རིག་གཞུང་དབྱར་གྱི་བཅུད་འཛིན་ཀུ་ས་མའི།།
བཅུད་རོལ་ཆུང་དུས་ནེའུ་ལྡངས་སྦྲང་མ་རྭ།།
ཕན་ཚུན་མཛའ་བརྩེའི་གེ་སར་མངར་ཞིམ་ཕྱིར།།
དགའ་སྤྲོ་རྣམ་པའི་རི་མོ་ངལ་མེད་བྲིས།།[鲜花][咖啡]

ལུས་བར་སྟོང་ཕྲག་སྒལ་བའི་བརྩེ་འཕྲིན་ཞིག

མི་བཤད་དགུ་བཤད་བཤད་པའི་བརྩེ་བ་གླིང་། མཐའ་མལ་འཇའ་ཚོན་ལྟ་བུའི་རྨི་ལམ་ཞིག

དུས་ཚོད་སྐད་གཅིག་ལྟ་བུའི་འགྱུར་ཟློག་ཞིག

རྟེན་འབྲེལ་ཞུ།

མཁན་ཐུབ་བསྟན་ཉི་མ་ལགས། ཁྱེད་ཀྱིས་༼ཤེར་ཕྱིན་དངོས་པོ་བརྒྱད་དང་དོན་བདུན་ཅུའི་རྣམ་གཞག་༽ལེགས་པར་གྲུབ་པ་ལ་རྟེན་འབྲེལ་ཞུ།

འོ་རེད། འདི་ནས་ཡར་བརྩིས་པའི་ལོ་གསུམ་གྱི་སྔོན་དེ། ལོ་དེར་མཁན་པོ་ཚེ་རིང་དར་རྒྱས། འུ་གསུམ་པོས། དགུན་དཔྱིད་ཀྱི་ཟླ་བ་ལྔ་ཙམ་རིང་ལ། ནངས་ཟར་ནུབ་ཕྱི་བྱས་ནས། སྔར་སློབ་ཕྲུག་ཡིན་དུས་སྔ་འགྱུར་མཐོ་སློབ་ཆེན་མོ་ནས་དཔེ་ཀློག་བྱེད་པ་ལྟར། སྡུད་པ་རྒྱན་སྦྱར་གཙོར་བཟུང་། མངོན་རྟོགས་རྒྱན་གྱི་རྒྱ་འགྲེལ་ཉེར་གཅིག་དང་། བོད་འགྲེལ་གང་མང་ཞིག་ལ་དཔེ་ཀློག་དང་། བགྲོ་གླེང་ལྷུག་པོར་བྱས་ཤིང་། ཞོར་དུ་རང་རང་གིས་གང་ཐུབ་སྡོམ་ཚིག་བཀོད་ནས། མངོན་རྟོགས་རྒྱན་གྱི་གཞུང་རྫོགས་པའམ། དངོས་བརྒྱད་དོན་བདུན་ཅུའི་རྣམ་གཞག་རེ་འབྲི་རྒྱུའི་མགོ་བརྩམས་ཤིང་། མཇུག་ཕུད་རྒྱུའི་དམ་བཅའ་ཡང་བྱས་མོད། ཁྱེད་ཀྱིས་སྔོན་ལ་གྲུབ་པ་ལ་ཡི་རངས་དང་། ངེད་གཉིས་ཀྱིས་ཀྱང་རིམ་པར་འགྲུབ་ཐུབ་པའི་སྨོན་འདུན་ཡོད་ལ།

ལོ་དེར་བགད་ཞོར། རྩེ་ཞོར། རྩོད་ཞོར། ཐ་ན་གད་དར་དང་། བཟའ་བཏུང་གཡོ་བསྐོལ་ཚུན་ཆད་འདྲ་མཉམ་བྱས་ནས་ལས་སྐལ་བགོས་ཏེ། རང་རང་གི་ལས་དོན་ལ་རང་འགན་འཁུར་ནས། གཟའ་མཇུག་མ་གཏོགས་ཉིན་རེའི་དུས་ཚོད་མང་ཆེ་བ་དཔེ་ཀློག་ལ་བསྐྱལ་པ་དེ་ནི་བརྗེད་དུ་མེད་པ་ཞིག་རེད། ཁྱད་པར་དུ་རིན་ཆེན་འབྱུང་གནས་ཞི་བ་དང་། འཇིགས་མེད་འབྱུང་གནས་སྦས་པ་གཉིས་ཀྱི་མཚན་ནོར་བ་དང་། གཞུང་ནོར་བ་ཐེབས་པ་མང་ཆེས་པས། དེ་ལས་འཕྲོས་པའི་དགོད་གཏམ་སྣ་ཚོགས་བསྒྲིགས་ནས་བར་གྱི་ངལ་དུབ་སོས་པར་བྱས་པའང་ག་ལ་བརྗེད། ཧ་ཧ་ཧ་་་་་[偷笑]

འོན་ཀྱང་སེམས་ཕངས་པ་ཞིག་ལ། ལོ་དེར་དུས་ཐུང་ངུར་འབད་པ་ཆེན་པོས་གཞུང་མང་པོ་བཀླགས་མོད། ད་སྐབས་གཞུང་སོ་སོའི་འདོད་ལུགས་མི་འདྲ་བ་ཕལ་ཆེར་བརྗེད་ཟིན་འདུག་ལ། འགའ་རེ་ཡིད་ངོར་ཡོད་པའང་མོག་མོག་པོ་ཙམ་ལས་གསལ་པོ་རང་མི་འདུག། ལོས་ཡིན་ཏེ། སྤྱིར་མངོན་རྟོགས་རྒྱན་ན་ཤེས་བྱའི་རྣམ་གྲངས་ཧ་ཅང་མང་ཞིང་། ལྷག་ཏུ་རྒྱ་བོད་ཀྱི་འགྲེལ་པ་སོ་སོས་འགྲེལ་ཚུལ་ནི་དེ་བས་ཀྱང་མི་འདྲ་ས་མང་བས། འཇམ་མགོན་མི་ཕམ་རིན་པོ་ཆེས། བཀའ་དང་བསྟན་བཅོས་སྦྱར་ནས་འཆད་པ་ནི། འཆད་ཚུལ་བླ་ན་མེད་པ་ཡིན་པར་གསུངས་པ་ལྟར། མངོན་རྟོགས་རྒྱན་འཆད་པ་ལ། རྒྱལ་བའི་ཡུམ་ལ་མ་གཏུགས་པར་མཐའ་ཆོད་དཀའ་བའི་ཚོར་སྣང་ཡང་ཡང་བྱུང་ཡོད།

གང་ལྟར་གཞུང་མང་པོ་དེ་འདྲ་ཞིག་ལ་བལྟས་ནས། རང་གིས་སྔ་ཕྱིར་དཔྱད་བསྡུར་ཡང་ཡང་བྱས་ཏེ། ཡུམ་དང་བསྟན་བཅོས་སྦྱར་བའི་གོ་བའི་གནད་བསླངས་ནས། རང་གིས་གོ་བའི་སྡོམ་ཚིག་ཡིག་ཐོག་ཏུ་བཀོད་པ་ནི། གཞན་དག་སུ་མ་མགུ་ཡང་རང་ལ་བརྗེད་ཐོ་ལེགས་པོ་ཞིག་ཡིན་གཤིས། དེ་ལ་རང་མཐོང་གིས་ང་རྒྱལ་བྱ་མི་འོས་ཀྱང་། རང་རྟོན་གྱི་ཡིད་ཆེས་ཡོད་པ་ཞིག་གིས། རང་གི་ཤེས་རབ་ཀྱི་སྣང་བ་ཅུང་ཟད་རེ་ཡོད་པ་དེ། གཞན་ལ་མཉམ་སྤྱོད་བྱེད་དུ་འཇུག་པ་ནི། སྦྱངས་པའི་གྲུབ་དོན་གྱི་ཆ་ཤས་ཤིག་ཀྱང་ཅི་ལ་མིན།

ད་མང་པོ་མི་བཤད། གང་ལྟར་ཁྱེད་སྔོན་ལ་ཤོར་སོང་། ངེད་གཉིས་རྗེས་ལ་ལྷག་ཡོད། འོན་ཀྱང་རྗེས་དེད་ནས་ཐོན་ཡོང་། ཧ་ཧ་་་་་

ནུ་བོ་དགེ་འདུན་རབས་རྒྱས་གྱིས། བོད་རབ་བྱུང་ ༡༧ པའི་ཆུ་ཡོས་ས་ག་ཟླ་བའི་ཚེས་ ༡ ལ།


发布     👍 0 举报 写留言 🖊   
✋热门推荐
  • 今天说这个话题是看到很多人更愿意相信前者,说什么真相,震惊、慌了、痛心、硝烟、战争、资本、博弈…等等,看完文章和视频感觉很满足,其实所有阴谋论都很会抓人的内心,
  • 内心清净乐观的人,不生妄念,不受心念所困,感召的多是善缘,故事多顺遂;抱怨悲观的人,负能量太多,吸引来的必然是灾祸,业障。就三观不合吧…和这些人相处,我会被吸能
  • 关于她的出演,DRED ALLIANCE方面表示:"已确认了《街头女战士》的出演合同不是三方合同而是双边合同,以及未经协商的伴舞活动、其他企划公司活
  • 海格又掏出了他的魔杖,点在了墙面上:“瞧着,哈利,你以后会用到它很多次。”说着将一个方盒子从身后掏了出来递给了哈利:“但很可惜,我在来的路上不小心坐了它一下,所
  • 别说大家不支持国产,支持国产的人多的是,但是作为厂家,首先不把一个车做好,以后谁还支持你?成啥样了?
  • 过了两天,副总打手机把我叫到他办公室,说话绕了一圈后,副总说道:你也不用假扮正经了,你能跟他,也能跟我,何况事业上对你也有帮助,何必呢!怎么说呢 我以前虽然觉得
  • 因为他感觉家人对他不够好,发生了矛盾,今天早上驾驶一辆女装摩托车准备去茂名为自己“维权”。然而,摩托车驾驶员对民警的喊话置之不理,车速似乎更快了。
  • ​​十二、是谁的‮一鸿惊‬面, 迷乱了谁‮眼的‬, 又是为谁弹‮一的奏‬曲倾尽天下, ‮了断‬痴情‮的人‬心事过往, 迷‮过途‬往, 不过痴狂, ‮了醉‬一场,
  • 如果有的孩子抽动症没有得到及时的缓解,或者严重的发展到强迫症状,那么他在青春期或者是成年之后,合并强迫症的几率在5-8%。抽动症本身的抽搐是良性的,但是这些症状
  • 十、大格局有大视野一个人年轻时候的容量比什么都重要,这决定了一个人生命的宽度,决定了你将来能够建立的格局。另外,当你努力不成时,若你会和那些毫不努力却也看上去混
  • -三亚旅游4天纯玩路线day1:抵达三亚—椰梦长廊day2:蜈支洲岛—后海村day3:后海村—大东海—天涯镇day4:半山半岛吉庆广场—返程-很多内容都在图片上
  • 有一部叫《广普经》的经典说,我们现在在释迦牟尼佛的教法下,行持善法,哪怕一称南无佛,这种善根也会在第三会时获得解脱;如果受三皈依戒,第二会时得解脱;如果受五戒或
  • 安排20年10月刊期,欢迎投稿[钢铁侠][钢铁侠]【升职加薪、评奖评职称、毕业论文、Iessci、北大核心、南大核心、核心期刊、核心期刊投稿网】#不孕不育##狗
  • 咋跟你们形容这家清吧呢,是那种白天上班白领晚上想找个地方坐坐喝一杯不那么吵又或者可以接着办公的酒吧?我点的气泡实验室巴拉巴拉什么黑加仑,名字很长,附上菜单hh
  • 时光的礼物系列✨2021.10.1,在公司加班,社畜为了三倍工资低下了头,不过我种的蘑菇看起来收成应该不错,等着节后回京煮火锅把它们吃掉2020.10.1,刚入
  • 明天就要开学啦 再看看任丘的天~ 记得高中的时候总想走的远远的 可是现在只想离家近一点再近一点,三年里好像有什么不顺心的就爱往家跑,可能真的是太心灵寄托了吧 就
  • 日常高级朋友圈文案 ❶ 是江边吹过的风和回不去的我们- ❷ 今天做一个温柔/甜酷/可爱的少女- ❸ 饱胀女孩 ❹ 想送你一罐快乐 ❺ 天气这么好 出去
  • 우리 세월 좋아 복된 삶을 누려간다 국제로인의 날을 맞이한 년로자들의 모습을 보느라니 저도모르게 가슴이 뜨거워진다. 그들은 과연 어떤 혜택
  • 《醉茶志怪》 天榜    邑先达邵君玉清,元旦梦有人牵一骑,状如骡,顶矗一角,促之骑。至一处,仿佛衙署。仰见悬榜,己名在第三,籍贯皆符。每名下均有批语,多不
  • 成年人的奢侈,正是快乐。以一种简单的心境享受生命中的阳光与温暖。