དགུན་གཞུང་གི་གཙང་ཆུ་འགྲམ་ནས།
ལུས་གྲང་འདར་རྒྱབ་ཀྱིན་འཁོར་བར་བལྟས།
ཉི་འོད་ཀྱི་ཚ་གདུང་གསེབ་ནས་རྔུལ་ཆུ་འཐོར་བཞིན་འཁོར་བར་བལྟས། མི་སྐད་མེད་པའི་བྱེའུ་ཚོགས་ལ་ལྟད་མོ་ཞེ་དྲག་འདུག
ཤིང་ལོའི་འགའི་གསེབ་ཏུ་ང་རང་ཁེར་རྐྱང་དུ་བགྲེང་ནས་ཟླ་འོད་ལ་བལྟས་ཏེ། ཡུན་རིང་དུ་ལྷག [音乐]

སྙིང་ཉེ་བའི་རང་ཉིད་ལ་སྨྲས་པ།

ཁྱོད་རང་མི་ཡུལ་འདིར་ཁེར་ཚུགས་རྐྱང་བས་འཚོ་མི་ཐུབ་པ་བདེན་ཀྱང་། གཞན་ཁོ་ནར་སྐྱབས་འཆའ་དང་རེ་བཅོལ། ཡི་ཆད་དང་ལེ་བདའ་སོགས་མང་མི་ཉན། གཙོ་བོ་རང་གི་མགོན་དང་སྐྱབས། དཔུང་གཉེན་དང་། སྙིང་ཉེ་བློ་དཀར་ནི་རང་ཡིན་པའི་གནས་ལུགས་ལ་ངེས་རྟོགས་རྙེད་དུ་ཆུགས། མཐར་ཐུག་ན་རང་སྡོམ་དང་རང་རྟོགས་རང་སྤོབས་སོགས་ནི་ཁྱོད་ཀྱི་མགོན་སྐྱབས་དམ་པ་ཡིན།

ཁྱོད་ཀྱིས་སྔོན་སྦྱང་གཞུང་ལུགས་དག་གི་ཟེར་སྒྲོས་དང་འབྲུ་འགྲེལ་སོགས་བརྗེད་རུང་མི་སྐྱོན་མོད། ནམ་ཡང་ཟབ་དོན་འཚོལ་བའི་ཤེས་རབ་ཀྱི་རྒྱུན་བཟང་སྐྱུར་མི་ཉན།

ཁྱོད་ཀྱིས་དཔེ་ཀློག་རྒྱུན་སྐྱོང་གི་ཨུ་ཚུགས་སྲ་མོ་འདིས་མི་ཡུལ་འདིར་མཁས་སྙན་འཇོག་མ་ཐུབ་ན་ཆོག་མོད། ཁྱོད་རང་གི་སྒོ་གསུམ་སྟངས་འཛིན་བྱེད་པའི་ཆ་རྐྱེན་ཙམ་དུ་མ་མཐའ་ཡང་འགྲོ་ཐུབ་ངེས་དགོས།

ཁྱོད་རང་ཆོས་ལམ་ཞུགས་ཁུལ་བྱས་ཏེ་ཆོས་དོན་ཇི་བཞིན་མ་འཁྱོངས་ནའང་། ཆོས་ལ་བརྟེན་ནས་ལོག་འཚོ་སྒྲུབ་མཁན་དག་གི་རྗེས་སུ་ནམ་ཡང་སྙེག་མི་ཉན།

ཁོར་ཡུག་གི་མི་དང་འཕྲོད་ཕྱིར་དང་མི་ཆེན་ཚོའི་ཐུགས་བརྩེ་ཐོབ་ཆེད་དུ། ངོ་སྲུང་དང་སྤྲེལ་ལད་འཁྲབས་ཏེ་རང་གི་རྩིས་ཐང་ནམ་ཡང་དོར་མི་ཉན།

རང་གི་ལྟོ་གོས་ཀྱི་དཀའ་ངལ་སེལ་ཆེད་དུ་མུག་ཤི་རྒྱག་དགོས་རུང་རྒྱུ་ཆེན་ཕྱུག་བདག་ཚོའི་ལག་འོག་གི་སྒོ་ཁྱིའི་འཚོ་བ་རོལ་མི་ཉན།

འུར་ཟིང་གི་དུས་སྐབས་འདིར། འུར་ཟིང་གིས་མི་སེམས་སྒུལ་བཞིན་ཡོད་དུས། རང་ཉིད་ལྷོད་ལ་ཕབ་སྟེ་རང་སྲུང་རང་བདག་ཡག་པོ་ཤེས་དགོས།

ཁྱོད་ལ་སྙིང་ཉེ་བློ་དཀར་གྱི་མིའི་རེ་བ་ཡོངས་རྫོགས་བསྐངས་མ་ཐུབ་ནའང་། དེའི་ཡིད་ཆེས་དང་བརྩེ་བ་རྡོག་རོལ་ཏུ་གཏན་ནས་གཏོང་མི་ཉན།

རང་གི་ཤེས་འཇོན་དང་འཚམ་པའི་གོ་གནས་དང་བྱ་བས་ཡིད་ཚིམས་དགོས་པ་ལས། རང་གི་ཤེས་འཇོན་གྱིས་མི་ལྕོགས་པའི་སྟོང་འདང་དང་ཧམ་སེམས་མང་པོས་རང་ཉིད་སྡུག་ལ་གཏོད་མི་ཉན།

མི་རུ་སྐྱེས་ཏེ་མི་ཡུལ་དུ་ཁྱོད་ཀྱིས་ལག་རྗེས་ཆེ་ཞིག་འཇོག་མ་ཐུབ་ན་མི་སྐྱོན་མོད། མི་རུ་སྐྱེས་པའི་དོན་གོ་ལ་ལྟོ་གོས་རྩོལ་སྒྲུབ་ཙམ་གྱིས་མི་རྫོགས་པར་མི་ཡུལ་ལ་མཉམ་འཇོག་མཁན་ཞིག་ཡིན་དགོས།

གཞན་གྱིས་ཁྱོད་ལ་ལྟ་སྟངས་ཅི་འདྲ་འཛིན་ཀྱང་ཆོག རང་ལ་རང་གི་སྒེར་ཚུགས་བརྟན་པོ་ཞིག་ཡོད་དགོས། གཞན་གྱིས་བཟང་ངན་ཅི་བཤད་ན་བཤད་དུ་ཆུགས། རང་གིས་རང་ལ་ལེགས་ཉེས་ཀྱི་བློ་མིག་གསལ་དགོས།

མདོར་ན། ག་དུས་ཡིན་ཡང་། ཁྱོད་ནི་གཞན་གྱི་གཟེབ་དྲྭའི་ནང་གི་སྤྲེའུ་དང་ནེ་ཙོ་ལྟ་བུ་ཞིག་མ་ཡིན་པར་མི་ཞིག་ཡིན་པའི་རྩིས་ཐང་ལྡན་དགོས་སོ།།

འཛི་གུར་ཀུམ་གྱིས།

ཉེ་ཆར་རྒྱལ་་དབང་བཅུ་བདུན་པ་ཆེན་པོས་ཆོག་བསྒྲིགས་གནང་བའི་ཆོས་རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་རྟ་མགྲིན་ལྷ་ལྔའི་སྒྲུབ་ཐབས་ཀྱི་ཆོ་གའི་འཕྲུལ་དེབ་སུ་ལ་དགོས་ན་འབུལ་ཆོག


发布     👍 0 举报 写留言 🖊   
✋热门推荐
  • [哇] ​​​#徐明浩说干了8年舞台不如搞笑出圈#我不是因为你搞笑入坑的,之前也不怎么追星,但你有一场直播跟粉丝谈心让我垂直入坑,印象很深,粉丝问如果有一天不喜
  • 肖战,喜欢你,温暖却有着力量的歌声;喜欢你,眸光藏万千星晨且纯净肖战你眼中的光,就是最好的星光,肖战我喜欢你肖战我喜欢你,胜于昨日,略匮明朝不骄不躁戒熬夜,破界
  • 除此之外,最后高远刀到我了,我没想到高远居然真的暗恋宋绒绒,害,但结局还是圆满的,#见面吧就现在# 好看[赞]#Perthchimon[超话]##三十天安利泡萌
  • #慕诺MUNUO[超话]# 真‮每的‬天忙到起飞​‎ ͏ 回‮不复‬停的消‮就息‬是看我的状‮就态‬知道我每天‮接对‬几百个买‮品产‬以及‮跟想‬我赚的 还是‮
  • 以上述作文题为例,待回答的思辨问题链如下: 什么情境下,“不同”就等于“不对”这一结论正确?所以,在进行思辨写作时,思与辨最好的“抓手”无疑就是“还原”已经被
  • 无法掌控体重就无法掌控人生,算了,我不想掌控人生,我就想掌控我的腰,腰,腰……我恨我多吃的任何一口……#减肥[超话]# 减肥日第1240天[羞嗒嗒] 每天有每
  • 在这件事情中,房东从一开始就知道租客是3个人一起住的,但从没提及这一点,直到最后才牵强地说租客违约,显然就是为了扣掉1500多元押金。不得不说,房东的做法太不厚
  • 好爱好爱小陈儿哈哈哈哈哈哈哈可是还是无法具体描述为什么喜欢他所以现在还是会认真的回答他真的很好好多时候觉得我的盔甲又多了小陈儿也是盔甲哈哈哈哈哈哈哈最大的软肋是
  • 当爱深沉至内心,你会发现对方的一切都那么可爱,一切需求都值得满足。男女之间不会无事献殷勤,这就是人性的需求!
  • 它已经上升成为一个充满象征意义的符号,与我们的情感深深相系,表达着我们的渴望!#梦中的那片海# 我的评分:[星星][星星][星星][星星][星星]好久不看年代剧
  • #金地雄KimJiWoong[超话]# #金地雄跹蝶翩飞# #高考加油# 【高考加油】六͎月͎栀͎子͎花͎开͎即͎将͎高͎考͎的͎熊͎团͎子͎们͎也͎来͎到͎了
  • 4、6月6日至14日,加开六盘水-贵阳北C6042次,六盘水13:00开,贵阳北14:20到。6、6月6日至14日,加开六盘水-贵阳北C6044次,六盘水16:
  • 现在主持人说“都是俄罗斯人”想过没:既得利益集团搞钱的时候,享受生活的时候就把俄罗斯人分三六九等了。#每日一善[超话]#,#每日一善#, #正能量# 属于自己的
  • 第一天是3 22 那天因为对未来很迷茫 焦虑了一个晚上 跟好多朋友聊了这些事 但是没想到收获了很多用心的回答 让我感觉自己被爱包围 非常幸福~很感恩有这些朋友
  • 吃了一上午的瓜 情人之间分享没有营养的废话 很长一段时间我都认为这是一件没有意义的事情 不过好像有愿意听对方分享废话的人也是很难得的事情吧 可能人生有时候不是事
  • #任嘉伦[超话]# 「总是在心里默默地对自己说,要加油,要对得起自己,对得起超迷,这种努力的感觉让我心里很暖,这种幸福一直在延续着。❥┋天气预报说今天的雨是甜的
  • ​他有他说爱的方式,他说:爱是神洒在她肩上的光,不信你望向她时,世界上可不止有一个月亮。真的也很喜欢尾声里的一句话:若这一生不能成为一块惊世美玉,那就成为一块平
  • 其中明星产品经典护发精油还在2021年获得了国际美妆产业大赏颁发的“年度发品创新”奖,在众多明星和时尚造型师的安利下,摩洛哥油系列产品逐步成为众多消费者护发与送
  • 安恒信息高级副总裁吴永越表示,安全护航大运生态,成都大运会的成功举办,需要在座每位的共同努力,我们衷心希望可以借助赞助商俱乐部这⼀平台,齐聚大运各级赞助商,发挥
  • (叠加,券200-20) (plus,兑全品200-10) 【89+运】骆驼 露营天幕帐篷 618红包京东>>淘宝>> 大促活动抄作