དབང་པོ་གར་སོང་ཀྱི་ཕྱོགས་སུ།།
རྣམ་ཤེས་ཕྱི་བཞིན་དུ་མ་འབྲང་།།
དབང་པོ་མགྲོན་པོ་ཞིག་ཡིན་པས།།
ཁྱོད་ལ་གཏན་གྲོགས་དེ་མི་ཡོང་།།
ཕྱི་རོལ་ཡུལ་ལྔ་ཡིས་བསླུ་སྐབས།།
སེམས་པ་གཡོ་འོག་ཏུ་མ་ཚུད།།
གང་སྣང་མཚན་མ་རུ་བཟུང་ན།།
ཆོས་སྐུའི་རང་ཞལ་དེ་མི་མཇལ།།
ཉོན་མོངས་དུག་ལྔ་ཡིས་གཟིར་ཚེ།།
སྤང་བླང་ཕྱོགས་འཛིན་གྱིས་མ་བཅིངས།།
གནས་ལུགས་སྤྲོས་བྲལ་ཞིག་ཡིན་པས།།
ཨ་ཏིའི་རྣམ་འབྱོར་ཞིག་མི་ཡོང་།།#摄影[超话]# https://t.cn/R2WxuoH
རྣམ་ཤེས་ཕྱི་བཞིན་དུ་མ་འབྲང་།།
དབང་པོ་མགྲོན་པོ་ཞིག་ཡིན་པས།།
ཁྱོད་ལ་གཏན་གྲོགས་དེ་མི་ཡོང་།།
ཕྱི་རོལ་ཡུལ་ལྔ་ཡིས་བསླུ་སྐབས།།
སེམས་པ་གཡོ་འོག་ཏུ་མ་ཚུད།།
གང་སྣང་མཚན་མ་རུ་བཟུང་ན།།
ཆོས་སྐུའི་རང་ཞལ་དེ་མི་མཇལ།།
ཉོན་མོངས་དུག་ལྔ་ཡིས་གཟིར་ཚེ།།
སྤང་བླང་ཕྱོགས་འཛིན་གྱིས་མ་བཅིངས།།
གནས་ལུགས་སྤྲོས་བྲལ་ཞིག་ཡིན་པས།།
ཨ་ཏིའི་རྣམ་འབྱོར་ཞིག་མི་ཡོང་།།#摄影[超话]# https://t.cn/R2WxuoH
རྨོག་རུ་ཤེས་རབ་རྡོ་རྗེའི་སྙན་ངག་འདི་ཡི་གར་ཤིན་ཏུ་འཕྲོད་པ་ཞིག་བྱུང་། གང་ཞིག་ལ་བདེ་ཚོར་སིམ་སིམ་སྟེར་པ་ཞིག་ཀྱང་བྱུང་། སྐྱ་ཤུར་སྒོར་ལེར་ཟ་འཕྲུག་གིས་གང་པའི་རྨ་ཁ་དེའང་ཡལ་པ་འདྲ་ཞིག་བྱུང་། [干杯]
མི་གཅིག་གིས་བསགས་ཟིན་པའི་ཉེས་བྱས་མ་ལུས་གུང་བསྒྲིག་སྟེ་བསྡོམ་རྩིས་བརྒྱབ་པའི་དབང་དུ་བཏང་ན། ཤེས་བྱ་ཀུན་ཁྱབ་ལྟ་བུའི་དེབ་རྒན་ཞིག་བསྒྲིག་བཟོ་བྱེད་ཆོག་པ་མ་ཟད། རྩ་བ་ཤེས་རབ་ལྟ་བུའི་དེབ་ཆུང་ཞིག་ཀྱང་ཁ་འདོན་བྱེད་ཐུབ། དེས་ན་གྲལ་རིམ་སྤྱི་ཚོགས་ནང་གི་མིའི་ལུས་སྟེང་ན་སྐྱོན་གྱིས་མ་གུས་པའི་ཆ་ཤས་གང་ཡང་ལེན་ཡ་མེད་པ་ཚོར་ཐུབ།
✋热门推荐