ང་ནི་ཉི་མ་རེ་རེར་གཟབ་ནན་དང་། དགའ་སྤྲོ། ཞི་བདེ།

བྱམས་བརྩེའི་ངང་ནས་འཚོ་ཐུབ་དགོས།

རྒྱུ་མཚན་དུས་ཚོད་ནི་ཤིན་ཏུ་མགྱོགས་པོར་འདའ་བཞིན་ཡོད།

ཞོགས་པ་རེ་རེར། ངས་སངས་རྒྱས་ལ་སྤོས་བསྒྲོན་ཏེ།

འདི་ལྟར་དམ་བཅའ་བཞིན་ཡོད་དེ།

ཉི་མ་འདིའི་སྐར་ཆ་རེ་རེར་རང་ཉིད་དགའ་སྤྲོའི་ངང་གནས་ཐུབ་པར་ཤོག་ཅེས་སྨོན་ལམ་རྒྱབ་བཞིན་ཡོད།

བརྩེ་ལྡན་གྱི་དངོས་དབྱངས་ལགས། #ཁག་དང་པོ#
         དེ་རིང་གཞི་ནས་༼ཁྱོད་ཀྱང་ལམ་ཐག་རིང་བོ་ཞིག་ལ་སོང་ཡོད་དམ༽་ཞེས་པའི་དེབ་འདི་བཀླགས་གྲུབ་པ་ཡིན།  དེབ་འདིའི་ནང་དོན་འདྲ་ཡིན་ན་ཤིན་ཏུ་ཕུན་སུམ་ཚོགས་པ་ཡིན་ཏེ།  ང་ཚོའི་འཁོར་བ་དང་འབྲལ་ཐབས་མེད་པའི་གཉེན་ཉེ་དང་གྲོགས་པོ། བརྩེ་དུང་དང་ཕུགས་བསམ། ཕ་ཡུལ་དང་རྒྱང་རིང་སོགས། ཧ་ཅང་ཕལ་བ་ཡིན་ཡང་ལྷད་མེད་བརྩེ་འདང་གི་སྤུད་ཅིང་གཅེས་ཉར་བརྗེད་དུ་མི་སྲིད་པའི་སྙིང་ཉེ་བ་དག་བྲིས་པ་བརྒྱུད་ནས། དགའ་སྐྱོ་བདེ་སྡུག་དང་ཐོབ་ཤོར་བླང་དོར་འདྲེས་མའི་མི་ཚེའི་རི་མོ་ཞིག་ངང་གིས་མངོན་ཡོང་།
          ཕྱིར་ལོག་མི་ཐུབ་པའི་ས་དེ་ལ་ཕ་ཡུལ་འབོད་ཅེས་པ་ལྟར། ཕ་ཡུལ་ནི་བྱིས་དུས་ཀྱི་ལོ་ཟླ་བསྐྱལ་སའི་སྤང་ཐང་དེ་དང་ལྷ་སྒྲུང་གླུ་གཞས་ལ་སྣང་དག་མེད་པའི་གྲོགས་མོ་དེ་ཡིན་ལ། ཨ་མྱེས་དབྱངས་སུ་གྱེར་བའི་གེ་སར་སྒྲུང་གླུ་དང་ཨ་མས་གཡོས་སྦྱོར་བྱས་པའི་ལག་ཟས་སྟབས་བདེ་དེ་དག་ཡིན། དུས་དེང་སང་དེ་དག་ལ་ཕྱིར་བལྟས་སམ་རྒྱང་ལྟ་བྱས་པ་ཙམ་ལས་ཕྱིར་ལོག་ཟེར་བ་ཞིག་གཏན་ནས་མེད། ནར་སོན་དང་རྒྱང་བཞུད་ཀྱི་ལམ་ལ་ཆས་པ་ནས་བཟུང་། བག་ཡངས་སྤྲོ་སྐྱིད་ཀྱི་བྱིས་དུས་ནི་སྣང་རྒྱུ་མི་འདུག་ལ། ང་ཚོ་ལ་ཡང་ཆུང་མདོག་ཁག་པོའི་ལམ་ལེན་ནས་ཨུ་ཚུགས་འཁྱོལ་བའི་དབང་ཆ་མེད་སོང་བ་རེད། དུས་འགྱུར་ཉི་མའི་སྔ་ཕྱི་ཡིན་པས་ཐམས་ཅད་འགྱུར་བཞིན་པ་ལས་རང་འཇགས་སུ་གནས་པ་ཅི་ཡང་མེད་ཀྱང་། ཕ་ཡུལ་དང་གཉེན་ཉེ་ནི་ང་ཚོའི་སེམས་ཀྱི་ཟབ་སར་རྒྱབ་རི་བཞིན་ཀྲོང་ངེར་འགྱིངས་པར་ཐུག་རེག་མེད་པའི་དབང་དུ་བཏང་རུང་། ཚེར་མ་ཟུག་དུས་ཀྱི་རྡོག་པ་ལྟར། འུ་ཅག་ལམ་རིང་པོའི་ཀྱག་ཀྱོག་བརྒྱ་དང་འཕྲད་དུས། མེད་དུ་མི་རུང་བའི་སེམས་ཀྱི་རྟེན་ས་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་ནི་སྨྲོས་མ་དགོས་པ་རེད། མིའི་མི་ཚེ་ནི་ཉམ་ང་བ་ཞིག  ང་ཚོས་ཚེ་གང་བོའི་འདུར་རྒྱུག་གི་བར་ནས་རང་ཉིད་བོར་སོང་བ་ཚོར་མི་ཐུབ་ལ། བཞུད་ལམ་རིང་བ་དང་བསྟུན་ནས། ང་ཚོ་དང་ཐག་ཉེ་བ་མང་པོ་ཞིག་རྒྱང་ནས་རྒྱང་དུ་གྱེས་སོང་བ་ཡང་རྗེས་ཤེས་རྗེས་རྟོགས་ཙམ་ལས་མ་འདས་སོ། །

ཆེས་ཡིད་དུ་འོང་བའི་བརྩེ་དུང་ནི་ལོ་བཅོ་བརྒྱད་ཡན་མན་གྱི་བརྩེ་བ་དེ་ཡིན་པ་འདྲ། སྐབས་དེར། དངོས་ཡོད་འཚོ་བའི་ཁུར་པོ་དག་མེད་ལ། བར་ཐག་རིང་ཐུང་དང་ཡིད་ཆེས་ཡོད་མེད་ལ་དོགས་མི་དགོས་པར། ཕར་དགའ་ཚུར་མཐུན་རེ་ཆགས་སོང་ན་ཏན་ཏན་བརྩེ་བ་འོ་ཆུ་འདྲེས་འདྲེས་ཤིག་ལ་དབང་ཐུབ་པ་འདྲ།  རྒྱུན་ལྡན་བརྩེ་དུང་སྐོར་གྱི་ལབ་གླེང་བྱེད་དུས། གྲོགས་པོ་མང་པོས་བརྩེ་དུང་གི་ཉམས་མྱོང་ཟེར་བ་དེ་ཅི་ཙམ་མང་ན་ཡག་རབས་དང་། མི་མང་པོ་དང་འགྲོགས་མཐུན་བྱེད་པ་བརྒྱུད་ནས་རང་ལ་གང་འཚམ་པ་དང་མི་དེ་ལ་འཁུར་སེམས་ཡོད་མེད། རྣམ་དག་ཡིན་མིན་ལ་སོགས་དབྱེར་དགོས་ཚུལ་ལབ་སོང་། རེད་དེ། ང་ནི་མི་མང་པོ་དང་འབྲེལ་འདྲིས་བྱེད་པར་གོམས་ཐུབ་ཀྱིན་མི་འདུག རང་གཞན་གཉིས་པོའི་དུས་ཚོད་ཆུད་ཟོས་སུ་བཏང་ནས་མཇུག་འབྲས་མེད་པའི་དོན་དག་འཁྱོང་དགོས་ན་ཁག་པོ་རེད། དེང་དུས་ཀྱི་བརྩེ་དུང་ནི་འཕྲལ་དུ་ཡལ་བར་གོམས་ཡོད་པས། འགྲོགས་མཐུན་བྱུང་བའི་རིན་དོད་ནི་ཕན་ཚུན་ལ་གནོད་འཚེ་བཏང་ནས་ནང་སེམས་ཆག་གྲུམ་ཤོར་བའི་མཐར། ཆེས་རྒྱུས་ཆེ་བའི་མི་གཉིས་ཆ་རྒྱུས་མེད་པའི་མི་གཉིས་ལྟར་གྱེས་ན་ཡིད་ཕམ་པ་དེ་ལས་མེད་པ་རེད། དེ་བས་གྲོགས་པོའི་ཚུལ་གྱིས་འགྲོགས་ན་དེས་ཆོག  མ་མཐར་ཡང་ང་གཉིས་པོའི་སེམས་སུ་ངུད་གཉིས་ནི་ཡིད་དུ་འོང་ལ་མཛེས་ཤིང་སྡུག་པ་ཡིན་ངེས། བློ་ཕམ་འགྱོད་སེམས་རེ་ཡོད་རུང་ངས་ཁྱོད་ལ་ཁ་ངན་ཚིག་རྩུབ་རེ་བཤད་མ་དགོས་པ་དེས་ཆོག མ་ཟད་ངས་ཁྱོད་ཀྱི་སེམས་སུ་སྒོམ་པའི་དྭངས་གཙང་གི་བརྩེ་དུང་ལ་ནག་ནོག་བྱུག་མི་འདོད་ཅིང་། འཇིག་རྟེན་འདི་རུ་རྣམ་དག་ཟོལ་མེད་ཀྱི་བརྩེ་བ་ངོ་མ་ཞིག་མཆིས་པའི་ཡིད་རྟོན་དེ་བརླག་མི་འདོད། གལ་སྲིད་ང་ཚོ་ལ་དབང་བའི་བརྩེ་དུང་གི་གཏམ་རྒྱུད་རིང་མོ་ཞིག་ཡོད་ན། གཏམ་རྒྱུད་ཁྲོད་ཀྱི་ང་ཚོ་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་འདྲིས་མཐུན་པའི་བརྩེ་བའི་ཚེ་ནོམ་ཡིན་ལ། ངའི་ཡིན་རུང་ང་ལ་མ་དབང་ཐལ། ངའི་མིན་རུང་ད་རུང་མི་བརྗེད་ཀི་ཞེས་པའི་གླུ་ཚིག་དེ་ལྟར། བློ་ཕམ་འགྱོད་སེམས་ཀྱིས་གྲུབ་པའི་ལས་དབང་གཉོམ་པོ་ཞིག་ཀྱང་ཅི་ལ་མིན། གལ་ཏེ་གཏམ་རྒྱུད་དེ་འདྲ་ཞིག་མེད་པའི་དབང་དུ་བཏང་རུང་། ངས་འཁོར་བ་མི་རྟག་གི་ཆོས་ཉིད་རྟོགས་རུང་། བདེན་པའི་བརྩེ་དུང་ལ་རྣམ་རྟོག་འཛིན་ཐབས་མི་འདུག་ཅེས་པ་འདི་ལ་ནམ་ཡང་ཡིད་རྟོན་གནང་རོགས།
#མཁའ་འགྲོའི་དབྱངས།##༤# https://t.cn/A6SsFiYv

རྒྱལ་སྲས་ཞི་བ་ལྷས།
བདག་ནི་མལ་ན་འདུག་བཞིན་དུ། །
གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང།
སྲོག་འཆད་པ་ཡི་ཚོར་བ་དག །
བདག་ཉིད་གཅིག་པུས་མྱོང་བར་འགྱུར། །
གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །
གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །


发布     👍 0 举报 写留言 🖊   
✋热门推荐
  • 常喝菊花平肝,眉目就更清,更具电力了。菊花茶电脑族网上作业之后,都出现眼睛疲劳的毛病,近视的人更是经常感到睛睛干涩,常喝菊花茶能改善眼睛的不舒服,缓解以上的症状
  • 今天是天下所有伟大母亲的节日,母亲节快乐[嘻嘻]熙熙宝贝送我一个独一无二的手提袋,乔乔宝贝送我一个发光的发夹球,谢谢宝贝们[亲亲][亲亲]晚饭后姐姐说自己没买礼
  • 老妈喜欢我的表哥,我表哥经常来我家串门,我的外婆就是表哥的奶奶和我们住一起,表哥经常来看看奶奶,和老妈自然就很熟,再加上哥哥长相帅气大家都说他模样就象香港明星刘
  • 我是一个平凡的人,我平凡但我并不平庸,我只是在等,等待化蛹为蝶的那个一刻。告诉自己:我可以不完美,但一定要真实;我可以不富有,但一定要快乐!希望你有钱,难过的时
  • 分享一下最近入手的Parlo Intangbo数位板,真的好用,适合新手党,全套的紫色哦,狠狠的满足了我的少女心[打call],连充电线都是紫色这里还真的没想到
  • 择偶要求:想找一个开朗乐观的阳光男孩子(92-95)身高178+,不要太胖。择偶要求:想找一个开朗乐观的阳光男孩子(92-95)身高178+不要太胖。
  • 对于药企而言,药店集采是一把双刃剑,一方面是集采打开了院外市场零售药店的大门,药店集中到省平台上与医疗机构一起下单采购,不仅政策为药企省了上柜费等很多啰嗦事,也
  • ”原炀嘟囔道,“我脑袋里面装的可都是你,要重也是你重。原炀此时此刻心里面的小恶魔已经在他的脑门旁边晃悠起来了——顾青裴,你看我晚上不好好打你一顿阿不好几顿!
  • 她是史上第一个踏上月球的黑人女性,成为了全美的英雄,但她也是不多的几个知道月球上到底发生了什么的人,因此觉得压力大到无法承受,想离开太空军。本季开始,Angel
  • 第三位就是胡一天了,很多小伙伴认识他都是因为致我们单纯的小美好中的江辰,但这部电视剧上线之后就非常的火,胡一天更是靠这部剧成为了很多人心中的男神,只是没过多长时
  • 【外在环境愈是纷扰 内心愈要清净淡然】内心清净的人 一开始就赢了【不为他人所扰 不为外物所惑】不让苟且侵蚀自己的生活明白自己所思所想 明白未来所往所向在自己的世
  • 最近的生活依旧是被工作填满,好吃好喝好睡。可是看到他们屡教不改嘻嘻哈哈,成绩越来越差,我耗费的一切感觉都毫无意义……真的心力交瘁,对于教学的热情被迅速消耗,工作
  • 到了最后,只剩下一个欠债最多的人,他诚惶诚恐地上前说:“来世,我一定要做您的爸爸。” 富翁微笑着将那人的借据烧了。
  • 。。
  • 从1994年开始,俄罗斯赫鲁尼切夫国家航天研究和生产中心提出使用清洁能源的“安加拉”火箭项目,该系列火箭包括“轻”“中”“重”三个级别,其中2005年“美俄蜜月
  • 小透明wb打咔摩登兄弟刘宇宁第一百九十九天[打call][心][爱你]@摩登兄弟刘宇宁 _______________________【摩登兄弟刘宇宁[抱一抱
  • 今天的雪糕已经是一个被爱浇灌的快乐小孩了,我们都爱他每次看到那种:主人在狗狗眼里是不会变老的小神仙,他用一生陪伴主人短暂的一程这样的话,眼泪花都会瞬间涌出,希望
  • 奶奶做的则更为精进,奶奶是一个细致的人,她切的椿芽大小均匀,细而不碎,吃的时候就明显感觉口感要细密很多。辣椒的辣,葱姜蒜的清香,还有椿叶留下的浅浅椿味,一切都很
  • 所以她演柳飘飘,演柳月娥,都让人觉得演技很好,如果按照这个路子演下去,我不怀疑张柏芝会如港媒所言,成为张曼玉的接班人。但我想的是,不知道张柏芝想过没有,现在的娱
  • 些许月后小店重新开业,不过令大家奇怪的是甜品店不再售卖甜点,而黑老板也不再出现于店内;有好奇之人询问了白店长,白店长带着与平常一样温暖的笑容说:他…只是有些累了