<བཀའ་བརྒྱུད་གསེར་ཕྲེང་>དེབ་འདི་ལ་རེ་བ་ཆེན་པོ་ཞིག་བཅང་ནས་ལོ་འཁོར་གཅིག་ལྷག་གི་རིང་ལ་མདོ་དབུས་ཁམས་གསུམ་དུ་ཕལ་ཆེར་མ་བཙལ་བསམ་པ་ཞིག་མེད།
དེ་རིང་གཟོད་ལག་སོན་བྱུང་བས་དགའ་སྤྲོའི་ངང་མྱུར་དུ་རོབ་ལྟ་ཞིག་བྱས་མོད། ཕྲན་ལ་དགོས་རྒྱུ་ནི་དེབ་རྒན་མ་སྟོད་སྨད་གཉིས་ལས་ཤོག་ལྡེབས་ཁ་ཤས་ལས་མེད་པ་འདྲ། [得意]

༈ གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ།།
ས་ཆེན་འདི་ལ་གོམས་པ་བདུན་བོར་ནས།།
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།།
དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ།།

བཅོམ་ལྡན་འདིར་ནི་བྱོན་པ་ལེགས།།
བདག་ཅག་བསོད་ནམས་སྐལ་བར་ལྡན།།
ཇི་སྲིད་མཆོད་པ་བདག་འབུལ་ན།།
དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ།།

ཕ་ཡུལ། ཕ་ཡུལ།

ཁོག་པ་སྟོང་པར་ཆགས་ཏེ་ན་ཚ་བཏང་བ་འདི།
གྲོད་པ་ལྟོགས་པ་མིན་ཀྱང་དེ་ལས་ལྟོགས་སྣང་ཆེ།
ཁོག་པ་སྟོང་པར་གྱུར་བ་ནི།
རྒྱང་རིང་གི་ཕ་ས་ཕ་ཡུལ་དྲན་པའོ།།
ཕ་མ་གཉིས་རྒས་འགྲོ་བ་དྲན་པའོ།།
སྦྲ་ནག་དང་རྩྭ་ཐང་དྲན་པའོ།།
གཙང་པོ་དང་གངས་རི་དྲན་པའོ།།

སྐྱ་མི་ཁ་ཅིག་ངེད་ཚང་ལ་གནས་ཚང་གཡར་དུས།
ང་རང་ཕོ་ལོ་དྲུག་ཏག་ཏག་ཟིན་ཙམ་ཡོད།
ཁོ་ཚོས་ཁོ་ཚོ་རྒྱང་རིང་ནས་ཡོང་བ་ཡིན་ཟེར་བ་ན།
ངས་རྒྱང་རིང་ན་ཅི་ཞིག་ཡོད་སྙམ་སྟེ།
རི་བོ་དང་གཙང་བོ་རྒལ་དགོས་བསམས།

ཕོ་ལོ་ཉི་ཤུའི་ཉག་ག་རྒལ་མཚམས་ཀྱི་དེ་རིང་།
ང་རྒྱང་རིང་རྒྱང་རིང་ཞིག་ལ་བསླེབས་ཀྱང་།
ང་ཡི་ཕ་ས་ཕ་ཡུལ་རྒྱང་རིང་ན་ལུས་སོང་།
དེ་ནི་ཁོག་པའི་ནང་གི་དབང་པོ་ཞིག་འཕྲོག་པ་ལྟར།
ང་རང་སྡོད་བཟོད་མི་བདེ།

ཨ་མ་ལགས་ཀྱི་གནའ་གཏམ་གྱི་ཁྲོད་དུ།
བྱིས་པ་ཞིག་གཞན་གྱིས་བརྐུས་ནས།
གཞན་ཡུལ་ལ་ལོ་མང་བསྡད་དགོས་བྱུང་ནའང་།
བྱང་སྐར་སྨེ་བདུན་ལམ་ཐིག་ཏུ་འཛིན་ནས་ཡོང་བ་ན།
ཕ་ཡུལ་ལ་བདེ་བླག་ངང་སླེབས་པ་རེད་ཟེར།
ངས་སྐབས་སྐབས་སུ་ཕ་ཡུལ་གྱི་ལམ་བུ་བརླག་བར་དོགས་ནས།
གཉིད་ཡང་ཡུར་མི་ཐུབ།

ཆར་པ་ཤག་ཤག་འབབ་པའི་དབྱར་ཁ་ཞིག་ལ།
ང་རང་གཞན་ཡུལ་གྱི་ལམ་ཕྲན་དུ་འགྲོ་དགོས་བྱུང་།
ལོ་དེར་ང་རང་ལོ་བརྒྱད་དགུ་ཙམ་ཡིན།
དེ་ནས་ངས་ང་ཡི་ཕ་ཡུལ་བརླགས་སོང་བ་འདྲ།

ཕ་ཡུལ། ཕ་ཡུལ།
མཆི་མའི་ནང་དུ་ཡོད་ཀྱང་མིག་མདུན་དུ་མེད།
ཕ་ཡུལ། ཕ་ཡུལ།
རྨི་ལམ་དུ་ཡོད་ཀྱང་མངོན་སུམ་དུ་མེད།

ཕ་ཡུལ་དྲན་པ་ནི།
བཞི་མདོའི་ལམ་ཆེན་དུ་ལུས་པའི་ཁྱི་འཁྱམ་ཞིག་གི་སྐྱེ་བའོ། །

2023/5/25ཉིན།


发布     👍 0 举报 写留言 🖊   
✋热门推荐
  • #田女士最好运# 从今天开始,到7.26,要经历德国、英国、马耳他、土耳其这样旅游过程,所以减肥会有阻碍,however每天都要做的:#30天运动打卡计划# 最
  • 浅笑吟吟,衣袂青青,陌上经年的故事,寒了几多桃花水色?姑娘,若我扇折谱一曲思念,你可愿与我步履红尘,席地饮茶。
  • 我说 那倒不是 我把我想读的那所重本给填了(就当圆了追逐三年的一个梦 过后便是梦醒时分)[二哈][二哈][二哈]虽然知道不会被录取 但是能够毫不犹豫地把梦想学府
  • !摘一波蛋黄酥的反馈:@ 居居禹谦:我刚买的结果放楼下超市被人拿走了[允悲][允悲]心疼@ 陈月大人_:好吃,甜甜的,喜欢甜食的姐妹不要错过,如果是想吃咸蛋黄可
  • ✌微博终于变成了我bb心事的地方图是Physics lab的气体发光管 每天被bb追问为什么都不在微博碎碎念了微博是一个我把自己藏起来的地方 不想被别人知道想说
  • 加急预定2020年翻译硕士考研择校推荐 well begun is half done 不管你是跨考的,二战的,在职的,应届往届考翻硕,大二的 pay atte
  • 宝马阵营方面,成绩最好的是排在第13的Walkenhorst (Yokohama), Schnitzer位居第16名;Rowe 的两台赛车则将从20和21起步。
  • 故事情节挺有意思,讲的是上帝的天使和撒旦的手下在「地球还不错嘛,就别毁掉它了」这件事情上达成了共识,开始共同合作避开世界末日的到来,维持自己吃喝玩乐的人间生活。
  • 根据最近通过的法律,(将于2020年7月1日起在维多利亚州生效)房东只能通过维多利亚州民事和行政法庭的命令拒绝宠物。仲裁庭可以考虑租房者的宠物类型,租用房屋的性
  • 您屁都不懂,可能连jsk,op,sk这些基本的东西都不知道,您不能善用b站百度等嘛,还说自己没微博??
  • 在这个世界某个角落的我在意的人,他还好吗?是我的精神生病了。
  • 「读书打卡 3⃣️6⃣️ 无声告白」每次家长和儿女意见分歧 就会自动出现“别把你的想法强加在我身上”这个声音 年少时自己的遗憾 损失 变成期待 延续到下一代是一
  • 音乐家中,最广为人晓的就是约翰·施特劳斯镀金雕像,1999年昆明举办的世界园林博览会上,奥地利的园林艺术家们把这座塑像的复制品永远树立在奥地利园林展区内供游客观
  • ⚠️大悲咒是消灾避难最好的. ❗️你就是碰见流氓、 碰见坏人在抢劫你, ❗️你念大悲咒, ❗️对方突然之间就会逃掉, 突然之间就会感觉到有人来 了,
  • 客观的说,上港的阵容厚度或许不如鲁能,但他们的年龄结构更合理,他们有多达五人可以进入国奥,大都还是主力,这是上港的未来。谁也不否认鲁能青训的成果,但是我们也要正
  • 客观的说,上港的阵容厚度或许不如鲁能,但他们的年龄结构更合理,他们有多达五人可以进入国奥,大都还是主力,这是上港的未来。谁也不否认鲁能青训的成果,但是我们也要正
  • 客观的说,上港的阵容厚度或许不如鲁能,但他们的年龄结构更合理,他们有多达五人可以进入国奥,大都还是主力,这是上港的未来。谁也不否认鲁能青训的成果,但是我们也要正
  • 回忆了一下其他初印象,比较个人向比较无聊可以不看po一张昨天拍到还不错的照片ww******决定站他俩CP的时候初印象:"以为他们理所当然的甜竟然这么
  • 这部电影堪称是我近来看到的最优秀的电影之一,可惜因为它是俄罗斯拍的,在世界的传播大概有限,在中国的排片率也不算高,但这一切都难掩它的艺术光芒。这部电影堪称是我近
  • 4. 待发酵完成后,将面团搓成雪茄状,预热华夫饼铁模后,将“雪茄面团”放在铁模上加热微烤,并用刀切开其中一头,最后加入奶油(可按照自己的需求重复以上步骤)。制作