གལ་ཏེ་གནམ་གཤིས་ཀྱི་འགྱུར་ལྡོག་གི་དབང་གིས། གློ་རྡེག་ཏུ་གྲངས་རང་ཆེར་རྒྱས་ཚེ། ངའི་ཁ་པར་འདིའི་པར་མིག་ཡང་འཁྱག་གིས་བསྡམ་པ་བཞིན་ཁག་འདུག་པ་ལས་པར་ལེན་མི་ཐུབ། བརྒྱ་ལ་ཕྱིར་རང་སར་ཚོད་ཐོག་ཏུ་ཐོན་པའི་དུས་ཚོད་རེ་ཡོད་མོད། ཅུང་ཙམ་གྲངས་བ་ལས་མི་དགོས་སླར་ཡང་འཁྱག་གིས་བསྡམས་འགྲོ། གནས་ཚུལ་འདི་འདྲའི་འོག་ཏུ་རང་གི་འདོད་པ་ལྟར་ལྗོངས་རྒྱ་བདེ་མོ་ཞིག་ཀྱང་བྱེད་མི་ཐུབ་ལ། གང་ཞིག་ནས་ཤིན་ཏུ་མཐོང་དཀའ་བའི་དངོས་རྣམ་ངོ་མཚར་བ་རེ་མཐོང་ཡང་ཕངས་སེམས་ཆེན་པོའི་གྱེས་དགོས་ལས་ཐབས་ཅི་ཡང་མི་རྙེད། པར་ལེན་པ་དབུལ་བོ་ཞིག་ལ་མཚོན་ན། ཁ་པར་གྱི་པར་མིག་སྐྱོན་སོང་བ་ནི་རང་གི་མིག་རྡོ་གཉིས་ཐང་ལ་ལྷུང་བ་ལས་ཀྱང་ན་ཟུག་ལྕི་བ་ཞིག་རེད། གལ་ཏེ་མིག་ཞིག་ལ་རང་གི་དགའ་ཕྱོགས་ཀྱི་ཐད་ནས་ཆ་རྐྱེན་འདི་ཙམ་ཡང་མེད་པར་གྱུར་ཚེ། སུ་ཞིག་ལ་ཁག་དཀྲི་བའམ་ལེ་བརྡ་བྱེད་དགོས་སམ།

རྩ་ཐང་དང་མཚམས་སྤྲིན་གྱི་བར་ན་རྩི་ཤིང་གི་མགོ་ལྕོག་ལྡེན་ལྡེན་གཡོ་བཞིན།རླུང་སྒྲ་དང་འུང་ཟིང་ཇི་ལྟར་རྒོད་ཡང་།ངས་མིག་རྒྱང་རིང་རིང་ཤུལ་ནས་གུ་ཡངས་དང་བག་ཕེགས་ཀྱི་གནས་མར་འཚོ་ཐབས་བྱེད།[可乐]

དྲུག་གཅིག་བྱིས་པའི་དུས་ཆེན་འཛུམ་གྱིས་བསུ།

ཤེས་བྱའི་ཚང་ཚིང་བཞད་པའི་སྐྱེད་ཚལ་ན།།
གནའ་དེངས་མེ་ཏོག་ཟེའུ་འབྲུའི་བཅུད་ཀྱིས་ངལ།།
རྣམ་རིག་གཤོག་གླུ་འགུགས་པའི་བྷྲ་མ་རའི།།
ཤེས་རིག་སྦྲང་རྩིས་བཅུད་ལ་ཅི་དགར་རོལ།།

ན་ཆུང་བྱིས་བློ་དངུལ་དཀར་མེ་ལོང་ངོར།།
ཕྱི་རོལ་ཡུལ་གྱི་སྣང་བའི་རི་མོ་དེ།།
མ་འདྲེས་གསལ་བར་ཇི་བཞིན་འཆར་བ་ལ།།
རྟོག་ངན་བློ་ཡི་བཅོས་བསླད་དེ་ལ་མེད།།

བྱིས་བློ་དྭངས་གཙང་རྫ་ཆབ་སིལ་མ་ལ།།
ལྷུང་ལྷུང་སྙན་དགུའི་གླུ་དབྱངས་འགུགས་པ་ལས།།
རྟོག་འགྱུ་འབག་ལྷད་འདམ་གྱིས་གོས་པ་མེད།།
བྱམས་བརྩེའི་གཞུར་རྒྱུན་རིང་མོ་ཡིད་གར་འོང་།།

བྱིས་བློ་རབ་ཡངས་ལྷ་ཡི་རྫིང་རིང་ངོགས།།
བཅོས་མིན་མཛའ་བརྩེ་ཆུ་འཛིན་དཀར་པོ་ལས།།
འཛུམ་མདངས་སྦྲང་ཆར་སིལ་མ་འཐོར་བ་ཡིས།།
ལྷད་མེད་བརླན་གྱིས་ཀུན་ཀྱང་དགའ་བར་བྱེད།།

འཛམ་གླིང་ཞི་བདེ་ལོ་ལེགས་སྙེ་མའི་ཕོན།།
བདེ་སྐྱིད་འབྲུ་དྲུག་འབྲས་ཁུར་དུད་པ་ལ།།
སྐྱིན་ཐང་སློབ་གསོ་ངན་པས་མི་འཇིག་པར།།
ལྷད་མེད་ལྕུག་ཕྲན་གསར་པས་མཛེས་གྱུར་ཅིག །

༢༠༢༣

དགོང་མོར།


发布     👍 0 举报 写留言 🖊   
✋热门推荐
  • 阅读《漂逝的纸偶》它精美的文字中洗脱了生命的沉重之感,令人在苦乐皆有的生活中迸发出一次次会心微笑,渐渐觉出生活的甘美和人生的温情,仿佛走在午后秋阳照耀的林阴小道
  • 想借母校营销的“北大口红”砸了自己的脚】北大校友自制“北大口红”献礼校庆,售价120元/支,却被扒出夸大个人经历、打侵权的擦边球、可能是“三无产品”。他家颜色模
  • サウンド面ではショックなシーンでピアノの不協和音の効果音が2回流れた後に1音ずつ区切って流れることから通称「追いピアノ」と名付けられたり(正式タイトルは『DYN
  • 【Ora2皓乐齿口喷 去除口臭口气清新香剂喷雾】周末大家都出去约会了吧 包包里要随时准备一支口腔清新的喷雾见朋友 爱人等等重要人物[愉快] 这个喷雾的喷嘴设计
  • ■畅通渠道加速成果转化为促进技术成果转移转化和产业化,我市建设了北三县技术转移人才培养基地,与京津的北京技术市场协会、首都创新大联盟、中科院北京国家技术转移中心
  • 【自己】我是大千世界的普通人爱你于歌,于影,于艺你却告诉我:要爱平凡的自己。二十几岁的你,迷茫又心急,你想要车,想要房,想要一夜暴富,想要环游世界,你想要成功,
  • 【统计:8.4万韩国年轻人已“躺平”超过3年[允悲][允悲][允悲]】数据显示,花了3年多时间才找到第一份工作的韩国青年接近36万人,已3年以上未工作选择“躺平
  • 因为你把生活中所有的情绪来源都寄托于伴侣身上,人家无法完全满足你的需求也很正常对于恋爱,好的状态永远都应该是:无论有没有这个人存在,我基础的生活轨迹都不会受到影
  • 因为能翻身爬行了,睡觉的时候都会严严实实地围起来,摄像头时刻关注她的动静,以为这样就万无一失了。[偷笑]最近非常开心 但又经常会哭 开心可能是因为时隔一年多 又
  • 02免费车辆电子健康检测每当您访问捷豹授权经销商,我们都会免费为您的爱车进行30余项性能安全检测,并通过三色标示分享结果,方便您更加清楚掌握爱车健康状况。03全
  • 然后跟妈妈说'我得写点课内作业'然后自己呼呼写'爸爸累的在旁边呼呼睡'妈妈呼呼洗澡[嘻嘻][嘻嘻][嘻嘻]怎么这么不真实呢!弹琴'睡觉~~我的心里因有你,而心花
  • 眼下,没有什么能够阻止我们在每场比赛里都比对手更加努力。眼下,没有什么能够阻止我们在每场比赛里都比对手更加努力。
  • 【摩登都市】系列5月31日上❤,这期是日常感满满的夏日新品哦[太开心]T恤搭配汉元素短裙,夏天穿起来很方便哦~——摩登都市·星星与帆——若把夜空当成海来看云朵便
  • 网传vivo X90 Pro+真机渲染图,有点像iQOO10,四颗大底主摄相机,定位年度影像旗舰,小米12S Ultra有点慌!X90Pro+将搭载全新的骁龙8
  • 世上无不可人之善,只有不为善之人。世上无不可人之善,只有不为善之人。
  • 赠送当地高端双晚会赠送-走进藏家篝火晚会,品牦牛肉、喝青稞酒赠送-全球首创5D大型剧院实景演出《宋城九寨千古情》‍♀️沟口挂牌四星酒店一晚,升级一晚国际五星喜来
  • 谁,直到何时,抬头看天才可见彩虹,回头望风而不见砂尘;也许水长向东,物是人非;也许缘本擦肩,回首已逝!回忆总被我们挂在嘴边,好像回忆这两个字,永远都是这个世界上
  • 2013年,吉林省启动全省粮食品牌建设,经过多年努力,先后推出了“吉林大米”“吉林鲜食玉米”等区域品牌,成为企业增效、质量提升、销量增长和产业发展的重要抓手。建
  • 雪梅疯狂的捶自己的肚子,她不希望孩子出生,如果有了这个孩子,那么她以后逃走的几率就更小了。朋友问我:“你能够认同自己还不能挣钱,家里也不是很有钱,眼都不眨只是因
  • #玫瑰的名字# “……人们的思想很混乱,或者说有人出于个人的目的想把人们的思想搞乱……”“这不仅仅是因为他们会在没有异教徒的情况下想象出异教徒来,而且,因为他们