ཁྱོད་ཀྱིས་མི་ཞིག་ལ་འཕྲིན་ཕྲན་དང་པོད་ཕྲན་དག་ལས་འབྲེལ་མཐུད་ཙམ་ཡང་མི་ནུས་དུས།ད་གཟོད་ག་ཤེད་ཅིག་ན་བཟོད་མེད་ཀྱི་འདང་བརྩེ་ལྷག་མ་ཞིག་ཡོང་ཁུལ་བྱས་པ་ནི་སེམས་སུ་མ་དགོས་རྣ་རུ་མི་ཤོད་སྐད་ཆ་ཞིག་མ་ཡིན་ནམ། ཕན་ཚུན་གྱི་འདང་བརྩེ་ནི་གཉིས་ཀས་མཉམ་བཤིབ་བྱས་ནས་ད་གཟོད་འབྲལ་མི་ཐུབ་པའི་འདང་ཞེན་ཞིག་ཆགས་རྒྱུ་ཡོད་པ་ལས། གཅིག་ཁོ་ནས་ཨུ་ཚུགས་བྱས་ནས་མཐའ་མཁྱོངས་བ་ཞིག་མ་རེད།
ལོ་གསར་རྙིང་གཉིས་ཀྱི་མཚམས་སུ། བུ་ཆུང་གིས་རྩིག་བཟོ་བྱས་པའི་ཏོག་སེར་པོ་ཅན་གྱི་ཕོ་བྲང་དཀར་པོ་དང་། བུ་མོའི་སོར་རྩེ་ལས་བཞད་པའི་དགུན་གྱི་ལི་ཤིའི་མེ་ཏོག་འདི་ཁ་བཏགས་ཤིག་གི་དོད་དུ་ཕུལ་འཇོག
ང་ཚོ་ཀུ་རེ་ལྟ་བུའི་
འཁོར་བ་འདིར་འཚོ་བ་རོལ་བཞིན་ཡོད་པས།
ཧ་ཅང་ནན་ཏན་ཡིན་ཁུལ་གྱིས་རང་གིས་རང་ལ་གཟེབ་དྲྭ་བཟོ་དགོས་དོན་མེད།
————————————-རྫོང་སར་མཁྱེན་བརྩེ་ནས།
འཁོར་བ་འདིར་འཚོ་བ་རོལ་བཞིན་ཡོད་པས།
ཧ་ཅང་ནན་ཏན་ཡིན་ཁུལ་གྱིས་རང་གིས་རང་ལ་གཟེབ་དྲྭ་བཟོ་དགོས་དོན་མེད།
————————————-རྫོང་སར་མཁྱེན་བརྩེ་ནས།
✋热门推荐