བྷྱོ།

བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། མཐུ་སྟོབས་ཐོགས་པ་མི་མངའ་ཞིང་།

ཐུགས་རྗེའི་སྨོན་ལམ་མཐུ་བཙན་པས།

བདག་གི་གསོལ་བ་བཏབ་པ་བཞིན།

སངས་རྒྱས་བསྟན་པ་དར་བ་དང་།

སེམས་ཅན་ཐམས་ཅད་བདེ་གྱུར་ཅིག རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི།

ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ།

རྨི་ལམ་མཚན་མ་ངན་པ་ཟློག

རྟགས་དང་རྟེན་འབྲེལ་ངན་པ་ཟློག

དགྲ་འདྲེའི་བསམ་སྦྱོར་ངན་པ་ཟློག ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག

ཡེ་འདྲོག་གསུམ་བརྒྱ་དྲུག་ཅུ་ཟློག

།ནད་རིགས་བཞི་བརྒྱ་རྩ་བཞི་ཟློག

བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག

།དུས་མིན་འཆི་བ་རྣམ་བརྒྱད་ཟློག

།ཡས་ཀྱི་བདུད་དུ་གཡོས་པ་ཟློག

། མས་ཀྱི་སྲི་རུ་ལངས་པ་ཟློག

།དཔྲལ་བའི་གཤེད་དུ་བསྐོས་པ་ཟློག

།ཕ་མའི་དུར་སྲི་ལངས་པ་ཟློག

།མི་ལ་ནད་དུ་གཏོང་བ་ཟློག

།ཕྱུགས་ལ་གོད་ཁ་བྱེད་པ་ཟློག

།གནམ་གྱི་དལ་ཁ་ཐེབས་པ་ཟློག

།ས་ཡི་དུག་མདའ་གཡོས་པ་ཟློག

སྨེ་བ་སྤར་ཁ་ངན་པ་ཟློག

།སྐེག་དང་ཕུང་སྲི་ལངས་པ་བཟློགས་ཏུ་གསོལ། [合十][合十][合十][合十][合十][合十]

འཁོར་བ་ནི་མཚམས་འཇོག་པ་མེད་པའི་སྐྱེ་འཆི་གཉིས་གའི་ཟོ་ཆུན་གྱི་འཁོར་ལོ་རུ་ངེས་ཤིང་། སེམས་ཅན་ཐམས་ཅད་ལས་མི་དགེ་བ་དང་བསམ་པ་ངན་པའི་དབང་གིས་ཡང་དང་བསྐྱར་དུ་སྡུག་བསྔལ་གྱི་གཞན་དབང་དུ་འགྱུར་ཞིང་། མྱ་ངན་ལས་འདས་པ་ནི་འཇིགས་དངངས་པའི་མཐའ་ལས་ཡོངས་སུ་གྲོལ་བའི་གྲོལ་བ་ཡིན་ནོ། །
轮回是无法控制的生死流转,众生由于不善巧的行为和破坏性的情绪,反复地陷于痛苦之中。涅槃是解脱恐惧的边界。

༈ཚུལ་གསུམ་སྐབས་ཀྱི་རྩོད་མཚམས་སྐོར།
༼༥རྟགས་མཐུན་ཕྱོགས་ལ་ཡོད་པའི་ཚད། འགོད་སྒྲུབ་ཚུལ་དང་མཐུན་པར་རྟགས་དེ་དང་དངོས་ཀྱི་སྒྲུབ་བྱའི་ཆོས་དེའི་གཞི་མཐུན་ཡོད་པ་ལ་བྱེད། སྒྲ་ཡིན་ཏེ། སྒྲ་ཡིན་པའི་ཕྱིར་ཞེས་དང་། རྟག་པ་ཡིན་ཏེ། རྟག་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་དཔྱད་དགོས།
༼༦རྟགས་མི་མཐུན་ཕྱོགས་ལ་ཡོད་པའི་ཚད། འགོད་སྒྲུབ་ཚུལ་དང་མཐུན་པར་རྟགས་དེ་དང་དགག་བྱའི་ཆོས་དེའི་གཞི་མཐུན་ཡོད་པ་ལ་བྱེད། དམ་བཅའ་མཁན་པོ་ལྷས་བྱིན་གྱི་མིག་ཆོས་ཅན། དམ་བཅའ་བ་མ་ཡིན་ཏེ། དམ་བཅའ་བའི་མིག་ཡིན་པའི་ཕྱིར། ཞེས་བཀོད་པའི་རྟགས་ལྟ་བུ་ལ་རྟགས་མི་མཐུན་ཕྱོགས་ལ་ཁེགས། འོན་ཀྱང་མི་མཐུན་ཕྱོགས་ལ་ཡོད། ཁེགས་ཚུལ་ནི་འདིར་ཡིན་སྒྲུབ་ལྟར་ཁེགས་ཞེས་བརྗོད་ན་གནད་དུ་ཁེལ་སྙམ་མོ།། བདག་མེད་ཡིན་ཏེ། ཡོད་མེད་གང་རུང་ཡིན་པའི་ཕྱིར་ཞེས་བཀོད་པའི་རྟགས་དེ་ཆོས་ཅན། དེ་སྐོར་གྱི་མི་མཐུན་ཕྱོགས་ལ་ཡོད་པར་ཐལ། དེ་སྐོར་གྱི་མི་མཐུན་ཕྱོགས་བདག་མེད་དུ་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར་ཟེར་ནས་རྩོད།
༼༧ཆོས་དེ་གཞི་དེ་ལ་ཡོད་པའི་ཚད། ཆོས་དེ་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་ན་གཞི་དེ་ཡིན་པའམ། ཆོས་དེ་ཡིན་པ་སྲིད་པའི་ཤེས་བྱ་ཡིན་ན། ཆོས་དེ་གཞི་དང་གཞི་མཐུན་ཡོད་པའམ། གཞི་དེ་དང་ཆོས་དེ་ལྡན་གཞི་ལྡན་ཆོས་དང་ཁྱད་གཞི་ཁྱད་ཆོས་གང་རུང་དུ་གྲུབ་པ་ཟེར་ན། ཀ་བ་དེ་བུམ་པ་ལ་ཡོད་པར་ཐལ། ཀ་བ་དེ་ཡིན་པ་སྲིད་པའི་ཤེས་བྱ་ཡིན། བུ་དང་ཀ་བ་ཁྱད་གཞི་ཁྱད་ཆོས་གང་རུང་ཡིན་པའི་ཕྱིར། ཁྱད་གཞི་ཡིན་པའི་ཕྱིར་ཞེས་ཚིག་འཁྲི་ཡོད། མགོ་མ་ཡིན་ཏེ། རྟ་ཡིན་པའི་ཕྱིར་ཞེས་པའི་རྟགས་དེ་མི་མཐུན་ཕྱོགས་ལ་མེད་པར་ཐལ། གོང་གི་མི་མཐུན་ཕྱོགས་ལ་ཡོད་པའི་ཚད་དེ་མི་ལྡན་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་རྟགས་དེ་དང་མི་མཐུན་ཕྱོགས་གང་ཡིན་པ་དེ་ལྡན་གཞི་ལྡན་ཆོས་སོགས་ཆོས་དེ་གཞི་དེ་ལ་ཡོད་པའི་ཚད་དེ་ལྡན་པའི་ཕྱིར་ཟེར་བ་འདི་རྣོ་བར་སྙམ། དེས་ན། ཁྱོད་དེ་ལ་ཡོད་ཚུལ་ནི། ཁྱོད་དེ་ལ་ཚད་མས་དམིགས་ཚུལ་དེ་ག་རང་ཡིན། བྱེ་བྲག་མི་འདྲ་བ་ཧ་ཅང་མང་བས་སྤྱི་ལྡོག་གཞན་འཇོག་རྒྱུ་མེད་དོ།།
༼༨རྟགས་དེ་ཤེས་འདོད་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་ཚད་ནི། འགོད་ཚུལ་ལྟར་རྟགས་དེ་དང་རྩོད་གཞི་དེའི་གཞི་མཐུན་ཡོད་པའམ། རྩོད་གཞི་དེ་རྟགས་དེ་ཡིན་པ་ལ་བྱེད། ཟུར་སྔ་མས་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པ་ལ་ལོ་མ་འཁུམས་པ་རྟགས་སུ་བཀོད་པ་དེ་སྡུད། ཟུར་ཕྱི་མས་ཀ་བུམ་གཉིས་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་དེ་སྡུད།
༼༩ཁྱོད་ཆོས་དེ་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པའི་ཚད། ཁྱོད་དང་ཆོས་དེ་ཐ་དད། ཆོས་དེ་ཁྱོད་ཡིན་པའམ། ཆོས་དེ་ཡིན་ན་ཁྱོད་ཡོད་ཡིན་གང་རུང་གིས་ཁྱབ་པ་དེ་ལ་བྱེད། དང་པོས། སྒྲ་དེ་སྒྲ་མི་ལྡན་རྣམ་གཅོད་དུ་མ་གྲུབ་པར་བསྟན།
གཉིས་པས། རྟག་པ་ཤེས་བྱ་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པར་བསྟན། གསུམ་པས། སོ་སོ་བའི་ཆོས་དེ་ཐ་དད་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པར་བསྟན། བཞི་པས། དུ་བ་དུ་ལྡན་ལ་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པར་བསྟན།
༼༡༠རྟགས་དེ་ཤེས་འདོད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་ཡིན་པའི་ཚད་ནི། རྟགས་དེ་ཤེས་འདོད་ལ་འགོད་ཚུལ་དང་མཐུན་པར་མི་ལྡན་རྣམ་གཅོད་དུ་གྲུབ་པ་ལ་བྱེད་དོ།། https://t.cn/R2Wx150


发布     👍 0 举报 写留言 🖊   
✋热门推荐
  • 更有自由行线路,包车、拼车、住宿、门票随意组合搭配,天天有车发,想怎么玩就怎么玩,一切听你的提前预约报名超级划算活动时间2016年11月10日-2017年3月1
  • 一则自今年12月开始在西方世界传播的疫情谣言,近日也出现在了中国国内的微信朋友圈里。 这则谣言的内容更是颇为“抓眼”,说什么打新冠疫苗会导致妇女“不育”。这则于
  • ​#每日一善[超话]# [微风] #阳光信用#️路hui 仅限一善 善良的人一定会被这个世界温柔以待的,善良会熏陶一个人的灵魂,从现在开始做一个阳光善良的人
  • 修雨乐被判有期徒刑三年时间,蹲在家里一直从事地下娱乐文化传媒活动2018年11月4日,大白新闻了解到:“宋喆、修雨乐涉嫌职务侵占罪一案,因两人都明确表示不上诉,
  • Qu’est-ce que la vie?以前总是觉得生活处处不顺心 不如意 不开心 看到的多于是想要的也多 想要的多却得不到是因为能力还不够 没有给时间机会
  • 】12月8日,我市公安交警部门公布近期被终生禁驾的2人名单。●法律链接:《中华人民共和国道路交通安全法》第一百零一条规定:违反道路交通安全法律、法规的规定,发生
  • 还剩最后一个月了,我会好好的珍惜不多的悠闲岁月,好好计划未来了[鲜花]参加工作三年了,也放纵自己三年了,吃喝玩乐,放浪形骸,可是马上就过完25岁了,我也放纵够了
  • 早到也会早发哈#为榜样点赞#【自强不息——刘新:“密乡”小伙轮椅上带动村民致富】三岁因车祸下肢瘫痪的刘新2016年在村里鼓励下搞起民俗旅游,他盖起无障碍的农家院
  • 20、想让你当我心里的常驻居民,在我的星球里做尽白日梦。20、想让你当我心里的常驻居民,在我的星球里做尽白日梦。
  • 售卖地点:新八佰伴4楼女装手袋专柜查询电话:+853 8791 8888我是一个极其念旧的人,对于过往,虽然表面不动声色,内心却总是抑制不住的汹涌澎湃,好像只有
  • 女子会的一天[爱你]爸爸今天给我编的头发真的超可爱的[可爱]但是等我玩好回家,臭美的时候,脸上的油开美颜都挡不住,我把柔光拉满遮油才有了p2。#純情恋花火-関ジ
  • #jk出物回血[超话]#考研后想收条粉裙子[羞嗒嗒]腰围72cm 裙长超过42cm就好有爱[心]树莓红茶[羞嗒嗒]这种(已有少女心事)不接受h和打包,希望带小
  • 2016年10月,被告人李辉将具有暴力催收经验的曹令令(另案处理)召入公司并成立催收部进行暴力催收,先后通过不同途径吸纳王希同等多名成员加入,李静静负责催收部财
  • 通过“赛事+旅游”“骑行+乡村”深度融合,以独特的观赏视角,给观众别样的体育旅游体验。此次山地自行车赛事不仅能让参赛选手享受运动带来的快乐,而且还可以感受到当地
  • 人生在世,每个人都有自己的生活,别人的生活再好,也不用羡慕,因为它未必适合自己。人生在世,每个人都有自己的生活,别人的生活再好,也不用羡慕,因为它未必适合自己。
  • 12月生活《除暴》可真香啊~对于这种有点台词套路的电影不要太挑剔~看打得过瘾、90年代街景服饰、演员演技就可了~尤其阿祖的演技和身材不愧是16岁就喜欢的人冲他也
  • 从上面可以看到到达三清山最佳最近的选择就是上饶 和玉山两个地方中转,但 玉山县 城到 三清山 的班车相对多一些。住宿方便,有不少旅行团都是选择在山下住宿。
  • 就算以后都见不到妈妈,没有办法保护妹妹,他也只是说魔力只是像便当一样罢了。”还有还有:“从前,有一个女孩,她的哥哥是gay,她初恋的人也是gay,她的好闺密也是
  • ☀️ 面霜我已经用掉2罐了,一直推荐给身边朋友,今天再来说说这款白鱼子酱眼霜,是我用下来非常令人惊喜的胜肽类抗老眼霜!☀️ 鱼子酱系列我推荐太多次啦,两年前
  • 然后联系说派件不成功,联系买家,说要的,第二天拿,第二天联系不上,第三天夜里要求退回(强烈怀疑被做了假拒收拆了使用(对方说拍婚礼要用,又怀疑是搞商单用完退不用付