མཐོ་བོད་བཙན་པོའི་རུ་དཔུང་དམག་སྡེ་ལ་བསྔགས་པ་ངག་རིག་དབྱངས་ཀྱི་རླབས་སྒྲ།

རྟ་མཆོག་རྒོད་པོས་རྨིག་པའི་ཐག་སྒྲས་ནོར་འཛིན་ལྟོ་བ་འཁུན་ཞིང་འདར། །
དཔའ་བོའི་ཀི་སྒྲས་གནམ་ས་བསྒུལ་བས་གཤིན་རྗེའི་གྲོང་ལ་བག་ཡོད་སྦྱིན། །
བར་བར་ཁྲག་གི་ལྡེང་ཀ་འཁྱིལ་བར་ལྦུ་བ་གསར་བའི་གདུགས་དཀར་ཕུབ། །
རྒོད་པོ་དཔུང་གིས་སྤྲིན་དཀར་འདབས་ནས་སྡེར་མོ་གདེངས་ཤིང་གཤོག་པ་རྡེབ། །

ལྷ་མིན་རྒྱལ་བོའི་གོ་ཁྲབ་སིལ་སྒྲས་གྱ་གྱུའི་འགག་འཕྲེང་འཕྲེད་ཀྱིས་བཅད། །
སྲིད་པའི་ས་ཆེན་ཡོམ་ཡོམ་སྒུལ་ཞིང་ལྟ་བ་མིག་གིས་མི་བཟོད་ཅིང་། །
དཔའ་བོའི་ཕྱག་གིས་རལ་གྲིའི་གཟི་འོད་ལན་གཅིག་ཕས་རྒོལ་ཝ་སྐྱེས་བཞིན། །
ངེས་མེད་འཁོར་བའི་རི་གྲོང་འདི་ནས་མཛའ་བ་གསེར་གྱི་དར་ཐག་བརྐྱངས། །

ཤར་ནུབ་སུམ་ཉིས་ས་ལ་དབང་བསྒྱུར་འཇིག་རྟེན་བྱེད་པོ་མ་ཡིན་ནམ། །
ལུགས་གཉིས་བསྟན་པའི་སྲོག་ཤིང་འཛུགས་བཞིན་ལན་རེ་ཁྱོད་ནི་ཐུབ་པའོ། །
བརྩེ་བའི་ཕྱོགས་ལྷུང་སྤྱོད་པ་དོར་ཏེ་གཤིན་རྗེའི་རྒྱ་མ་སྐེད་ལ་དྲངས། །
ལ་རྒྱའི་རུ་དར་མཁའ་རུ་བསྒྲེངས་ཏེ་ཕྱོགས་བཞིའི་རྒྱལ་ཕྲན་ཆམ་ལ་ཕབ། །

ཁྱེད་ནི་མུན་པའི་གླིང་བཞི་བསལ་བའི་ཡིད་འོང་ཀུན་གསལ་བྱེད་པོ་ཡིན། །
ཐུབ་བསྟན་ཕུན་ཚོགས་ཨ་གར་ལྗོན་ཤིང་དུག་ལྔའི་བུ་ལ་སྨན་ཆབ་གསོལ། །
རྒྱལ་ཐབས་ཆེན་པོ་སེང་གེའི་ཁྲི་འཕང་ཚངས་པའི་འགག་མེད་རྡོ་རྗེའི་དབྱངས། །
གང་གི་སྒྲ་འཛིན་ཕང་བའི་དཀྱིལ་ཏུ་དལ་གྱིས་འཇགས་ཏེ་འདུད་པར་རྩོམ། །

ད་ནི་ཡངས་བའི་རྩྭ་ཐང་དཀྱིལ་ཏུ་རྟ་མཆོག་བང་རྩལ་རླུང་ལ་འགྲན། །
ན་ཆུང་རི་སྐྱེས་མེ་ཏོག་བཞིན་དུ་ཁྱེད་ཀྱི་དྲུང་དུ་འཛུམ་ཞིང་རྩེན། །
བསྟོད་པའི་གྲགས་སྙན་དཀར་པོ་རིང་སོང་ཚངས་པའི་རྣ་བ་རབ་ཏུ་སྙེམ། །
ཁྱོད་ཀྱི་ཞབས་སེན་ཟླ་བའི་ཅོད་པན་ས་སྐྱོང་རྣམས་ཀྱི་སྤྱི་བོར་བསྙེན། །
༢༠༢༣/༤/༨ ལའོ།།[鲜花][太阳]

སྐད་བརྡའི་རྒྱུན་ཐག་ཆད་ཚུལ།། ད་ལྟའི་གནས་བབ་ནི་ཏག་ཏག་་རྒྱུད་ཐག་ཆད་ལ་ཁེད་པའི་དུས་ཡིན་ཏེ། ཕ་མ་ཚོའི་རྨང་གཞི་ཞན་པ། བུ་ཕྲུག་གི་སློབ་སྦྱོང་ཁོར་ཡུག་གཞན་སྐད་ཁྱབ་གདལ་ཆེ་བས། རང་སྐད་མི་ཤེས་ཤིང་གཞན་སྐད་ལ་ཤིན་ཏུ་བྱང་བའོ།། 语言的活力,语言的代际传承

མདོ་སྡེ་རྒྱན་ལས།
བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །
ཡོན་ཏན་བརྩོན་བཅས་ལྷག་པར་ལུང་གིས་ཕྱུག །
དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །
བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས།


发布     👍 0 举报 写留言 🖊   
✋热门推荐
  • 还是那句话,大家该做的一定要做,把那个赞补上,至少得看见大家在进步,而不是不做,不做就退步了。(这里的新粉已经不再拘泥于哪个时期上楼的,而是指源源不断的关注苏新
  • 现在的你对沈星回实在太过熟悉,眼神、动作、语气……随便哪一点都能让你轻而易举地认出他,所有的外在伪装在你面前只不过是对身份的矫饰。这时候爸爸妈妈要仔细查看婴儿,
  • C厂Clean厂劳力士「黑金迪」复刻腕表40毫米的一个表径,数字看起来很大好像腕表很大一样,但实际换算成比较熟悉的厘米单位,这款复刻腕表也就是4厘米的大小,其本
  • 晚上在北辰沿着湘江边,谈考研骂oj,回忆考研,展望未来各自的打算计划(虽然我真的没有想法,因为考研失败,所以我这十几天一直都是在逃避的状态,也不知道未来要干什么
  • 市面上隐形车衣品牌太多了,五花八门不知道如何选择?每一个品牌方宣传都不太一样,品质也是层次不齐;工厂乱,品牌宣传乱,夸大其词;如何选择隐形车衣品牌那?
  • ”奥斯卡颁奖礼上,乔纳森·格雷泽接受奥斯卡最佳国际电影奖并谴责加沙暴行“Our film shows where dehumanization leads at
  • 昨天跟老爸视频他也提起来了又是转红包 不过也是 我最需要的东西哈哈哈 还有LL今天也直接问我要什么 解决了我想买却没入手的 LL说毕业了可以把我的包可以拿去
  • “是的我有见过我的梦”安溥说站在台上的人都是一场梦,这场梦结束的时候每个人仍然都会回到自己的生活。无数个崩溃的时刻,难捱的日夜,都是听jj的歌陪我的,今天算是给
  • 我相信很多人都是普通人,没有很多人能做到把喜欢变现,所以经常面临二选一这个困境,比如大学选专业,出社会后的工作,在生计和喜欢,大部分人都会选生计,然而在文娱作品
  • 小凯,真的很感谢你创造了孟超这个角色,在你所有角色中住进我心里最深的可能就是孟超了吧,我对孟超所有的怜惜都化作一种很强烈的保护欲在心里,记得22年暑假那会谁要拿
  • 【12星座如何伪装高富帅】白羊:冒险家;金牛:投资家;双子:甜言蜜语小王子;巨蟹:忧郁忠诚男二号;狮子:阳光大方黑骑士;处女:追求完美领导者;天秤:温润如玉守护
  • 1逢高出了爱美客和安杰思,2逢低进了夏厦,3模拟盘逢高出了安杰思 戴维 通灵 固德威,都是好东西,但不敢拿着。这时候爸爸妈妈要仔细查看婴儿,看看宝宝到底需要什么
  • 愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。  将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。
  • 可它越抖越厉害,令我惊讶万分,不得不找出吹风机,对着它一顿猛吹。帅帅的羽毛球拍 昨天着急买 结果是sp版 找半天也没有国版和日版 崩溃了[伤心] 最后买的国羽版
  • 小时候最大的愿望就是养一只属于自己的小狗,嚷嚷了十几年,终于在十七岁那年阴差阳错的抱回来了包子,从两个月大只能吃软粮到它学会握手,捡球,一起玩游戏…还记得刚抱回
  • ”子曰:“於止知其所止,可以人而不如鸟乎?有斐君子,如切如磋,如琢如磨。
  • #田小娟全能制作人# txj#田小娟全能ace#qzy#全昭妍[超话]# [数据]240312 黑X更新小娟相关音源成绩 [shining_idle/KIDL
  •   “妈,嘘……”  女儿的声音刚落,夏凉就听到听筒那边传来熟悉的说话声:  “王医生怎么还没好?  “妈,嘘……”  女儿的声音刚落,夏凉就听到听筒那边传来熟
  • 17岁演唱会每人一朵玫瑰18岁盛大的玫瑰花海19岁玊尔表白20岁的戒指22岁代码烟花22岁漫天的限定玫瑰花海22岁大红花轿成年和法定 你都把玫瑰送给我们 专属于
  • [全力以赴][全力以赴][全力以赴][全力以赴]便宜的电脑就是bug多…上了这么多课下来 要下载一堆的软件结果出来没有真正下好一个东西的为什么我跟我舍友步骤一模