#微博[超话]# ༄༅། །ལོ་བརྒྱ་ཐུབ་པའི་ཟས་ཡོད་ཀྱང་།།
ཤི་བའི་ནངས་པར་ལྟོགས་པར་འགྲོ།།
ལོ་བརྒྱ་ཐུབ་པའི་གོས་ཡོད་ཀྱང་།།
ཤི་བའི་ནངས་པར་གཅེར་བུར་འགྲོ།།

ད་ནི་འབྱུང་ལུས་འདི་ཡང་ལོ་ཟླས་རྒས་སོང་།།
སེམས་པ་རྣམ་གཡེང་འོག་ན་ཤི་ལ་ཁད་སོང་།།
ཟིན་དུས་མེད་པའི་བྱ་བ་ཡོངས་སུ་བསྐྱུར་ནས།།
དོན་དང་ལྡན་པའི་ལས་ལ་བརྩོན་ན་སྙམ་སོང་།།

࿑ འཕྲུལ་ཆས་འབའ་ཞིག་གིས་དབང་བསྒྱུར་བྱེད་བཞིན་པའི་བརྡ་འཕྲིན་དུས་རབས་འདིའི་སྐབས་སུ་མིའི་རིགས་ཀུན་པོའི་ནང་སེམས་ནི་ཁེར་ཧྲེང་དང་། ཟ་ངི་ཟིང་ངི་། འ་རེ་འུར་རེ། བརྣབ་སེམས་ཕྲག་དོག སྒེར་གཅོད་ཀྱི་ཧམ་པ། དམངས་གཙོ་རང་དབང་དང་བྲལ་བའི་བྱ་སྤྱོད། འགྲན་སེམས། སྐྱོ་སྣང་གིས་མནར་ཡོད། ང་ལའང་མི་སྡུག་པ་དེ་ལྟ་བུའི་ཁེངས་ཡོད་པས་ཉིན་འདི་དག་གི་ཞར་ཞོར་ལ་སེམས་པ་བག་ལྷོད་ཀྱི་ཁུད་དུ་བཞག་ནས་ཡོངས་དགེ་མི་འགྱུར་རིན་པོ་ཆེ་ལགས་ཀྱིས་རྟོག་དཔྱོད་ཀྱི་གོ་རྟོགས་ཐན་ཐུན་ཞིག་རྒྱས་འགྲེལ་བགྱིས་པའི་ཟོལ་ཙམ་བསྟན་པ་མ་ཡིན་པར་ཁོང་གི་སྒོམ་ཉམས་ལེན་གྱི་ཉམས་མྱོང་གཞིར་བཞག་ནས་སྒོམ་གྱི་མྱོང་ཁྲིད་བགྱིས་པའི་དགའ་བའི་འཚོ་བ་ཞེས་པའི་དེབ་མཆོག་འདི་ཉིད་སླད་དུ་བཀླག་པར་ཚུགས་ནས་ད་ལྟ་རྐང་ནས་བཀླགས་པར་གྲུབ། སྤྱིར་བཏང་ཉེ་བའི་ལོ་འདི་དག་གི་རིང་ལ་སྒོམ་རོབ་ཙམ་རོབ་ཙམ་རེ་བརྒྱབ་པ་ཡིན་ལ། བླ་མ་གཞན་གྱིས་ཀྱང་རོབ་ཙམ་རོབ་ཙམ་རེའང་ཁྲིད་མྱངས། འོན་ཀྱང་། སྒོམ་ཁྲིད་པ་པོ་དང་། ཉམས་ལེན་པ་རང་བཅས་སུ་ལ་ལན་སོང་བར་མི་ཤེས་རུང་སེམས་སུ་ལྷུང་ཤག་ཤག་ཞིག་རེད་མ་སོང་། ལྷག་ཏུ་སྒོམ་ཉམས་ལེན་གྱི་ཐིག་པོ་དང་། དེའི་ཕྱོགས་ནས་ཤེས་བྱ་ལེགས་པོ་ཅིའང་མེད་པའི་ང་ལ་ད་ཐེངས་རིན་པོ་ཆེ་ཁོང་གི་དེབ་མཆོག་འདི་ཡིས་ཕན་ཐོགས་ཀྱི་ནུས་ཤུགས་ཆེ་བོ་ཞིག་སྟེར་སོང་། ཕན་ནུས་དེ་ཡིས་འཚོ་བའི་ནང་ལ་བདེ་སྣང་དང་། མཁོ་སོད་པའི་ཚོར་བ་ཞིག་སྟེར་སོང་། མ་གཞི་སྒོམ་གྱི་ཕན་ནུས་ནི་གནས་སྐབས་ཀྱི་བདེ་སྣང་སྟེར་བ་ཙམ་མ་ཡིན་པར་སོ་སོའི་བསམ་བློའི་ལྟ་སྟངས་དང་། དེ་དང་འབྲེལ་ཡོད་ཀྱི་ཀླད་པའི་དབང་རྩ་མ་ལག་དང་བཅས་པའི་བཀོད་པ་དེ་རྩ་བ་ནས་འགྱུར་ལྡོག་གཏོང་ཐུབ་པ་ཚན་རིག་བརྟག་དཔྱད་པ་ཚོས་བདེན་དཔང་ར་སྤྲོད་བྱས་འདུག་ཨང་། གང་ལྟར། གཞུག་ནས་ཉིན་རེ་རེའི་ནང་། ཡང་ན་ནི་གཟའ་འཁོར་རེ་རེའི་ཁུད་དུ་མཐའ་གཅིག་ཏུ་སྒོམ་ཐུན་གཅིག་ལ་རོལ་ནས་རང་སེམས་ཀྱི་འཕྲོ་འདུ་ཀུན་པོ་སྒོམ་ཁོ་ནས་ཟིན་པར་བྱ་རྒྱུ་ཡིན། འདི་ནི་ད་ལོའི་འགན་ཁུར་གཞན་ཞིག་ཀྱང་ཡིན། མཐར། གྲོགས་པོ་དག་གིས་ཀྱང་རང་སེམས་ལ་འདུལ་སྦྱོང་རོབ་ཙམ་རེ་བགྱི་འོས་པའི་ལུགས་སུ་གནས་པ་ཤེས་རྟོགས་བྱུང་རྒྱུ་གལ་འགངས་ཆེའོ། །

ཤིས་ཨན་གྱི་ཁ་ཆེའི་སྲང་ལམ་འདི་ལ་ཧུའུ་རིགས་ཀྱིས་བདག་གཉེར་བྱས་པའི་ཟ་ཁང་དང་མགྲོན་ཁང་མང་པོ་ཡོད་ཅིང་།སྲང་ལམ་འདི་ནས་ཡུལ་སྐོར་པ་དག་ཁོ་ཚོའི་གཡོ་འོག་ཏུ་ཚུད་ཅིང་མགོ་སྐོར་ཐེབས་པའི་གནས་ཚུལ་མང་པོ་བྱུང་མྱོང་ཡོད་འདུག་ཀྱང་།ས་གནས་སྲིད་གཞུང་གིས་དག་ཐེར་དང་ལེགས་བཅོས་ཚགས་སུ་ཚུད་པ་ཞིག་ཡེ་མ་བྱས་པར་བརྟེན།
ཁྲམ་པ་མགོ་བདེ་ཚོས་སྔར་བཞིན་ངན་སྲོལ་རྒྱུན་སྐྱོང་བྱས་ནས་ཡུལ་སྐོར་པ་དག་གསོན་ལྤགས་སྦུག་བཤུ་བྱེད་གང་ཐུབ་བྱེད་ཀྱིན་ཡོད་པར་བཤད་ལ།
བོད་པ་མང་ཆེ་བའང་ཤིས་ཨན་ལ་སླེབས་འཕྲལ།ཐོག་མར་ཁ་ཆེའི་སྲང་ལམ་འདི་ལ་འགྲོ་ནས་ཟ་འཐུང་བྱེད་སྲོལ་ཡོད་འདུག་ན།གྱོང་དང་མགོ་སྐོར་ཅི་རིགས་རག་ཡོད་པ་ནི་བསམ་བློ་ཅུང་ཙམ་བཏང་ན་ཧ་གོ་ཡོང་ས་མ་རེད་དམ།
ད་རེས་ཀྱི་གནས་ཚུལ་འདི་དྲྭ་ཐོག་ནས་རྒྱལ་ཡོངས་ལ་རྒྱ་ཁབ་ཏུ་སྒྲོག་གིན་འདུག་སྟབས།ཕལ་ཆེར་ཁོ་ཚོའི་མི་དང་དཔལ་འབྱོར་གཉིས་ཀར་བརྡབ་གསིག་མི་ཆུང་བ་ཞིག་ཕོག་ཡོང་བའང་སྲིད།


发布     👍 0 举报 写留言 🖊   
✋热门推荐
  • [所謂 OO,即非OO,是名OO]譯為白話即:[你所謂的 OO,即非真正的OO,只是姑且名之為OO]!佛在金剛經四句偈說的明白:[若以色見我,以聲音求我,是人行
  • ??
  • 我不确定在足球界是否有人一开始就想成为学院主管,我一直认为自己是一名教练,可能一直希望我最终能在某个地方成为一线队教练,这肯定是我在来这里之前的职业规划。哪些会
  • 7、高龄族群的好朋友高龄族群通常牙口不好,黄豆及其制品会是很好的选择,如豆腐、豆浆等。3、无胆固醇一般肉类或多或少都有动物性的胆固醇,建议饮食中介意胆固醇含量的
  • #东软#昨天通知下午一点集合 到了医院又让等等 因为调试系统 五点换上隔离衣但是志愿者还是登不上系统 饭都来了 一个没做又脱掉浪费一套隔离衣所以饭也没吃 八十多
  • 相书有云:“丰颔重颐,旺夫兴家”。人们常常会从面相上判断一个女人是否旺夫。其实,不仅仅是面相,生活中,有这三类特征的女人,不看面相都知道旺夫!男人遇到了,一定要
  • 执着于从前 不如放眼看未来 别人的话随便听一听 不要放心上 现在感情是掌握在自己手里 你怎么做你的感情就会变成什么样 适度的撒娇卖萌 适度的小脾气都是可以的
  • 不得不说,这是一部能把人看哭的纪录片……(文字部分来自百度百科[爱你])(图片来自纪录片《金山》[害羞])(特此鸣谢[亲亲]) 【单车news】2018环意
  • 经常喝蜂蜜,有助于养生,那么,蜂蜜怎么喝护肝又补肾呢?接下来,万乡园就为大家介绍护肝又补肾的蜂蜜喝法,从而教你正确使用蜂蜜。饮用时,只要取适量的蜂蜜柚子膏,泡水
  • 我妈妈一脸满足,当然啊,有了你弟弟,我才真正开心起来,幸好啊,你姐姐生了两个儿子,我也算是了了一件心事。“听说我要带她见公交车阿姨,孩子把存钱罐里的零钱都拿了出
  • 威慑鬼神,护身辟邪!道教《金光神咒》修炼法! 八大神咒,是道教入门的必修之学,应用极广。举凡诵经、禳解、临坛、书符、行法等都需要念这八个咒语,它也是修炼符咒法术
  • 李栋旭、韩智恩深情之吻,讲到吻戏演技怎么可能少了最强的李栋旭,他在《badandcrazy》首次亲吻韩智恩时,也是一绝。当他们谈起恋爱也是相当甜蜜的,当中最经典
  •  王嘉尔:红红红红红红...... 何炅:谢谢昕昕和嘉尔帮我成全这个,本来我以为大家都会秒答。 王嘉尔:红红红红红红...... 何炅:谢谢昕昕和嘉尔帮我成全这
  • 抢❗️【交定金就送马桶一个,定装修就送全家木门,大衣柜,浴室柜】双节同庆,疯惠来袭,折扣更是低到不可想象;并且活动期间定单的业主可在10月8日下午参加抽奖活动!
  • #荷花微资讯##中越対译##广西这十年#【外籍教师杜瓦底敦:耕耘教坛传递缅中友谊 钟情壮乡山歌螺蛳粉 Giáo viên nước ngoài Daw Wadd
  • 譬如说,一个把幸福底线画在得诺贝尔奖上的作家,志向固然远大可敬,但他这一辈子都很难有幸福感,因为这种机会太渺茫了;而一个经常发表小豆腐块文章的业余作家,却常常志
  • #张艺兴#Won't let you go woo 别离开我 当心跳慢下来 yeah 依稀在我耳边 听见你的告解 快门瞬间 别等我睁开眼 Won't let y
  • dy直播间搜索“人类快乐”超值浮力等你来嗦~~转发这条微博,揪1只幸运馋宝送“乐乐亲友解馋包”!今日与小炭火游玩,听闻#人类快乐螺蛳粉# 个更大、料更多、味更足
  • 一到秋季,很多人的肌肤出现这样或那样的问题:干、红、脱皮、总觉得皮肤痒痒的……秋天来临,告别了夏日的炎热,求阳光不再那么强烈,可是,秋风徐徐,带走肌肤当中的水分
  • 此前有媒体报道,极氪009有望在今年第四季度上市,并将搭载宁德时代生产的麒麟电池。#家家新闻# 【加速充电布局 ZEEKR 001交付超4万台】9月14日,极氪