་བྱེད་ཐུབ། བྱ་ལ་གཤོག་པ་མེད་པར་གྱུར་ཚེ། བྱ་ཨེ་ཡིན། ཞེས་པའི་དྲི་བ་བཀོད་ཡོད། དེས་ན་ལག་ཟུང་བོར་བའི་སྐལ་བཟང་མེ་ཏོག་ནི་གཤོག་པ་བོར་བའི་བྱེའུ་ཞིག་སྟེ། ཁོ་མོའི་དངངས་འཚུབ་དང་སྐྲག་སྣང་། སྐྱོ་གདུང་ལ་བསམ་ཤེས་བྱེད་ལོས་ཐུབ། སྒྲུང་ནང་དུ་ཁོ་མོས་ཀྱང་འབད་འཐབ་དང་འཚོལ་སྙེག་བྱེད་ཀྱི་འདུག་སྟེ། མཐར་ལག་ཟུང་སྔར་བཞིན་ཁོ་མོར་འཐོབ་མ་ཐུབ། ཁོ་མོར་འཐོབ་མ་ཐུབ་པ་འདི་ཕྲན་གྱི་བསམ་པ་ལ་རྩོམ་པ་པོའི་བློ་སྤོབས་མཚོན་ཐུབ་པའི་བཀོད་སྒྲིག་ཅིག་ཏུ་བསམ།
རྩོམ་འདི་ཁ་སང་གྲོགས་པོ་ཞིག་གིས་ང་ལ་བསྐུར་བ་རེད་ལ། ངས་མ་བལྟས་གོང་དུ་ཁོང་ལ། གལ་སྲིད་གཟབ་ནན་གྱིས་བྲིས་པ་ཡིན་ན། བུ་མོ་ཚོས་མ་འདྲ་བ་ཞིག་འབྲི་ཐུབ་པར་འདུག་ཅེས་བསྐུར་མོད། རྩོམ་མཁན་འདིས་ཇི་འདྲ་བྲིས་ཡོད་ན་སྙམ་ནས་སེམས་ཁྲལ་ཕྲན་བུ་ཤོར། འོན་ཀྱང་བཀླགས་ཚར་རྗེས། སེམས་ཁྲལ་དེ་རང་ཡལ་དུ་གྱུར་ཞིང་། རྩོམ་འདི་ནི་ཝིར་ཇི་ཉི་ཡཱ་ཝོལ་ཧྥྀ་ཡི《རང་ཉིད་གཅིག་པུར་དབང་པའི་ཁང་པ》དང་སྦྲེལ་ནས་གླེང་ཆོག་པའི་རྩོམ་ཞིག་རེད་འདུག་ཅེས་བསྐུར།

རྩོམ་ཨང་དང་པོ་ཐོབ་པ་དེར་ཡང་མཇལ། དེ་ངོ་མ་ཁྱད་མཚར་བོ་ཞིག་རེད་མོད། ང་ངོ་མཚར་ས་རྩོམ་མིན་པར། དཔྱད་འདེམས་པ་ཚོ་རེད། དཔྱད་འདེམས་པ་ཚོས་རྩོམ་དེ་ལོག་གཡེམ་སྐོར་རེད་ཅེས་དགེ་སྡུག་ཡག་བཙོག་སོགས་ཀུན་སྤྱོད་ཀྱི་འདོར་ལེན་དེ་འདྲའི་ངོས་ནས་མ་གཡུག་པར་མ་ཟད། ད་དུང་རྩེ་གྲ་བྱིན་འདུག་པས། ཁོང་ཚོའི་རྩོམ་རིག་གི་བློ་སྦྱོང་དང་། བློ་སྦྱོང་དེ་ལས་འཁྲུངས་པའི་དཀྱེལ་ཡངས་དང་སྤོབས་པ་ལ་ངོ་མཚར་ཞིང་། རྗེས་སུ་ཡི་རངས་དང་གཟེངས་བསྟོད་ཤོར་བའི་ཁརར། རང་རེའི་རྩོམ་སྟེགས་སུ་གོ་ས་ཤིན་ཏུ་དམའ་བའི་དེང་རབས་རྩོམ་རིག་ལའང་མ་འོངས་པ་ཡོད་རྒྱུ་རེད་བསམ་ནས་དགའ་ཚོར་ཆེན་པོ་ཞིག་བཅོས་མིན་དུ་སྐྱེས།#ཟིན་ཐོ##སྒྲུང##དཔེ་ཀློག##写作##文学##རྩོམ་རིག#

萨迦法王子无变金刚仁波切拜见白雅活佛遗体

སྤྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༧། བོད་ཟླ་ ༡༡ ཚེས་ ༥ ཉིན་མཚན་མཆོག་གསུམ་ལྡན་གྱི་༸དཔལ་ས་སྐྱའི་སྐྱབས་མཆོག་༸འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གང་གི་རྩ་བའི་བླ་མ་༸སྐྱབས་རྗེ་བདེ་བར་གཤེགས་པ་དཔེ་ཝར་མཆོག་སྤྲུལ་རྡོ་རྗེ་འཆང་མཆོག་གི་སྐུ་གདུང་རིན་པོ་ཆེ་མཇལ་བའི་ཆེད་དུ། མདོ་ཁམས་སྡེ་དགེ་དཔེ་ཝར་དགོན་དུ་ཆེད་ཕེབས་གནང་པའི་སྐབས་ཀྱི་སྐུ་པར་ཁག་ཅིག
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།།
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།།
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།།
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག ། །།
2022年12月27日,萨迦法王子无变金刚仁波切到达四川德格白雅寺,圆满了心愿,拜见了根本上师白雅活佛的尊贵遗体。


发布     👍 0 举报 写留言 🖊   
✋热门推荐
  • #观世音菩萨普度众生之论坛[超话]#一心三藏,如来密因。祖师金口,画龙点睛。此论堪为,楞严要旨,法华帷幄,梳通千经万论概说方略,理顺十方三世盘根错节,凝魂聚气,
  • 我就想说一下那些拦在门里面的冷血人,也许在你拦她的时候,你的亲人或者朋友正在医院里用着她丈夫冒着危险给送到位的物资。 就在她符合出仓的时候想回家,却有百般困难
  • 说实话,这真的是一个坏消息,如果我们当真,那么重庆现在不仅仅是一线城市,而且是贵族气质的城市,那我们不就要飘上天了吗?那么真心还即一切法,要讲是方所的话,他住于
  • 今天,有幸踏入祖宅,除了惊叹还有感慨[并不简单][并不简单][并不简单][并不简单][并不简单]#爱上这座城##遇见艺术##记忆##状元# @苏州 #彭定求故居
  • ‍♀️5.20+小姐,不凶第一季第二期闲: “姐姐”“谢道微 ” “你在吗” “姐姐” “姐姐”微(记仇版)闪现:“你叫我~”闲:“你太坏了,故意吓我”闲:“你
  • 这几天几乎每天熬夜通宵看完了《红白囍》 好几年没看过小说甚至从不看耽的我真的被震撼到了 看完一本书如大梦一场虽说是耽但其实是烧脑群像文 情感描写甚少 更多的是家
  • 今天超开心的一早去姨奶奶家陪小轩轩待了一天晚上才知道今天是小朋友的生日[衰]一早打车过去的时候碰见的司机叔叔超级健谈还是个方言小天才 吧啦吧啦一直跟我说各地方言
  • 很荣幸能成为西南大学国旗护卫队的一员,从数次选拔、训练,到换上军装、升旗,在国旗护卫队发生的点点滴滴都能给我带来很多感触。(四川观察)#西南大学国旗护卫队#
  • #创3学员跳你最最最重要#创造营那么多漂亮妹妹,让我始于颜值的只有姜姜。其实一开始是想狠狠吐槽一通番茄的化妆师灯光师摄影师,但是一圈逛完现在就只有一个感想:“欲
  • 今年以来,公吉寺镇围绕全省十项暖民心行动要求,持续推进老年助餐服务项目建设,在全镇设立了三个老年助餐点,实行智慧助餐模式,满足了老年人的就餐需求,不断增强老年人
  • 从你的八字结构来说,也是家庭矛盾多而复杂之相,老天在给你们家添香火的时候,还不忘记在后院放把火,这是要你知道凡事有得必有失。天干甲乙生身命还是不错的,甲戌年生人
  • 我在某一天晚上看到了下班的你就已经足够了~不知道这个冬天你还会不会在重庆~死李飞会不会把你带到北京~反正你去哪我就去哪~我已经攒好了满满壹钱包钱就等着寒假去看你
  • 恍惚间到生日月,这次没想感慨又大一岁,想感慨怎么就到了年末…太快太快太快太快太快了上学和工作的晚上坐公交回家都被抽掉了魂,但区别就在于:上学是因为上课+考试+玩
  • #北京通州珠江拉维小镇一人复核阳性#【现场直击:#北京通州珠江拉维小镇小区临时封控#,外卖小哥送货忙】今天清晨,通州区珠江拉维小镇西门外,外卖小哥为社区居民运送
  • 所有的大人物不是没有问题,他们的问题比普通人多一万倍,而是他们能兼容问题!我很清楚,当我站在更高的维度,不是我解决了问题,而是我兼容了这个问题,我驾驭了这个问题
  • 如果不知道要吃的属不属于发物,就上网查一下吧,对自己负责[飞吻R]就到这里啦~后面再持续更新记录一下我双眼皮的恢复过程。[冲刺]更多全国优秀靠谱的医院医生查询,
  • 读书是入脑心的,读完一本书,往往回味无穷,让人洗去白日里心灵浮躁的尘埃,还自己一片宽广蔚蓝的天空。读书是无需固定模式和制度去束缚的,只要有心读书,便会恬然地感受
  • 码一个中奖的小故事,是这样的,刷到了关注列表的播,荣耀君发了一条支持哪个战队的微博抽奖,当时完全没冲着抽奖,就是属于那种给我担控个屏的那种饭圈心理,因为人实在是
  • 第一次,我凭借着自己这点潜水技能,在这个闭塞的小岛混了一周,离开时,除了门口的金毛狗对我依依不舍,村民们也盼着我再来。大概有一箩筐的照片能写PLOG•第一次在武
  • 二说:“大明湖”三字是从清嘉庆大明湖碑上拓下来的,这“目月”组成的明是帖写的写法,在书法艺术中,为了字体结构平衡或者美感,经常会有加笔和减笔的情况。#云游博物馆