#མཐོང་སྣང# དཀའ་གནས་དང་བདེ་གནས་གང་ཞིག་ཏུ་གནས་ཡོད་མེད་ནི་གལ་མི་ཆེ་ལ། གནས་བབ་གང་ཞིག་ཁྲོད་ན་ཡོད་རུང་ཇི་ལྟ་བུའི་གདམ་ག་ཞིག་དང་གང་ལྟ་བུའི་ལྟ་སྟངས་ཤིག་ཡོད་མེད་ནི་གཟོད་གལ་ཆེ་བ་དེའོ། །——བི་མ་ལ།

#ཕ་རེ་ཁུ་ལེ་སི་ཡི་གཏམ་བཤད།#
སྤྲེལ་ཉི་མ་རྒྱལ་མཚན་གྱིས་བསྒྱུར།
༼ཕ་རེ་ཁུ་ལེ་སི་༼སྤྱི་ལོ་སྔོན་གྱི་ལོ495--429ལོའི་བར༽ནི་ཨ་ཐེན་སིའི་རྫོགས་ལྡན་དུས་སྐབས་ཀྱི་སྲིད་སྐྱོང་དཔོན་པོ་ཡིན་ལ། ད་ལྟ་གནས་པའི་གནའ་བོའི་ཀེ་རི་སེའི་འཛུགས་སྐྲུན་མང་ཤོས་ཁོའི་གནས་སྐབས་སུ་བཞེངས་པ་ཡིན་ཞིང་། དེ་ལས་ཀྱང་མཛད་རྗེས་ཆེ་བ་ནི་སྐབས་དེར་ཧ་ཅང་དྲག་སྐྱོད་ཡིན་པའི་དམངས་གཙོའི་ནུས་པ་འདོན་མཁན་མང་པོ་སྐྱེད་བསྲུང་བྱས་ཤིང་ཁོའི་དུས་སྐབས་ལ་ཕ་རི་ཁུ་ལེ་སིའི་དུས་སྐབས་ཞེས་འབོད་ཅིང་། ཨ་ཐེན་སིའི་ཆེས་རྫོགས་ལྡན་གྱི་དུས་སྐབས་ཡིན་ཞིང་། ཁོང་གི་དུས་སྐབས་འདིར་སོ་ཀུ་ར་ཏེ་དང་པུ་ལ་ཐོ་སོགས་ལྟ་བུའི་བསམ་བློ་བ་མིང་གྲགས་ཅན་དག་བྱོན། ༽

----ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་ཨ་ཐེན་སིའི(雅典)རྫོགས་ལྡན་དུས་སྐབས་ཀྱི་མིང་དུ་གྲགས་པའི་ཆབ་སྲིད་པ་ཕ་རེ་ཁུ་ལེ་སི་(percles伯利克里)ཡི་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་ཕུལ་བའི་དཔོན་དམག་རྣམ་པའི་འདས་མཆོད་སྟེང་གི་གཏམ་བཤད་གྲགས་ཅན།

ང་ཚོའི་སྲིད་དབང་གི་སྒྲིག་སྲོལ་ནི་གཞན་གྱི་ལམ་ལུགས་དང་དགྲ་རུ་ལངས་པ་མིན་ལ། ང་ཚོས་གཞན་གྱི་ལད་མོའང་མི་བྱེད་ཅིང་། ང་ཚོ་ནི་གཞན་གྱི་མིག་དཔེ་བྱེད་དགོས།

ང་ཚོའི་སྲིད་ལུགས་ནི་དམངས་གཙོའི་སྲིད་དབང་སྒྲིག་སྲོལ་ཡིན་ཞེས་འབོད་ཆོག་ལ།

རྒྱུན་མཚན་ནི་ཆབ་སྲིད་ཀྱི་དབང་ཆ་མི་ཉུང་ཤས་ཀྱི་ལག་ཏུ་མེད་ཅིང་དེ་ལས་ལྡོག་སྟེ་མི་མང་པོའི་ལག་ཏུ་མཆིས།

ཁྲིམས་ལུགས་ཀྱིས་མི་ཚང་མ་འདྲ་མཉམ་གྱི་ལྟ་སྟངས་འཛིན་ཞིང་། དྲང་བདེན་གྱིས་མི་དམངས་བར་གྱི་འགལ་བ་སྙོམ་སྒྲིག་བྱེད་སྐབས་དམངས་གཙོའི་སྲིད་དབང་སྒྲིག་སྲོལ་གྱི་དགེ་མཚན་ལའང་ཁས་ལེན་ཐོབ་པ་ཡིན།
སྤྱི་དམངས་ཤིག་ལ་བཟང་ཆ་གང་རུང་ཞིག་འཇོན་ཚེ་ཁོ་སྐྱེད་བསྲིང་བྱས་ནས་ལས་ཀ་སྤྲོད་དགོས་ཤིང་།

དེ་ནི་ཁོའི་བཟང་ཆ་ལ་བྱ་དགའ་གནང་བ་ཡིན་ཞིང་། འདི་ནི་དམིགས་བསལ་གྱི་དབང་ཆ་དང་ཁ་ཁ་སོ་སོ་ཡིན།
དབུལ་ཕོངས་ནི་བཀག་རྡོ་མིན་པར་མི་སུ་ཡིན་ཡང་རྒྱལ་ཁབ་ལ་གོ་ཆོད་ཅིང་། ཁོའི་གནས་སྟངས་ཅི་འདྲ་མི་ལེགས་ཀྱང་སྤྱི་ཚོགས་འཚོ་བའི་ཁྲོད་ང་ཚོས་གཞན་གྱི་བྱ་བ་སྣང་ཆུང་བྱེད་མི་རུང་ལ། མི་དང་མིའི་བར་གྱི་འབྲེལ་བའི་ཁྲོད་ང་ཚོ་ཕན་ཚུན་ལ་ཡིད་ཆེས་ཡོད་དགོས།

ཐ་ན་གཞན་གྱི་དགའ་ཕྱོགས་ལའང་ཡི་རང་བྱེད་འོས།
ང་ཚོ་ཚང་མ་མཛེས་སྡུག་ལྡན་པའི་བྱ་དངོས་ལ་དགའ་བ་ལྷན་སྐྱེས་ཀྱི་རང་གཤིས་སུ་གྲུབ་ཀྱང་དེ་ལ་རོལ་བའི་ཕྱིར་སྐྱེས་ཕོ་རབ་ཀྱི་ལ་རྒྱ་འདོར་མི་ཉན།
རྒྱུ་ནོར་གྱིས་ཕན་ཚུན་ལ་ངོམ་རྒྱག་དང་འུད་ཤོབ་མི་བྱེད་པར་དོན་སྙིང་ཡོད་པའི་བྱ་བཞག་གི་སྟེང་དུ་བཀོལ་ན་ལེགས།
ང་ཚོའི་ཡུལ་འདི་རུ་རང་ཉིད་དབུལ་བོ་ཡིན་པ་ངོ་གནོང་མི་དགོས་ལ།

ངོ་གནོང་དགོས་པ་ནི་རང་ཉིད་དབུལ་ཕོངས་ལས་ཐར་འདོད་མེད་པ་དེ་ཡིན།
ཨ་ཐེན་སིའི་སྤྱི་དམངས་ཀྱིས་རང་གི་ཁྱིམ་ཚང་ཆུང་ཆུང་གི་ཕྱིར་རྒྱལ་ཁབ་སྣང་མེད་དུ་མི་འཇོག་ལ།

ཐ་ན་ང་ཚོའི་ཁྲོད་ཀྱི་ཚོང་ལས་གཉེར་མཁན་དག་ལའང་ཆབ་སྲིད་ཀྱི་ལྟ་བ་མཐོན་པོ་ལྡན།
གལ་ཏེ་མི་ཞིག་སྤྱི་བའི་དོན་དག་ལ་སྤྲོ་བ་མེད་ནའང་ང་ཚོས་ཁོ་མི་ངན་དུ་བརྩི་མི་རུང་།
ང་ཚོའི་ཁྲོད་ན་སྲིད་ཇུས་གཏན་འབེབས་བྱེད་མཁན་ཉུང་ངུ་ཞིག་ལས་མེད་ནའང་ང་ཚོ་ཚང་མ་ཐབས་མཁས་པའི་སྲིད་ཇུས་བརྡར་ཤ་གཅོད་མཁན་ཡིན་ཞེས་བཤད་ཆོག
ང་ཚོས་བལྟས་ཡོང་ན་བྱེད་ཐབས་ཀྱི་བཀག་རྒྱ་ཆེ་ཤོས་ནི་གྲོས་བསྡུར་མིན་པར་བྱེད་ཐབས་སྔོན་གྱི་གྲོས་བསྡུར་ཁྲོད་ཤེས་བྱས་དབུལ་བ་དེ་ཡིན། བྱེས་ཐབས་སྔོན་ལ་ང་ཚོར་བསམ་གཞིག་གི་ནུས་པ་ཁྱད་པར་བ་ཞིག་ཡོད་དགོས་པ་མ་ཟད་ད་དུང་བྱེད་ཐབས་ཀྱི་ནུས་པ་ཁྱད་པར་བ་ཞིག་ཀྱང་ཡོད་དགོས་སོ།།


མདོར་ན་ངས་བཤད་འདོད་པ་ནི་ཨ་ཐེན་སི་ནི་ཀེ་རི་སེའི་སློབ་གྲྭ་ཡིན་་་་་་
ངའི་བསམ་པར་རང་ཉིད་ཀྱིས་ཁྲིམས་དང་འཚམ་པའི་ཐ་སྙད་ཀྱིས་མྱ་ངན་ཞུ་ཚིག་ཕུལ་བ་ཡིན་ལ།

སྔོན་གཤེགས་དཔའ་བོའི་མཛད་རྗེས་ལའང་ཚད་ངེས་ཅན་ཞིག་གི་ཐོག་ནས་བསྟོད་སྔགས་བྱས་ཡོད་ཅིང་། སྔོན་གཤེགས་དཔའ་བོ་དག་གཟི་བརྗིད་ལྡན་པའི་ཁྲོད་ནས་དུར་འཇུག་བྱས་ཟིན།

ད་ལྟ་བསྒྲུབ་དགོས་པ་ཉག་གཅིག་ནི་སྔོན་གཤེགས་དཔའ་བོའི་འཕྲོར་ལུས་པའི་དྭ་ཕྲུག་རྣམས་ནར་སོན་པའི་བར་རྒྱལ་ཁབ་ཀྱིས་སྐྱོང་རྒྱུ་དེ་ཡིན་ལ། འདི་ནི་བྱ་དགའ་ངོ་མ་དེ་ཡིན། འདི་འདྲའི་འཐབ་འཁྲུག་བརྒྱུད་རྗེས་མེ་ཏོག་གི་ཨ་ལོང་ཐོབ་པ་ནང་བཞིན་ཀེ་རི་སེ་ཡིས་བྱ་དགའ་འདི་ཁོ་མོའི་ཤི་གསོན་གྱི་བྱིས་པ་ཚོ་ལ་གནང་ངོ་།། #名言##历史##古雅典#

མི་ལོ་བཅོ་ལྔ་སྐད་ཅིག་ཙམ་གྱིས་རྫོགས། །
ཤུལ་ལུས་དེབ་ཐེར་ཚོང་པའི་རྫས་སུ་གྱུར། །
གར་སོང་འདིར་སོང་མེད་པའི་ལོ་ཟླའི་ཁྲོད། །
བློ་གྲོས་དཔལ་ལྡན་བོད་ལ་གྲགས་སྙན་ཆེ། ། ༤:༢༩ ཉིན།


发布     👍 0 举报 写留言 🖊   
✋热门推荐
  • .5自然妈生鼻代表人物:iu鼻型特点:挺自然,连妈妈都看不出动过,就是悄悄变美:山根起点低,鼻额角在120-130度,鼻梁有双c线,鼻头圆润小巧,海鸥线平缓适合
  • 告别八月 八月 好像过了周年就开始工作了 现在上班也半个月了 记忆中工作到现在就是换了好多次教室 遇见了好多可爱的小盆友郭老二 瑶瑶 安老二 航航 硕硕(子
  • 经常上火或是长痘的姐妹,家中必备了【拍2件29.9】芙清 医用祛痘凝胶5g购:线下三甲医院同售的,能抑菌消炎、祛痘修护、淡化红痘印,对于皮炎湿疹或是刚冒白头的红
  • 见安利无果,法官随即转而开始向我吐槽处理当事人信访的痛苦,我只能边听边附和着,心想,合着这是因为自己淋过雨所以也想扔掉别人的伞吗[允悲](法官大人对不起‍♀️)
  • 爱情的开始,因为新鲜感,彼此相互吸引,许不完的山盟海誓,可一旦久处,如期而至的争吵,过了新鲜后的平淡,好像两个人永远不同频,频繁说分手就像是一个口头禅深深让一份
  • (我坚信00后现在的眼界不至于此)等我下次去表姐家一定要问问她16年的女儿看不看这玩意儿[二哈]但如果目标受众真是小学生,那小学生的打榜能力怎么会这么牛?#ze
  • 这个问题答案还是要取决于什么类型的玩家:主机玩家、端游玩家、手游玩家。 #2017年度金叹号奖颁奖典礼#咪咕互娱CEO在大会上讲到:2018年咪咕互娱将继续寻找
  • 徐福记凤梨酥184g*4袋(LYpnYk5mqfE)ZUZU口红保湿防水滋润不易脱色学生哑光官网柔润唇彩精油润唇膏 --------百万粉丝网络红人初瑞雪代言
  • 只租女生#西班牙语国家文化超话##西班牙留学[超话]##马德里超话##西班牙租房[超话]##板鸭出租#马德里9路Artilleros地铁口和公交车站均不到一分钟
  • !!
  • 没想到,李亚鹏私底下的生活还是如此丰富多彩,作为商人的他,交游广阔,与窦唯的前妻高原,还有这样一层朋友关系,让不少网友都感动震惊。而王菲又嫁给了李亚鹏,而李亚鹏
  • 如果你不甘于平凡想创业,但又不知道如何下手,如何选择没有方向目标,其实互联网挣钱很简单,成本低见效快,如果你没有方向,那么这就是你最佳的创业机会,兼职全职都可以
  • #丸子的秘密书架# 十月书单《安妮日记》有些压抑,她有着所有花季少女一样的心情,期望,纠结和思考,但是命运却把她推向不一样的境遇。里面关于社会啊政治啊的部分完全
  • #任嘉伦请君# #任嘉伦陆炎# “任嘉伦,你知道嘛,我不相信下辈子,只想善待你今生,因为我不知道,下辈子是否还能遇见你,所以我今生才会那么努力把最好的给你 [爱
  • 自西和县发展“乞巧”系列劳务品牌以来,在西和县人社局的推介下,西和“乞巧”劳务品牌务工人员凭借吃苦耐劳、爱岗敬业的优秀品质,已成为青岛建海源建筑工程有限公司、
  • 而更多无数贫困潦倒的中国家庭,因这场战争永远失去了儿子、丈夫或父亲。而更多无数贫困潦倒的中国家庭,因这场战争永远失去了儿子、丈夫或父亲。
  • 诸多侠道,无人知晓道路的终点为何,每种抉择,都可能伴随牺牲。在巧取豪夺的世道中,是偏安一隅谋一净土,还是入世行侠救民于水火?
  • ”也有人反感“不务正业”的飞盘社群占领了足球场……尹清露:诸如滑雪、攀岩运动的流行可能跟我们的生活方式改变有关,现在的情况是,脑力活动和体力活动被完全割裂了,平
  • 顺其自然,若是注定发生,必会如你所愿。顺其自然,若是注定发生,必会如你所愿。
  • 这里被雪山包围,去过的人都超级喜欢~期待有机会还可以去这里慢慢逛~~#雪域在地游##西藏卓卜##夏日造浪计划##城市巡游记# #西藏卓卜游蕃尼古道##西藏卓卜#