འབྲི་བཞིན་པའི་དགའ་ལྡན་ལྷ་བརྒྱ་མའི་འགྲེལ་བ་ལས་ཟུར་འདོན།

(བསྔོ་བའི་ཡན་ལག་གི་སྐབས།)

ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག །ཅེས་པའི་དོན་ལ། རྗེ་བླ་མའི་བསྟན་པའི་སྙིང་པོ་གསལ་བར་བྱེད་པར་ཤོག་ཅེས་འགྲེལ་ཚུལ་གཅིག་དང་། སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པའི་སྙིང་པོར་གྱུར་བ་འཇམ་མགོན་བླ་མའི་རིང་ལུགས་གསལ་བར་བྱེད་པ་ཤོག་ཅེས་འགྲེལ་ཚུལ་གཉིས་ཡོད་པར་མཇལ་མོད། ཕྱི་མ་འདི་ལེགས་པར་མཐོང་སྟེ། རི་བོ་དགེ་ལྡན་པའི་བསྟན་པ་འདི་ནི། རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཅེས་གསུངས་པ་ལྟར་རྨད་དུ་བྱུང་བའི་ཚུལ་ཁྲིམས་ཀྱི་རྟེན་ངེས་པར་འབྱུང་བ་དང་། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་། སྣང་སྟོང་ཟུང་དུ་འཇུག་པའི་ཟབ་མོ་རྟེན་འབྱུང་གི་ལྟ་བ་སྟེ། རྒྱལ་སྲས་ཀྱི་ལྟ་སྤྱོད་རླབས་པོ་ཆེ་དང་། བདེ་སྟོང་དབྱེར་མི་ཕྱེད་པའི་ཟབ་ལམ་རྡོ་རྗེ་ཐེག་པའི་རྣལ་འབྱོར་བཅས་ལམ་གྱི་གཙོ་བོ་རྣམ་པ་གསུམ་དང་སྔགས་བླ་མེད་ཀྱི་ཉམས་ལེན་རྣམས་གྲུ་བཞི་ལམ་གྱིས་འཁྱེར་ཆོག་ཆོག་གི་བསྟན་པ་གྲུ་བཞི་ལྷམ་མེ་པ་ཞིག་ཡིན་པས། མཉམ་མེད་ཤཱཀྱ་སེང་གེའི་བསྟན་པའི་སྙིང་པོ་ལ་འདི་ལས་གཞན་དུ་ཅི་ཞིག་མཆིས་ཏེ། འདི་ཁོ་ན་ཡིན་ནོ། །

ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་།།
བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན།།
དཔལ་མགོན་བླ་མའི་ཞབས་ལ་ཕྱག་བགྱིའོ།།
བདག་སོགས་འགྲོ་བའི་བློ་སྣ་ཆོས་ལ་བསྒྱུར།།

#བུམ་ཆུ་དང་མདུད་པ།སྔགས་མར་སོགས་ལ་ནུས་པ་ཇི་ལྟར་བཞུག
ང་ཚོའི་ཆོས་ལུགས་པའི་ཆོ་ག་དང་སྔགས་བགྲང་ནས་ཆུ་དང་མར། མདུད་པ་སོགས་ལ་བྱིན་རླབས་རྒྱབ་ན་བུམ་ཆུའམ་སྔགས་ཆུ་དང་མདུད་པ། སྔགས་མར་སོགས་ལ་ནད་གདོན་སོགས་སེལ་བའི་ནུས་པའམ་བྱིན་རླབས་ཡོད་པ་དད་པའི་ངོས་ནས་བསམ་ན་ལྟ་ཅི། དེང་གི་ཚན་རིག་པའི་ལག་ཆས་ཚོད་ལྟ་བྱས་ན་ནུས་པ་མངོན་གསལ་དོད་པོ་ཡོད་པ་རེད་འདུག

དཔེར་ན་་དགོན་ནང་ནས་ཆ་གསུམ་སོགས་ཆོ་གའི་སྒོ་ནས་བུམ་ཆུ་བསྒྲུབ་པ་དང་སྔགས་བགྲང་ནས་མར་དང་མདུད་པ་སོགས་ལ་སྔགས་རྒྱབ་ན་གྲོང་གི་ནད་པ་སོགས་ཀྱིས་བཀོལ་ན་ཆུ་མར་མདུད་སོགས་ཀྱིས་བྱིན་རླབས་བཟུང་ཡོད་པས་ཕན་པ་འབྱུང་བ་བྱུང་དང་འབྱུང་ངེས་རེད་དེ། མིག་དབང་གི་སྤྱོད་ཡུལ་དུ་གྱུར་བ་ཚན་རིག་གི་ཚོད་ལྟའི་ལམ་ནས་ཀྱང་རྙེད་རྒྱུ་འདུག ང་ཚོས་ཀྱང་ལ་ལ་ཞིག་ཚན་རིག་གི་ལག་ཆ་བཀོལ་ནས་སྔགས་དང་ཆོ་གའི་བྱིན་རླབས་ཀྱི་ནུས་པ་འཛུབ་མོས་རི་རྩེ་སྟོན་རྒྱུ་ཡོད་པ་བཞིན་བྱས་ན་དེང་གི་མིའི་བསམ་སྤྱོད་དང་མཐུན་པའི་ཆོས་དང་ཆོ་གའི་ནུས་པ་ངོ་སྤྲོད་སྟངས་ཡག་པོ་ཞིག་རེད་བསམ། ཆོས་དང་ཆོ་ག སྔགས་དང་བྱིན་རླབས་ནི་རིག་པ་དང་ཚན་རིག་པས་ཇི་ལྟར་བསད་ན་དེ་ལྟར་རིན་ཐང་ཇེ་ཆེ་དང་ཇེ་ཟབ་ཡིན་པ་ལས་རིན་ཐང་ཉམས་འགྲོ་བ་ཞིག་མིན་པས་རིག་པ་ཞིབ་སར་བབ་ནས་ལུང་དང་རིག་པ། དེང་གི་ཚན་རིག་གི་ལག་ཆས་དཔྱོད་ན་དེ་བས་ཡག་གོ

རང་ཉིད་ལ་ཚོད་ལྟ་བྱེད་བྱེད་ཀྱི་རྒྱུ་ཆའམ་ལག་ཆ་འདང་ན་་་བུམ་ཆུ་དང་སྔགས་མར་སོགས་ལ་བྱིན་རླབས་བཞུགས་ཚུལ་ཚོད་ལྟ་བྱེད་པའི་འདུན་པ་དེབ་འདི་ཀློག་པས་ཇེ་ཆེ་ནས་ཇེ་ཆེེ་གྱུར་སོང་། ཆོས་ཕྱོགས་ནས་ལྟ་ཅི་ཚན་རིག་གིས་ཀྱང་གཙོ་བོ་ཀུན་སློང་ལ་རག་ལས་པར་ངོས་འཛིན་དམ་པོ་བྱེད་ཀྱིན་འདུག་པ་ཚོར། འཇར་མིན་གྱི་ཚན་རིག་པ་ཅང་པིན་ཧྲིན་གྱིས་ཆུ་ཡིས་དྲིས་ལེན་ཤེས་ཅེས་པའི་དེབ་བཀླག་ཞོར།[呲牙][呲牙][呲牙]


发布     👍 0 举报 写留言 🖊   
✋热门推荐
  • 2022のEscape.001✨开启2022年的第一条微博 希望今年的自己不戾气 不吐槽 要认真专心做好自己的事情然后就悄悄努力 惊艳所有人吧改变不了其他人 但
  • 所謂經一事、長一智,相信Archie都已反醒,不過,今日(28日)就有曾找他與《聲夢》共15位學員,於7月出席活動的電訊公司發出聲明,即時與Archie劃清界線
  • 第三名:狮子座狮子座的人向来霸道,他们的脾气就像炮竹一样,点燃就爆,而且他们发起火来绝对是让人无法承受的,也是很可怕的,所以大家没事还是不要去招惹狮子座,那是跟
  • 它上面有16个金属级片,射频的原理,也就是给你身体里的隧道打热玛吉的一个原理,姐的脸上都可以撸一遍热玛吉,这么便宜的仪器我可以经常在家操练,我干啥不给我宝贵的开
  • 努力就是为了远离你不喜欢的人。努力一点吧,为了能走更好的路,遇见更优秀的人。
  • 【常问问题汇总】厦门三甲医院有皮秒吗,诺伊美门诊玻尿酸填充面部法令纹效果好不好,皮秒平扫和爆破,科英皮秒效果怎么样,武汉第一医院有皮秒吗,深圳正规医院有超皮秒做
  • 之前西安的学校附近遍布疫情现在都开始放假了你给我说我们是西咸新区,这明摆着不是一刀切吗,别说外面人骂西安,我一个西安人都觉得人家骂的对,真是的,在宿舍已经封了第
  • 但我也有点期待和他第一次单独的date,要不在我过生日那天请他吃饭吧。我的感情是不是还在受“桃花符”左右呢,我总觉得杨三金的到来和离开就是这个桃花符的生效和失效
  • 这5人中,相较于其他4位知名度不高的成员,林志炫的排名实在是让人意外,要知道他的唱功在哥哥中是处于上流的,同时又有超高人气加持,但这一次的排名出乎观众预料,直接
  • #历史那些事[超话]#1932年,黑龙江呼玛县,抗日战士张翩然被日军打进了一个山谷。 张翩然站在山谷陡壁之下几十米的地方,在这里正好可以看到山谷绝壁上方长着的一
  • 假的虚伪的东西总是让人反胃。见别人着急爱别人的样子,我总在思索这种画面在从前的别人身上有过么。
  • 2.“四个风险点”:境外和国内高中风险地区疫情输入、入境冷链物品疫情输入、集中隔离人员传染、医疗机构院内交叉感染。二、外防输入1.入境人员“三查、三排、一转运”
  • ✌︎✌︎✌︎✐²²⁻⁰¹⁻¹⁷❀就算上班也阻止不了我俩约[并不简单]认识也有4年多了 卧槽 竟然也这么久了 一开始确实不知道会变成现在这种关系 是生命中很重要的
  • 她说,自己的工作就是服务好辖区的居民,现在的工作更加忙碌。不为多少钱的东西,只是觉得有辖区居民的认可,我们社区的工作就算再辛苦也是值得的。
  • 尽管已经不在两天一夜,可是不管颁奖典礼还是聚会都会去作为一家人捧场[泪]伤心,愿天堂有你的欢笑[失望]再见抱歉联盟我可能会重新上线我的青春现在还不会讲出再见RN
  • 永远活在你的热爱里,把经营自己当成毕生事业@蓑依 重磅新作,成就有见识、很清醒、自我增值、高质量女生。永远活在你的热爱里,把经营自己当成毕生事业@蓑依 重磅新作
  • !我就很气愤因为我好饿我想抓紧时间回家吃饭没办法我只能再等下一辆了一等就是40分钟终于上车后很开心的是这次的司机是认识我的那位我上来的时候他就凑近头看我我对他打
  • #鱼跃学术部# #鱼跃八点半#|第33期#五院四系论文速递# #行政法学# #智慧法学#[微笑趣泡]论文题目:《基于信任的自动化决策:算法解释权的原理反思与制度
  • 西岭雪山最高峰海拨3250米,国家4A级风景名胜区,被列入世界自然遗产名录,现在还有热闹纷呈的“国际冰雪节”活动,记得坐我们的景区直通车去现场high哦~~~[
  • 大抵是一种不死的欲望,是现实不堪中的微光,是生命的原动力,是我持续性的钟情,亦是海上生明月,天涯共此时的惆怅。是寂寞的独语,是身处苍白夜色中的踽踽独行。