༄༅།།ཨ་ལགས་བླ་ཁོ་རྡོ་རྗེ་འཆང་༧རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ཞལ་སྔ་ནས་ལུང་པ་སྐམ་པོའི་ནང་ཐུབ་བསྟན་རློན་པ་གནས་ཞེས་བདེན་ཚིག་པུཎྜ་རི་ཀའི་སིལ་མ་གཏོར་བ་ཆོས་ཀྱི་སྡེ་ཆེན་མོ་འདི་ཉིད་ལགས་སོ།།

ཀ་མགུར་ཀ་ལ་པིང་ཀའི་མགྲིན་དབྱངས་རི་ཚུལ་རྣལ་འབྱོར་དགྱེས་པའི་སྐྱིད་གླུ་ཞེས་བྱ་བ།

ཀ་ཡེ་དགོངས་ཤིག་འདིར་འདུས་རྡོ་རྗེ་ཡི་མཆེད་ལྕམ། །
ཁ་མང་ཁ་སྤུ་ཅན་གྱིས་ཚོགས་འཁོར་གྱི་ཉིན་མོ། །
ག་ལེར་མགྲིན་པའི་ཀློང་ནས་མགུར་མ་ཞིག་ལེན་འདོད། །
ང་རང་རི་ལ་དགའ་བའི་རང་གཅེས་ཞིག་ཡིན་སྐད། །

ཅ་ཅོས་འདི་ལོང་བྲལ་བའི་མཚོ་སྙིང་གི་དབེན་པར། །
ཆ་ལུགས་མ་བཅོས་བྱུང་རྒྱལ་རྣལ་འབྱོར་བའི་ཁྱུ་གཅིག །
ཇ་ཆང་གང་བྱུང་འཚོ་རྟེན་ངན་ངོན་ཙམ་བརྟེན་ནས། །
ཉམས་རྟོགས་ཉི་མ་ཤར་བའི་རི་བཞུགས་དག་སྐྱིད་པོ། །

པ་ཀོར་བཻ་རོ་ཞབས་དཀར་གུ་རུ་ཡི་སྒྲུབ་གནས། །
ཕ་གཅིག་བླ་མའི་མན་ངག་ཐུགས་དམ་དུ་འཆིང་བའི། །
བ་ཡན་རྣ་མེད་རྟ་ཡན་མཐུར་མེད་ཀྱི་དཔེར་བཞིན། །
མ་ལུས་འགྲོ་བའི་མགོན་གཅིག་རི་བཞུགས་དག་སྐྱིད་པོ། །

ཙ་གངས་མཚོ་གླིང་དབེན་པ་མི་མེད་ཀྱི་རི་ཁྲོད། །
ཚྭ་མེད་རྡོལ་མེད་བཟའ་བཏུང་ཆོག་ཤེས་ལ་བརྟེན་ནས། །
ཛ་ཡ་རིག་འཛིན་གཤེགས་ཤུལ་གྲུབ་མཉེས་ཀྱི་གདན་སར། །
ཝ་ལེར་སྒྲུབ་ལ་གཞོལ་བའི་རི་བཞུགས་དག་སྐྱིད་པོ། །

ཞྭ་གོས་ཡོ་བྱད་འཚོ་བ་ངན་ངོན་ཙམ་བརྟེན་ནས། །
ཟ་ཉལ་ཀུན་ཏུ་བླ་མའི་མན་ངག་དེ་སྒོམ་ན། །
འ་ཅག་བྱ་བཏང་འདི་བདེ་ཕྱི་སྐྱིད་ཞིག་མིན་ནམ། །
ཡ་ཀི་རྣམ་ཐར་སྐྱོང་བའི་རི་བཞུགས་དག་སྐྱིད་པོ། །

རྭ་བ་གངས་ཅན་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ། །
ལ་ལུང་དབེན་གནས་གང་གི་གང་བཟང་ལ་འདུག་འགྲོ། །
ཤ་རྒྱའི་སྦུབ་ནས་འོད་གསལ་གསང་ལམ་དང་མཇལ་ན། །
ས་ལམ་མྱུར་དུ་གྲོལ་པའི་རི་བཞུགས་དག་སྐྱིད་པོ། །

ཧ་ཧ་མ་ཧཱ་དཱེ་ཝ་མཚོ་གླིང་གི་རི་ནས། །
ཨ་མ་སྟོང་ཆེན་བུ་མོའི་ཞལ་ངོ་ཙམ་མཇལ་བའི། །
ཨ་བུ་སྨྱོན་པའི་སྐྱིད་གླུ་ཆོས་མཆེད་རྣམས་ཕུལ་ལོ། །
ཧ་ཅང་དགའ་འོ་སྐྱིད་དོ་ཚོགས་འཁོར་ལ་རོལ་ཤོག །

ཅེས་རབ་གནས་ལྕགས་གླང་ཟླ་དགུ་བ་དང་པོའི་ཚེས་ཉེར་ལྔ་ཚོགས་འཁོར་ཉིན་བླ་མ་ཚེ་མཚམས་པ་ཐུབ་བསྟན་དར་རྒྱས།འབའ་ཤིང་ཁྲི་དགོན་པའི་བྱ་བྲལ་ངག་བཅད་པ་གསང་སྔགས་བསྟན་འཛིན། སྡེ་དགེ་བྱ་བྲལ་བ་སྔགས་འཆང་ལོང་རྟོགས་ཉི་མ། བཙུན་མ་དཀོན་མཆོག་ལྷ་མོ། མཁའ་འགྲོ་བྱ་བྲལ་མ་ཀུན་བཟང་དབང་མོ། སྔགས་མ་མཁའ་སྤྱོད་དབང་མོ་སོགས་རྡོ་རྗེའི་སྤུན་སྲིང་རྣམས་སྤྲོ་བ་སྐྱེ་ཕྱིར་དུ་ཀུན་ཏུ་རྒྱུ་བའི་སྤྲང་སྨྱོན་ཨོ་རྒྱན་བསམ་འགྲུབ་ཀྱིས་ཀ་མགུར་ཀ་ལ་པིང་ཀའི་མགྲིན་དབྱངས་རི་ཚུལ་རྣལ་འབྱོར་དགྱེས་པའི་སྐྱིད་གླུ་འདི་ཡིད་ལ་གང་ཤར་དུ་བླངས་སོ། དགེ་ལེགས་འཕེལ།#莲师[超话]# https://t.cn/R2WxDfa

བློ་བཟང་མཁྱེན་བརྩེའི་དཀྱིལ་འཁོར་རབ་རྫོགས་པའི།།
འཇིགས་མེད་མཆོག་བརྙེས་ཐུབ་བསྟན་མཁར་འཕགས་ཏེ།།
བཤད་སྒྲུབ་ཆོས་ཀྱི་འོད་སྣང་འབུམ་འགྱེད་པ།།
མཚུངས་བྲལ་སྨྲ་བའི་ཉི་མར་གསོལ་བ་འདེབས།།


发布     👍 0 举报 写留言 🖊   
✋热门推荐
  • #李健[超话]#【歌手李健原文实录】 歌是什么东西?歌是一面有选择的镜子,或者说,它可能只能照出某些人,但就是照不出你的真实模样。歌像一面湖水,照你的时候你运气
  • 2月22日,兆易创新通过官方公众号宣布,旗下全国产化38nm SPI NAND Flash——GD5F全系列已通过AEC-Q100车规级认证。 兆易创新表示,
  • 古六大茶山——倚邦 倚邦春尖茶砖分享 明隆庆年间,倚邦被划为十二版纳之一的版纳倚邦,统一管辖当时的六大茶山。 而在清阮福《普洱茶记》中也有记载:普洱茶名遍天下。
  • “浪漫的是晚霞,还是拍晚霞的人。 “在寒冬里保持炙热的爱意。” “不随便牵手,更不随便放手。” 不必四处看,你就是答案 只是偶尔被需要,从未很重要 我
  • p1 p2 p3是情人节 参加别人的表白 我们是助攻 忙活了半天 蜡烛摆的心心 还有仙女棒 花花 蛋糕 结果女主没来 可惜了 不过最后还蹭了顿饭[doge]还有
  • 今天给大家讲一下我做完截骨手术后比较注意的事项哈 希望对你们有所帮助啦[哈哈][心] 记得收藏哦我的宝宝们❤️ 一、术后一定要住院观察一下 像我就住了两天这样
  • 1️⃣认识你姐是从仙剑3开始,当时比较好感某柔弱葵,对雪见无感,真正入坑是因为宫,起初被爱的供养吸引,追剧后就被你姐的高颜值拿捏住,无时无刻都在感叹你姐长的也太
  • #赵让Ryan[超话]##赵让高难度腾空跳# 2020.07.01 词条搜索净化 手动净化词条 搜索框‼️ 一字一字手动输入词条,每个页面停留10~15秒
  • “金土”,在某种意义上,可以看作是驾驭现实世界物质元素的能力。 比如,导演、雕刻艺术、建筑师、工匠、机械工业等。 在这个世界里,没有情绪、没有感觉,有的是清
  • 如果你刚好刷到,建议你马住[心][心][心] !!年轻人、厨房小白必备的【超全做饭小技巧】 稍微难点的,麻烦的我都不说了,就说最简单最快速可以get的…而且分分
  • 刷了一天抖音 好无聊啊[跪了] 昨天去新开的店做SPA 环境可以 但价位偏高了 时间也短 下回不去了 还有技师搓澡服务[偷笑] 自带了搓澡工具哈哈哈 后来变
  • 医生总结的100个健康生活技巧[鲜花][鲜花] 自从有了家庭群,亲戚朋友总能给我们分享一些:XX大补、XX致癌、千万别做XX…哪些真?哪些假? 这里有100
  • 那晚,留学归来的女同学李海洋请何冰吃饭,她说:“我都29了,还没男朋友,要不,你把我娶了吧?”,何冰啃着羊蝎子正香,脱口而出:“好啊!”可话刚说出口,他就后悔了
  • #九龙坡春游季##九龙坡旅游攻略#【阳春三月~探索城市中的汉韵田园】在九龙坡区陶家镇,干净整洁的乡村小路,刻有汉文化元素的白色展示墙,富有民俗风情的特色街区……
  • 元子不爱喝粥,但是游累了,游泳馆的粥能喝上四碗,还会找在吃工作餐的老师要饺子吃[偷笑]。陪孩子的过程也是在自己成长的过程,人最可贵之处在于看透生活,依然热爱生活
  • 一大清早打电话骂我:你个操蛋玩意儿X 多!!! 我:我咋了你就骂我,哎呀我头痛…… :头疼你大爷!!!你是不是把我家水都拿走了??? 我:啊……这不听说9800
  • #电影雄狮少年# 国漫巅峰!懒得推荐,爱看不看,全程好笑又好哭,虽然我知道比我命油我不油天塑料鸡汤哪吒好看,但是没想到不是一个等级的好看。一个是商业,一个是文化
  • 今天发售啦✨ 土岐隼一Special Reading Live 2021-True Gazer- 于2021年6月13日举办的#土岐隼一# Special Re
  • 北京时间12月13日,湖人队与联盟排名倒数第二的魔术队展开了较量。此役,湖人队内线核心安东尼戴维斯缺战。勒布朗詹姆斯联手威少、安东尼、霍华德,打出了强势的攻防表
  • #1007出行提示# 省高速集团总值班室消息:截至2月22日23时30分,全省高速公路采取预防性措施路段共有4条线路6处,分别在宁德、南平、三明辖区,共出动人员