ཀཿཐོག་གནས་འདུས།
བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་ཡོས་ཀྱི་གནམ་ལོ་འདི་ནི། ཀཿཐོག་མདོ་བྱང་ཆེན་མོ་ལས། ཁྱད་པར་གནམ་ལོ་ཡོས་ལོ་ནམ་ཤར་ཚེ༔ གན༵ས་ཡུལ་ཀུན་གྱི་རྩ་གསུམ་དཔའ་བོ་དང༔ མ་མོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་འདུ༵༔ དགེ་བ་གང་བྱས་འབུམ་འགྱུར་བསོད་ནམས་ཆེ༔ ཞེས་གསུངས་པ་བཞིན་དུ། ཀུན་མཁྱེན་ཤར་ཀཿཐོག་པ་བླ་མ་དམ་པ་བདེ་བར་གཤེགས་པ་སྐུ་འཁྲུངས་ནས་ལོ་ཡི་འཁོར་མོ་དགུ་བརྒྱ་ལ་ཟིན་པ་དང་། རབ་བྱུང་གསུམ་པའི་ས་མོ་ཡོས་ཕྱི་ལོ་༡༡༥༩ ལོར་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཐོག་མར་བཏབ་ནས་ལོ་འཁོར་བརྒྱད་བརྒྱ་དྲུག་བཅུ་རེ་བཞི་འཁོར་བའི་ཆུ་མོ་ཡོས་ཀྱི་གནས་འདུས་ཡིན་ལ། དེ་ཡང་མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་ལས། ཕྲིན་ལས་གནས་ཀྱི་གཙོ་བོ་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་འབྲི་ཀླུང་ཕྱོགས་དག་ཏུ༔ ཀཿཞེས་རི་བོ་སེང་ཆེན་འགྱིང་འདྲའི་མགུལ༔ རིན་ཆེན་འདྲ་བའི་བྲག་ལ་པད་འབྱུང་བདག༔ ལོ་གཅིག་བཞུགས་པའི་སྒྲུབ་གནས་ཀེའུ་ཚང་ངོ༔ ནང་དུ་སྒྱུ་འཕྲུལ་ལྷ་ཚོགས་རང་བྱོན་བཞུགས༔ མ་འོངས་འདི་རུ་ང་སྤྲུལ་བདེ་གཤེགས་མཚན༔ བསྟན་པའི་མེ་རོ་སྨད་ནས་སློང་བར་བྱེད། །པད་འབྱུང་བརྒྱུད་འཛིན་བསྟན་པའི་བདག་པོ་རུ༔ སེང་ཆེན་འདྲ་བའི་མི་རབས་བཅུ་གསུམ་འབྱུང༔ ཞེས་མདོ་ཁམས་གནས་ཆེན་ཉེར་ལྔ་ལས་ཕྲིན་ལས་ཕུར་པའི་གནས་ཀྱི་གཙོ་བོར་གསུངས་པ་དང་། ཀཿཐོག་མདོ་བྱང་ཆེན་པོ་ལས། འཛམ་བུ་གླིང་གི་མཐའ་འཁོབ་ཡུལ༔ གངས་ཅན་ལྗོངས་ཀྱི་ལྟེ་བ་ཉིད༔ ཀཿཐོག་མི་འགྱུར་རྡོ་རྗེའི་གདན༔ འཁོར་ལོ་ལྔ་ལྡན་ཞི་ཁྲོའི་གནས༔ ང་ཡི་སྒྲུབ་གནས་མང་ཡོད་ཀྱང༔ གནས་ཀྱི་རྒྱལ་པོ་འདི་ཁོ་ན༔ ཞེས་དང་།
གནས་འདི་བསྐོར་བའི་ཕན་ཡོན་ཚད་མེད་ཀྱང༔ ཚད་ལ་སྦྱར་ན་སྟོང་གསུམ་རབ་འབྱམས་ཀྱི༔ ཞིང་ཁམས་དག་པ་ཇི་སྙེད་བཞུགས་པ་ལ༔ དེ་སྙེད་བསྐོར་དང་བསམ་པ་དག་པ་མཉམ༔ གྲངས་ལ་སྦྱར་ན་མ་ཎི་དུང་ཉེར་ལྔ༔ འདོན་པའི་ཕན་ཡོན་ལྷག་བསམ་དག་པས་མཉམ༔ ཞེས་སོགས་གསུངས་པ་ལྟར་གྲུབ་པ་བཞི་ལྡན་གྱི་གནས་ཆེན་འདི་ཡི་གནས་འདུས་ནི་ལོ་འཁོར་བཅུ་གཉིས་ཀྱི་ནང་དུ་རེ་རེ་ལས་མེད་པའི་དུས་ཆེན་ཞིག་ཡིན་པས་ལོ་འདི་ལ་གནས་འབྲེལ་དང་ཕྱག་བསྐོར་གྱི་ཕན་ཡོན་ནི་ལོ་གཞན་ལས་ཆེ་བས་བསོད་ནམས་ལ་བརྩོན་པ་གལ་ཆེ་བ་ཡིན།

【མིག་སྔའི་བར་རྒྱལ་ཡོངས་སུ་ལས་བཟོ་བ་དུང་ཕྱུར4.02ཙམ་ཡོད་པ།】རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཉེ་ཆར་རྒྱལ་ཡོངས་ཀྱི་ལས་བཟོ་བའི་དཔུང་སྡེའི་གནས་ཚུལ་བརྟག་དཔྱད་མཇུག་འབྲས་དགུ་པ་ཁྱབ་བསྒྲགས་བྱས་ཤིང་། མིག་སྔར། རྒྱལ་ཡོངས་སུ་ལས་བཟོ་པ་དུང་ཕྱུར4.02ཡས་མས་ཡོད་ཅིང་། ལས་བཟོ་བའི་ཆ་སྙོམས་ལོ་ཚོད38.3དང་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ13.8ཟིན་ནས། ལག་རྩལ་དང་རྩལ་ནུས་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན། དྲ་སྦྲེལ་རླངས་འཁོར་ཁ་ལོ་བ་དང་མྱུར་སྐྱེལ་བ། སྡེབ་སྐྱེལ་པ་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ལས་བཟོ་བའི་དཔུང་སྡེའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།



【མཚོ་སྔོན་གྱི་ཞིང་ལས་འཕྲུལ་ཆས་ཁྲི16ལྷག་གིས་དཔྱིད་རྨོད་ཐོན་སྐྱེད་ཇེ་མགྱོགས་སུ་བཏང་བ།】ཟླ3པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་གསལ་ལྟར་ན།

ཉེ་ལམ་སྔར་ལས་ལྷག་པར་ཞིང་ལས་འཕྲུལ་ཆས་དཔེ་སྟོན་གྱི་ནུས་པ་དང་དཔྱིད་རྨོད་ཐོན་སྐྱེད་ཀྱི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱ་ཆེད།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་ལས་དང་གྲོང་གསེབ་སྡེ་ཁག་གིས་བྱེད་ཐབས་སྤྱད་དེ་ཞིང་ལས་འཕྲུལ་ཆས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཞིང་ལས་རྒྱུ་ཆ་དང་ཞིང་ལས་འཕྲུལ་ཆས།

ལག་རྩལ་སོགས་ཕྱོགས་ཡོངས་ནས་འགན་ལེན་བྱས་པ་བརྒྱུད། ཞིང་ལས་འཕྲུལ་ཆས་ལག་རྩལ་གྱི་ནུས་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ཀྱི་གོམ་ཁ་ཇེ་མགྱོགས་སུ་བཏང་བ་རེད།

མིག་སྔའི་བར་ཞིང་ཆེན་ཡོངས་སུ་ཞིང་ལས་འཕྲུལ་ཆས་ཁྲི16.3ལ་ཞིབ་བཤེར་བཟོ་བཅོས་བྱས་པ་དང་མི་ཐེངས4676གསོ་སྦྱོང་ལ་ཞུགས་པ་རེད།

དཔྱིད་རྨོད་ཐོན་སྐྱེད་ཀྱི་དུས་མགོར།

ས་ཁུལ་སོ་སོས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ནས་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་དང་ཞིང་འཕྲུལ་དུད་ཚང་སོགས་སུ་ཟབ་འཇུག་བྱས་ཏེ།

ཡུལ་དངོས་སུ་སློབ་ཁྲིད་བྱེད་པ་དང་ཆེད་དོན་འཆད་ཁྲིད་བྱེད་པ།

གནད་དོན་ལ་འགྲེལ་བཤད་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཞིང་ཁའི་ལག་རྩལ་མཛུབ་ཁྲིད་ཞབས་ཞུ་སྤེལ་བ་དང་།

ཞིང་ལས་འཕྲུལ་ཆས་ལས་གཉེར་མི་སྣར་བཀོལ་སྤྱོད་ནུས་རྩལ་དང་ཞིང་ལས་འཕྲུལ་ཆས་ཅན་གྱི་ལག་རྩལ་གསོ་སྦྱོང་ལ་མཛུབ་ཁྲིད་བྱེད་པ།

ཞིང་འཕྲུལ་ལ་ཞིབ་བཤེར་བཟོ་བཅོས་དང་བདག་སྐྱོང་།

སྲུང་སྐྱོང་བཅས་ཀྱི་ལས་དོན་ལེགས་པོ་སྒྲུབ་པ་བཅས་ཞིང་ལས་འཕྲུལ་ཆས་སྤུས་ལེགས་དང་བདེ་འཇགས་ལ་འགན་ལེན་བྱས་པ་བརྒྱུད། ཕན་འབྲས་མཐོ་བའི་སྒོ་ནས་དཔྱིད་རྨོད་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་བྱས།

དཔྱིད་རྨོད་ཐོན་སྐྱེད་སྐབས་སུ།

ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས《དཔྱིད་འདེབས་དཔྱིད་རྨོད་གྲ་སྒྲིག་བྱེད་སྐབས་ཀྱི་ཞིང་ལས་འཕྲུལ་ཆས་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཇུས་གཞི》འགྲེམ་སྤེལ་བྱས་པ་དང་། ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང2བཙུགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་སྐྱེད་ཀྱི་ཆོས་ཉིད་ལྟར། དུས་མཚམས་དབྱེ་ནས་གཙོ་གནད་ས་ཁུལ་ལ་ཞིང་ལས་འཕྲུལ་ཆས་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བྱས་པ་མ་ཟད། ས་གནས་སོ་སོའི་ཞིང་ལས་འཕྲུལ་ཆས་བདེ་འཇགས་ཞིབ་བཤེར་དང་།

མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་གནས་ཚུལ་ལ་ཉིན་རེར་བཀོད་སྒྲིག་བྱས། མིག་སྔར་ཞིང་ཆེན་ཡོངས་སུ་ཞིང་ལས་འཕྲུལ་ཆས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་དོན་རྐྱེན་བྱུང་མེད་པ་དང་ཞིང་འཕྲུལ་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ཡོད་པས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེེད་མཐོ་བ་དང་ཐོན་སྐྱེད་བརྟན་བརླིང་ངང་འཕར་བར་འཕྲུལ་ཆས་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ་པ་རེད། །


发布     👍 0 举报 写留言 🖊   
✋热门推荐
  • 另外队里的忍者今天排到几次了,胜率百分百,超强点赞我的神[赞][赞][赞](玛德狼印还没刷完……)明天即将开启我的【饥荒菜鸡的豪华基地建设】[doge][dog
  • #FLOKI中国社区[超话]##比特币btc##数字货币##币圈超话##币圈行情##币圈稀饭[超话]##币圈[超话]##doge#每周Floki活动时间表8月8
  • 至于饭菜,刚吃没两口就快吐了,能把饭做的这么难吃也是一绝,可能正因为当下竞争激烈,所以别具匠心让顾客留下深刻印象。[太开心] 哈尔滨有家非常有名的韩式料理,过去
  • #静电鱼说占星[超话]# #星座密语# #狮子座#年轻人还是不要被自由职业给欺骗了,有一份稳定的工作才是接下来几年的比较靠谱的选择。写到近年来日本女生读大学而不
  • 2017.10.10 人大人专业沙龙 阿加莎《病人》新剧品鉴会人大人艺术协会协办内容:幸福莊戏剧工作坊2017年五大新剧之一,时代剧作品,新颖,青春。他的获奖
  • 现在内地的很多影视剧追求写实,总是给演员怼脸特写镜头,合适不合适暂且不论,但用“战损装”去夸,总感觉到难以接受;而动辄哭戏炸裂,则是让人头痛欲裂——哭得越大声、
  • 本来多么爸去接多么时间上也来得及,但因为缝伤口、止血花了很长时间,所以再次委托魏博士去接多么,以为多么会哭着要爸爸,可是,他再次出乎我们的意料,他没有哭一声,高
  • 知名的有通天瀑、人字瀑、五指瀑等近百处,是我国北方罕见的瀑布群景观被人们誉为“一山苍翠,万瀑齐飞”夏季的驼梁,山上几乎每天都有云海,受气候影响,经常会出现山下晴
  • po真的是一个活的很洒脱的人,因为洒脱,所以真实,因为真实所以直球,他只专注于他想要做的,只关心他想关心的,给你他所能给的,其他的一切他都不屑,也许莽撞,但却诚
  • ” 智玄大师说:“施主的观点与佛教的主张并不矛盾,不同的是施主认为主流文化应该给强者个人一定的道德价值空间。” 智玄大师说:“弱势得救之道,也有也没有。
  • 鉴于全市生活必需品物资的40%-50%来自万嘉果蔬粮油批发市场,为防止因疫情市场封闭,制定了源头保供市场应急方案,确定了组织架构、货源渠道和备用场地等,并积极与
  • 不烂大街的高级文案:1.读书、买花、长大2.都怕扑空 都在衡量3.前途与玫瑰,来日且方长4.不动声色的体贴和偏袒更让人沦陷5.尊重所有声者,但只顺从自己6.心里
  • 怀有仁爱之心谓之慈,广行济困之举谓之善,慈善是仁德与善行的统一。 怀有仁爱之心谓之慈,广行济困之举谓之善,慈善是仁德与善行的统一。
  • 到最后落到我这种识字文盲的口中,不过也就是成了一句:“一个热爱音乐二十多年的普通人,在经历了十年浮沉后,选择以最合适的方式,为自己和爱他的人做一个浓墨重彩的注脚
  • #袁冰妍[超话]##向全世界安利袁冰妍##我喜欢袁冰妍我骄傲# “你像是我迷茫的青春中唯一的信号灯” .“我的澎湃激情与爱,一直都留在上海
  • 江苏省学生体育协会中小学校委员会副秘书长黄一兵女士代表省体协对本次赛会进行了精彩的点评,高度赞扬了海州高中为本次大会提供的优质服务,在场地、器材、食宿、比赛氛围
  • 其实有时侯你的心情低落,并不是因为事情真如你想象的那么坏,而是因为你想得太多了,你越想,事情就越“坏”越想,心情就越低落。想得太多,不仅不能帮助你,反而会毁了你
  • 其实 A股下跌要说原因,总能找出来,主要有三个:一是任正非喊话“活下去”表示未来十年应该是一个非常痛苦的历史时期,全球经济会持续衰退,把寒气传给了A股。如果你已
  • 我可能是个假画画的,上了个假大学这种平时挂在嘴上随便侃侃的玩笑话就不讲了,我在想,我是不是走错路了。过来这边其实早就有所准备了吧,显然准备的太少了。
  • 这游戏的热度也真得是不行了感觉,到天罚那里的剧情实况油管上好几个1080的。