བོད་ཀྱི་སྔོན་བྱོན་ལོ་ཙཱ་པའི་སྐུ་པར་བདམས་བཀོད།2️⃣ཁག་གཉིས་པ།

མཁས་དབང་དགེ་ཆོས་ཀྱིས་སྔོན་བྱོན་ལོ་ཙཱ་བ་རྣམས་ལ་འདི་ལྟར་གདེང་འཇོག་གནང་ཡོད་དེ། “དེ་དུས་ཀྱི་ལོ་ཙཱ་པ་རྣམ་པས་སཾ་སྐྲྀ་ཏ་ཙམ་མ་ཟད། གང་དུ་ཕེབས་སའི་རྒྱ་གར་གྱི་ཡུལ་སོ་སོའི་སྐད་རིགས་ཀྱང་ཕུགས་འཕེར་མཁྱེན་ནས། རྒྱ་གར་པ་མཆོག་དམན་ཐམས་ཅད་ཀྱི་བསམ་ཚུལ་དང་སྤྱོད་ཚུལ་ཚང་མའི་རྟིང་ལོན་ནས་མ་མཐའ་ཚིག་ཕལ་པ་ཡན་ལ་ཞིབ་ཚགས་མཛད་དེ། དེ་ཐོག་བོད་ཀྱི་སྐད་ཡིག་ལ་ཡང་བྱང་ཆུབ་པ་ཞིག་མཛད་དེ་བསྒྱུར་གནང་བ་ཡིན་ཙང་།  འགྱུར་སྤུས་དག་པོ་ཡོང་བའི་རྩ་བ་ཕྱི་ནང་གཉིས་ཀའི་སྐད་ཡིག་ལ་ཐོགས་པ་མེད་པ་ཡོད་པ་དེ་གས་རྒྱུ་བྱས་ནས་བྱུང་བ་རེད།”ཅེས་པའོ།། #དཔེ་ཀློག་མཉམ་རོལ།#

࿑ ད་ནངས་སྔ་སེ་ལངས་ནས་ཤེས་རབ་ཅན་གྱིས་འཇིག་རྟེན་ལ་བཞག་སྟེ་ལོ་ངོ་ཆིག་སྟོང་སུམ་བརྒྱ་དང་། བོད་ལ་འགྱུར་ནས་ལོ་ངོ་བདུན་བརྒྱ་འགོར་བའི་བརྩམས་ཆོས་ལེགས་གྲས་སྤྲིན་གྱི་ཕོ་ཉ་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གཉི་ཀར་ཉེ་ལམ་དཔྱོད་ལྡན་གུར་མགོན་སྐྱབས་ལགས་ཀྱིས་མཆན་ཡིག་བཏབ་པ་གང་དེ་བཀླགས་པར་གྲུབ་པ་ཡིན། སྤྱིར་བཏང་ང་རང་སྤྲིན་གྱི་ཕོ་ཉ་བཀླག་པར་དགའ་བོ་རོབ་ཙམ་ལས་ཆེ་བོ་མེད། ཆེས་ཆེར་དགའ་བོ་ཡོད་པ་ཉག་ཅིག་ནི་ནག་མོ་ཁོལ་གྱི་མི་གཤིས་དེ་ཡིན། གུར་མགོན་གྱིས་སིང་སྐྲྀ་ཏའི་སྐད་ཀྱི་མེ་ཏོག་དང་། རི་དྭགས་སོགས་ཀྱི་མིང་ལ་འོལ་ཚོད་དང་བྲལ་བའི་སྒོ་ནས་འགྲེལ་བཤད་དང་། ཁུངས་སོགས་ལ་རྩད་འཚོལ་བྱས་པ་དེས་སྤྲིན་གྱི་ཕོ་ཉའི་ཕྱོགས་གཞན་ཞིག་ཏུ་དོན་གྱི་གོ་གསར་བ་ཞིག་བསྐྱེད་བྱུང་། ཚིག་སྦྱོར་གྱི་ཐད་ནས་ཀྱང་གནའ་དེང་ཟུང་འབྲེལ་བགྱིས་ཡོད་པས་བྲོ་བ་དམིགས་བསལ་བ་ཞིག་ཚོར་ཐུབ་པའི་དགེ་མཚན་འདུག གཞན་དུས་རབས་བདུན་པའི་ནང་ལ་བྱོན་ཅིང་རང་ཅག་གི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་པའི་དཔལ་ལྡན་དགའ་བའི་ལྷའི་ཟློས་གར་འདི་སྔ་མོའང་གུར་མགོན་སྐྱབས་ཀྱིས་ཁྲིད་པའི་སྒྲ་ཆ་ཚང་ཞིག་མཉན་པ་ཡིན། དེ་དུས་ཡིད་ཚིམས་ཤིག་མ་རྟོགས་པར་རིམ་གྱིས་སྒྱིད་ལུག་གི་ངང་དུ་ཤོར། ད་རེས་སྔ་མ་དང་བསྡུར་ན་རོབ་ཙམ་རྟོགས་པའི་ཟོལ་མཆིས། ནཱ་ཊ་ཀི་ཟློས་གར་ནི་རྒྱ་གར་གྱི་ཟློས་གར་ལས་གོ་གནས་ཆེས་མཐོ་ཤོས་དེ་ཡིན་པར་གྲགས། དགའ་བའི་ལྷའི་ཟློས་གར་འདི་ལ་གཏོགས་པར་གྲགས། ཟློས་གར་འདིའི་སྤྱི་ཁོག་ལ་ཧ་ལས། ཧོན་འཐོར་རྒྱུ་མང་པོ་འདུག སྤྱིར་བཏང་མི་སྣ་ཉུང་ལ། བརྗོད་དོན་ལེགས་པ་འདི་རྨད། མཐར་གཏུགས་ན་ཟློས་གར་འདི་ཡི་བརྗོད་བྱ་དངོས་ནི་ཁོང་ཅག་གི་དམངས་ཁྲོད་ན་ཆུ་བོ་ལྟར་བཞུར་བའི་ནང་བསྟན་གྱི་ཐུན་མིན་བསམ་བློ་དང་། ལྟ་སྤྱོད། ད་དུང་བྲམ་ཟེ་ཆོས་ལུགས་ཀྱི་རིག་གནས་སོགས་མངོན་སུམ་བསྟན་འདུག སྤྱིར་བཏང་ཟློས་གར་འདི་ཟློས་གར་གྱི་གཞུང་ཞིག་རེད་འདུག དེ་ལྟར་ནའང་སྙན་ངག་གི་ལམ་ནས་བརྩམས་ཡོད་པས་སྙན་ངག་ཏུ་བྱས་ནས་མྱོང་རོལ་བགྱི་ན་ཚོར་སྣང་དམིགས་བསལ་བ་ཞིག་གིས་སྣེ་ཁྲིད་ནས་རེ་ཞིག་ལྷ་དང་ལྷ་མོའང་འདུ་བའི་གནས་སུ་དགའ་བདེའི་ངང་ནས་འཚོལ་ན་བསོར་ཨང་། [偷笑]

༄། བོད་སྤུ་རྒྱལ་གྱི་གདུང་རྒྱུད་ལས་བྱུང་བའི་ལོ་ཙཱ་བ་དང་པོ་སྟེ།དཔལ་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་དུ།སངས་རྒྱས་ཆོས་ལུགས་ཀྱི་སྔགས་ཀྱི་རྒྱུད་དང་བསྟན་བཅོས་ཆེན་པོ་ཁྱོན་སྡོམ་དྲུག་ལྷག་སཾ་སྐྲྀ་ཏའི་སྐད་ནས་བོད་སྐད་དུ་བསྒྱུར་གནང་མཛད་ཅིང་།དུས་སྐབས་དེར་དར་བའི་སངས་རྒྱས་ཆོས་ལུགས་ཀྱི་སྔགས་སྤྱི་དང་ཁྱད་པར་མ་རྒྱུད་ཀྱི་ཆགས་ལམ་ལ་བཀག་འགོག་ཤུགས་ཆེར་མཛད་མཁན།སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བོད་ཀྱི་ལྷ་བཙན་པོ་བླ་མ་ཕོ་བྲང་ཞི་བ་འོད་འདི་ཉིད་ལ་རང་རེའི་ལོ་རྒྱུས་རྣམས་སུ་ཐུགས་སྣང་དེ་ཙམ་མི་ཆེ་ཡང་།འཕྲུལ་གྱི་འོད་གསལ་བཙན་པོའི་གདུང་ལས་འཁྲུངས་པའི་མཁས་པ་གཤའ་མ་ཞིག་ཡིན་པ་ནི་གདོན་མི་ཟའོ།།[太阳] #དཔེ་ཀློག་དང་བསམ་བློ།##དམ་པ་རྗེས་དྲན།##阅读[超话]#


发布     👍 0 举报 写留言 🖊   
✋热门推荐
  • 今天读书,我特别有感触的一句话分享给大家,那就是:先相信,才看见! 有人曾经做过一个调查,说我们每个人平均每天大约要说至少2000句话,但是,90%的话都是在
  • 目标与理由:这项措施是参照其他世贸组织成员的规则(如欧盟的规则)设计的,以防止和减少对环境的影响,特别是对水环境和人类健康的影响。更令人震惊的是,如果我们再肆意
  • 以前哪有那么多幺蛾子,都靠自己去细细品味,令你每看一次都有不一样的意蕴#TT和平精英[超话]##T姐小日常# ⭐️【粉丝名征集】家人们,T姐近日发现加入TT大家
  • 明朝隐士高景逸说过:“遇事让人一步,自然有周转的余地;遇到财物放宽一分,自然就有其中的乐趣。” 推而言之,所有的事情都是如此。
  • 过滤了圈子,学会了爱与被爱的方式。?
  • 与澳洲利率决议同等重要的便是明日凌晨的美国利率决议,与澳元相同,美元同样经历了一段时间的趋势行情,利率决议很有可能对价格趋势进行修正。即便澳洲联储放弃了收益率曲
  • 最终的目的是为了巴黎奥运会,正如奥运女单名额当时公布的时候我说的一样,为了金牌,运动员的梦想可以被无数次践踏。我会让教练和管理层决定他们对我的角色定位。
  • #网拍寄拍平面模特[超话]# ▪️合伙人日常收益 不出门也有每日都是稳稳三位数得收入 很多人都说自己钱不够花 嫌工资太低要开始做副业 但是这个不喜欢那个不合
  • 保护范围:以现存文物本体为核心,东南从文物晒谷场延伸约5米至现有村道北侧沿,东北至林碧权宅,西南至林振江宅,西北从文物后挡土墙外延约10米至现有村道南侧沿,总面
  • 过后我们再也没提,直到几个月之后的一天晚上,我们聚在一起,然后我的朋友就提起了他奶奶,他是处于一种比较难过的状态,当时他自身也有迈不过的砍,我朋友本身是想考
  • 本王只对有价值的人上心”—《哦,我的皇帝陛下》“一切为了大庆”—《庆余年》“手一放我有满天星”—《狼殿下》“愿我魏无羡一生可以锄奸扶弱,无愧于心”—《陈情令》“
  • 22.你就像我年少时偷吻的露珠,此后山长水远,仆仆来赴,既做我的眼泪,又做我的湖23.宇航员的英语单词 Astronaut 其实是由两个古希腊文字"A
  • #爱优牙牙齿矫正[超话]##天津整牙##天津正畸#分享自 @天津牙齿矫正朱薰琪医生(亲切温柔的朱薰琪医生除了是正畸医生外,还是DSD微笑美学认证医生,擅长将正畸
  • ”诚如他所说,由于市民的诉求都会通过110电话接入指挥中心,他们直面群众的需求,只要在110接处警岗位上干久了,都不用梳理数据,就知道辖区有哪些影响市民安全或便
  • 我并不是一个而是多个的我无数个我,都有自己的个性当你开始活出自我就会让所有的我都自然表达自己每个我都是真实的我每个我都有想去的地方想完成的心愿别急慢慢来,有很多
  • “在市人才办和团市委组织的这场联谊活动中,我认识了很多朋友,也扩大了交际范围,收获到很多,很感谢他们对我们青年人才的关心和帮助。作为相亲点管理员,黄阿姨见证过许
  • 本次活动由乐东黎族自治县人民政府指导,乐东黎族自治县旅游和文化广电体育局主办,人民网股份有限公司海南分公司承办。宝源花园三期位于海口市秀英大道26号宝源花园(海
  • (海口日报)试管做双胞胎成功率高吗慈铭博鳌国际医院与德堡美福 · E试管深度合作--打造国内第三代试管婴儿预约平台#宠物对主人来说意味着什么#,海南慈铭博鳌国际
  • 今天帮会群看到了剑三认识的一起打苍霸花的奶花小姐姐,看她头像居然和我一样都是翔哥哥哈哈哈哈哈哈哈哈哈哈。小大和弟弟也要幸福⭕爱小碗 11个孩子都是最棒的孩子五金
  • #金泰亨人气top# #金泰亨天生善良# 金泰亨小面包的做法准备材料揉泰泰面团揉至自己喜欢的形状(可参考胖泰泰、卷毛泰系列面包)等待发酵‍⬛撒上泰泰果酱放入烤箱