࿑གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་གདམས།

ལས་ཀྱི་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན།།
བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང་།།
རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས།།
བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན།།
འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང་།།

ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད།།
སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད།།
དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན།།
ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་འགྱུར་བས།།
སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང་།།

དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།།
བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར།།
དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས།།
ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས།།
དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་།།

གཞུང་ཚིག་མང་དུ་བཟུང་སྟེ་བསྐྱར་ན་ཡང་།།
དོན་ལ་མི་སེམས་རིམ་གྲོའི་ཆོས་ཀློག་དང་།།
ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས།།
བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས།།
དོན་ལ་བརྟག་དཔྱད་ཟབ་མོ་གྱིས་ཤིག་ཨང་།།

ཉིན་རེར་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ།།
ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད།།
ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར།།
དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས།།
བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཞིག་ཨང་།།

སྐྱོན་ཡོན་བླང་དོར་རང་གིས་མི་འབྱེད་པར།།
གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་ན་ཡང་།།
ཉེས་སྐྱོན་སུ་ཡིས་ལག་པས་མི་སེལ་ལ།།
ཡོན་ཏན་སུས་ཀྱང་ཁ་རུ་མི་ལྡུག་པས།།
བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད་ཨང་།།

རང་རང་གཞུང་གི་བརྗོད་བྱ་དགོས་དོན་སོགས།།
མ་མཐོང་ཤགས་འགྱེད་ཚིག་འཁྲི་སྐམ་པོ་དང་།།
རིག་པས་དཔྱད་པ་མི་བཟོད་གོ་ཐོབ་ཀྱི།།
བམ་བཤད་འདིས་ཀྱང་བརྡར་ཤ་མི་ཆོད་པས།།
གོ་རིམ་ཟུང་དུ་འབྲེལ་བར་སྦྱོངས་ཤིག་ཨང་།།

དཀའ་བས་བསགས་པའི་མང་ཐོས་ནོར་བུ་ཡང་།།
བརྗེད་ངས་རྐུན་པོས་དལ་གྱིས་འཇོམས་བྱས་ཏེ།།
རིན་ཆེན་གླིང་ནས་སྟོང་པར་ལྡོག་སྲིད་པས།།
རྒྱུན་དུ་གོམས་འདྲིས་དྲན་ཤེས་བརྟན་པོ་ཡིས།།
གང་ཤེས་བརྗེད་པ་མེད་པར་གསོག་ཅིང་ཨང་།།

རྗེ་བཙུན་སྒྲོལ་མའི་དུས་ཆེན། 至尊度母殊胜日
࿑དེ་རིང་ནི་ཚེས་ཉེར་ལྔ་སྟེ་རྗེ་བཙུན་སྒྲོལ་མའི་དུས་ཆེན་ཡིན་པས།ཀུན་གྱིས་སྦྱོར་བ་སེམས་བསྐྱེད་དམ་པ་དང་།དངོས་གཞི་དམིགས་མེད་དམ་པ།མཇུག་བསྔོ་བ་དམ་པ་སྟེ་དམ་པ་གསུམ་གྱིས་རྩིས་ཟིན་པའི་སྒོ་ནས་རྣམ་དཀར་དགེ་བའི་ལས་ལ་འབར་པར་འཚལ།今天是藏历十二月二十五日(2月15日)十方空行母等至尊圣度母的殊胜加持日,无论行善与恶都会变动一千一百万倍。值此殊胜日请广行善业、吃素、放生、供灯、持咒、诵经等,功德回向一切众生。
རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ།།
杰怎帕玛卓玛切钦诺
至尊度母您垂念
འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ།།
结当德啊根类嘉德所
祈求救脱诸苦难
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
嗡 达热 德达热 德热 娑哈

࿑ ཉིན་གཉིས་ཀྱི་སྔོན་དུ་ཚན་རྟོག་གློག་བརྙན་ཨ་ཝ་ཏཱར་(Avatar)ལེའུ་དང་པོ་རྩིས་འཕྲུལ་ལས་བོད་སྐད་ཀྱི་ལམ་ནས་བལྟས་རྗེས་ངོ་མཚར་བསྐྱེད་པའི་བརྗོད་དོན་མང་པོས་སྐབས་ཀུན་ཏུ་དགའ་བ་ཁོ་ན་འཕེལ་བར་བྱས་པའི་རྐྱེན་གྱིས་དོ་རྒོངས་ཁྲིན་ཏུ་ནས་གྲོགས་པོ་གཉིས་དང་ལྷན་དུ་བརྙན་ཞེན་པ་མང་པོས་ལོ་ངོ་བཅུ་གསུམ་ལ་ངང་སྒུག་བྱས་ཤིང་། ཉེ་ཆར་གསར་དུ་ཐོན་པའི་ཨ་ཝ་ཏཱར་ཆུ་ལམ་ཞེས་པའི་ལེའུ་གཉིས་པ་གློག་བརྙན་ཁང་ནས་བལྟས་པ་ཡིན། གློག་བརྙན་འདིིའི་རིང་ཚད་ཤིན་ཏུ་རིང་བས་སྐབས་ཤིག་ལ་ཟུར་གྱི་ལྟད་མོ་པ་མང་ཤོས་གཅིག་རྗེས་གཉིས་མཐུད་བྱས་ཏེ་བཤང་གཅི་འདོར་དུ་རྒྱུག ངའང་ཁོ་ཚོ་ནང་བཞིན་གསང་ཆབ་ཤོར་གྲབ་བྱས་རུང་ཨམ་གཙིགས་བསྡམས་ནས་སྲོན་པ་ཡིན། ཧ་ཧ། མི་ཚེ་འདིར་གློག་བརྙན་བལྟས་པ་དག་ལས་འདི་ནི་ཆེས་ཆར་ཚད་རིང་བའི་གྲས་ཤིག་ཡིན། མ་གཞི་གློག་བརྙན་འདིའི་རབ་གཉིས་ཀས་གློག་བརྙན་གྱི་ཐུན་མོང་མ་ཡིན་པའི་མྱོང་བ་གཞན་ཞིག་ཚོར་དུ་བཅུག་སོང་། བལྟས་ཡོང་ན་འོ་སྐོལ་མིའི་རིགས་ཀྱི་ཐོན་ཁུངས་གོ་ལ་གཞན་ཞིག་གི་སྟེང་དུ་བརྐྱངས་འདུག་སྙམ། འདི་ཡིས་ད་གཟོད་འོ་སྐོལ་ལ་བསམ་གཞིག་གི་བར་སྟོང་ཞིག་སྟེར་བ་མིན་འགྲོ། གཞན་མིའི་རིགས་ཀྱིས་སྒེར་སེམས་རང་ལུགས་ཀྱི་སྒོ་ནས་རང་བྱུང་ཁམས་དང་། རང་བྱུང་གི་ཁམས་ན་འཚོ་བའི་སྲོག་ཆགས་ལ་དོན་མེད་དུ་དམག་ཤུགས་སྤོ་བའི་བྱུང་བ་བརྗོད་འདུག འདི་ཡིས་འོ་སྐོལ་མིའི་རིགས་གདུག་རྩུབ་རང་བཞིན་གྱིས་སྙོངས་ཡོད་པར་བསྟན་པ་མིན་འགྲོ་ཨང་། ཁོ་ཚོའང་འོ་སྐོལ་ནང་བཞིན་དད་པ་དང་། བྱིན་རླབས་ཀྱི་ཚན་ཁ་འབར་བའི་རང་བྱུང་གི་བཀོད་པ་རེ་རེའི་ཁུད་དུ་གཞིས་ཆགས་ཤིང་། འཚོ་གཞེས་བགྱིད་བཞིན་པའི་བྱུང་བརྗོད་གང་དེ་ཡིས་འོ་སྐོལ་སྣང་བའི་འཇིག་རྟེན་དུ་ཁྲིད་དེ་ལྟ་བས་མི་ངོམ་པའི་རིག་འཕྲུལ་གྱི་སྒྱུ་རྩལ་གྱིས་སྙོངས་ཏེ་ནམ་ཞར་སོ་སོས་རེ་ཞིང་འཆིང་བའི་འཆར་ཡན་གྱི་ཞིང་ཁམས་ཤིག་ཏུ་ལམ་སྣ་དྲངས་པས་ཁོ་བོའི་འདྲེན་བྱེད་མིག་གི་ལོངས་སྤྱོད་ལ་མཁོ་སོད་པའི་ཚོར་བ་སྟེར། མདོར་དེད་ན་འཆར་ཡན་འབའ་ཞིག་གིས་ཡོངས་སུ་ཕྱུག་འདུག་པས་དང་བ་དབང་མེད་དུ་འདྲེན། ཁོ་བོས་གློག་བརྙན་སྐོར་ནས་ཤེས་བྱ་ཆེ་བོ་མི་ཤེས་རུང་གང་ལྟར་མགོ་ཡ་ཐོད་ནང་ལ་སེམས་དང་། སེམས་ལ་དཔྱོད་ཤེས་ཡོད་པའི་གྲས་ཤིག་ཡིན་ན་ཚན་རྟོག་གློག་བརྙན་འདི་ལ་མ་བལྟས་ཐབས་མེད་ཞིག་རེད་སྙམ་མོ། །


发布     👍 0 举报 写留言 🖊   
✋热门推荐
  • [太阳]46M+11D[太阳]3Y+10M+11D[太阳]今天早上吃完早饭,本来妈妈要带我去参加一个面试,结果人家说必须要父母一起陪同才行,我们就没去。午饭我吃
  • 维多利亚不承认自己攀上了豪门,她回应媒体:只要开心就好,看到孩子们幸福就满足,不介意儿媳的身份和地位,长子布鲁克林娶了妮可拉后,媒体很快就将两家人的财富做了对比
  • 3.引进送菜机器人、迎宾机器人等可以是让顾客倍感新奇,不少人都会拍照发微博、微信,广告宣传效果明显,为餐厅经营者做了很大的媒体宣传。3、当机器人到达指定餐桌时,
  •  买过的朋友看这段就行:简单的说就是我们的老朋友“T鲜”茶叶又开始团了,而且这次除了大家熟悉的高性价比“东方本草-草本养生/山有好物-花果味”系列,还有适合想来
  • #业内人士眼里的无效播剧# #如何看待明星人不红却资源不断#《知否》长柏不仅是当官的料,内宅估计也是一把好手…… 当祖母知道自己被下毒,长柏明白祖母素来是眼里
  • 单瓶只要51.5,线下得上百啦,礼盒装适合送礼哦[彩虹屁]JD【103】贝蒂斯(BETIS) 橄榄油礼盒 500ml*2瓶 前几天那款几十的是亚麻籽油和橄榄油调
  •   大面积自动化的种植使父亲的棒子栈子和钱袋子都“发了福”。二、【产品特性】:重庆水玻璃就是硅酸钠水溶液,相对密度在2.614,分子量是284.2,在建筑施工中
  • 我是直接安排上了全享套餐,每一种都有直接一次吃个爽不过也有每个品类的单独选项,大家可以按自己的喜好拼辣度有三种可以选择,我选的是中辣感觉正好另外还有个胡柚干也是
  • 老婆一下子好可爱又把我的心搞得暖洋洋[抱一抱]是自己一个人溜达上街买衣服吗?一直知道天下没有不散的宴席从知道消息的不敢相信情绪失控,现在没有任何的情绪我以为会走
  • 期间,辖区大中型商超、医院正常运行,如有其他合理需求,请及时就近联系社区工作人员。期间,辖区大中型商超、医院正常运行,如有其他合理需求,请及时就近联系社区工作人
  • 广州奔驰第一锅,西红柿、酸菜、原味红汤,一次性满足你三种口味,别再说你不会吃辣。广州奔驰第一锅,西红柿、酸菜、原味红汤,一次性满足你三种口味,别再说你不会吃辣。
  • 今天开了个会有个把小时吧中午说错了句话被人抓住了把柄晚上开会又说错了话我不该汇报的就应该说啥事没有哈哈哈哈所以说话还是小心没有被人肯定过就被先否定了贼其难受 晚
  • 那为什么他们失恋依然走不出来的呢,因为在他们心里,比失去一个人更痛苦的是“我决定好要失去你了”比能不能有人代替你更心酸的是“我想找个人代替你了”。所谓的恢复是为
  • 可有人不服,此时这人正在西北土坷垃里揉着腰,眯着眼,看着自己辛苦培育的葡萄苗:“我就不信,中国人种不出上好的葡萄来!”这人就是刘金启,山西有名的煤老板,从来不知
  • (污水处理槽内必须装满水后才能运行风机,否则风机排气口无压力,则风机没有润滑,机器会损坏)C.观察演油嘴有无油滴出(调节润滑油每分钟控制在15-20演),并观察
  • #自己喜欢却不被理解的爱好#就是追星吧,别说别人不理解了,在追星之前自己也不理解追星的人,总觉得花时间精力金钱为了永远也不会看你一眼、永远不会知你姓名的人简直就
  • 切开一小瓣,也不忘分给我们,那些充满惊喜和高颜值的月饼也慢慢随着生活变成对老师的怀念。切开一小瓣,也不忘分给我们,那些充满惊喜和高颜值的月饼也慢慢随着生活变成对
  • #发现极美扬州# 【花窗入画 诗意探幽】扬州个园,秀丽精巧,室内清幽雅致,院内野趣盎然,之间却并无界限,相通相融。花窗捕光捉影,创造永恒的美境。
  • 其实你需要的不是去猜测他到底爱不爱,因为只要你们能愉快聊天,是肯定还有感情的。我一直坚信,一个人要是真的喜欢你,尽管他有他的个性,有他忙碌的事业,但只要他心里有
  • 河南发布金融支持房地产企业“白名单”报送条件】10月12日,郑州市住宅与房地产协会旗下郑州360房产网发布“金融支持房地产企业白名单”相关信息。(看房请提前联系