#འཚོ་བའི་འཕྲོས་གཏམ#

རང་ལ་དེས་བསོད་ནམས་དང་ལས་སྐལ་མེད་ན་ཨུ་ཚུགས་ཀྱིས་ཕན་ཅི་ཐོག


ཨུ་ཚུགས་ནི་བྱ་འོས་པའི་གཞི་ལས་མི་འོས་པའི་གཞིར་ཁོ་ཅི་ཡང་མ་ཡིན་ནོ། [摊手]

࿐ལྷ་མོ།

པིར།

༢༠༢༢/༡༡/༣

དོ་ནུབ།

སྟོན་མཇུག་གི་གཤོག་པ་ཆད་དེ།
ཁ་བའི་མེ་ཏོག་གི་གཟུགས་བརྙན་ངའི་བར་སྣང་ལ་ཤར་བྱུང་།
འབྲོག་ཐང་ན་འཕུར་བའི་རྣམ་ཤེས།

མཁའ་དབྱིངས་བརྒྱུད་དེ།
པ་སངས་ལྷ་མོའི་རུམ་ཁ་ལ་བབས་ཤིང་།

ཟླ་བ་སྒྲོལ་མའི་འདབས་ཁ་རུ་འཇུས་ནས།
མུ་མཐའ་མེད་པའི་རྩྭ་ཐང་དུ།
རྒྱང་རིང་ལ་སྙན་ངག་ཐེངས་གཅིག་གྱེར།

དོ་ནུབ།

སྐར་ཚོགས་ཀྱི་དབུས་ན།


ཟླ་འོད་ནི་ཧ་ཅང་གསལ་ཏེ།
ངས་རྒྱང་རིང་གི་ལྷ་མོའི་ཕྱོགས་ལ་སྙན་ངག་ཀྱང་འབྲི།
རྒྱང་རིང་ན་བཞུད་པའི་ལྷ་མོ།

སེམས་ངོགས་ན་རྒྱུ་བའི་ལྷ་མོ།
ངས་ཁྱོད་དྲན་བྱུང་།

ལྷ་མོ་ལགས།

ངའི་སྟོང་གསུམ་གྱི་མཁའ་ན་ཨེན་ཙམ་འབར་བའི་ཐ་སྙད་དང་།
ཀེང་རུས་ཀྱི་ཚིགས་ན་སྒྲོན་པའི་སྙན་ངག་ཅིག་མཆོད་པ་ལས།
ང་ཁྱོད་ཀྱི་མིག་ཆུ་བཞིན་ཐང་ལ་འགྱེལ་ན་མ་འདོད་པས།
རྒྱང་རིང་དང་ཁོ་བོའི་བར་ལ་རྣམ་རྟོག་གི་སྙིམ་པ་གང་གྲུབ་བྱུང་།

དོ་ནུབ།

རྒྱང་རིང་གི་འབྲོག་ཐང་ན།


སྒོ་ཁྱི་དང་ལྷན་དུ་ནོར་ལུག་གི་ལྷས་འདབས་སུ།
བརྩེ་དུང་གི་མངའ་ཁོངས་རྫི་གླུ་དང་འུར་ཆས་སྲུང་ལ།
ཁྱོད་ཀྱིས་གྲང་རླུང་དང་ཁ་བའི་མེ་ཏོག་གི་ཞབས་རྗེས་འཚོལ་བཞིན།
པགས་རྩག་གི་ངོ་གདུང་མུན་པ་ལ་གཏོད་དུས།
ཁྱོད་ནི།

འབྲོག་ཐང་དེའི་ཕོ་རྒོད་ཚོའི་རྨི་ལམ་དང་།
ན་གཞོན་མའི་ཕྲག་དོག་གི་རམ་འདེགས་རེད།

ལས་དབང་གིས་ང་ལ་ཀུ་རེ་ཞིག་གི་ལྟ་གོན་དང་།
ཁ་ཕྱོགས་ཤིག་ལ་ལམ་སྟོན་མཛད་ནས།
ནམ་ཞིག་གི་དེ་རིང་ལ་བསླེབ་ན།
ངའི་ངུ་མ་དགོད་ཀྱི་སེམས་ལ་འཛུམ་མདངས་ཀྱི་འོ་ཐིགས་གཅིག་སྩོལ་རོགས།

སྙིང་ཉེ་མ།

དོ་ནུབ།

རི་སྒང་དེའི་སྒལ་ཚིགས་ན།
ཁྱོད་ཀྱི་འཛུམ་མདངས་ལ་སྒྲོམ་མེ་ཡི་བྱིན་རླབས་འཕོག་ནས།
མུན་པའི་ཁྲོད་ཆེས་ཡིད་དུ་སྡུག་པའི་ཤ་ཁྲག་གི་རང་གཤིས་མངོན་པས།
འབྲོག་ཐང་དེའི་གཙང་བོ་དང་།

རྒྱང་རིང་གི་ལུག་ཁྱིའི་ནམ་མཁའ་རུ།
འཇམ་ལ་འཚེར་བའི་རྒྱུ་སྐར་དག་ཀྱང་སྤྲིན་པའི་བར་ནས་ངུ་དགོས་བྱུང་།

སྙན་ངག་དང་ཐ་སྙད་ཀྱིས་འཕྱོར་བའི་ལྷ་མོ།
ལྷགས་རླུང་གི་ངུར་སྒྲ་ཚེ་སྲོག་གི་བདེ་སྐྱིད་ལ་སྒོམ་ནས།
བྱམས་བརྩེ་དང་དྲོད་ཁོལ་གྱི་རུལ་བུ་ནང་སེམས་ལ་མིད་དེ།
སྙིང་རྗེ་ཡི་ཕུང་བོ་གཞན་ཞིག་ལ་ཆགས་བཞིན།
ཁྱོད་ནི།

རྩྭ་ཐང་གི་རྫི་བོ་ཁོ་ན་ཞིག་མིན་པ་སུ་ཡིས་ཤེས།

ཚེ་སྲོག་གི་ཕུང་བོ་བར་མེད་དུ་འཕུར་ཞིང་།
སྙན་ངག་གི་རྟ་མཆོག་གང་འདོད་དུ་དཀྱུ་སའི་རྩྭ་ཐང་གི་ལྷ་མོ།
དོ་ནུབ།

ལ་གཞས་ཀྱི་དགོངས་པ་བར་སྣང་ལ་བཏགས་ཏེ།
རྨི་ལམ་གྱི་ལྷ་ཆེན་པོ་སུས་མདུན་དུ་བཏང་ཡོད།
ངའི་སྨྱུག་རྩེ་ནས་སྙིང་གཏམ་གྱི་ཟུངས་ཁྲག་བབས་བྱུང་།
འདི་ནི།

རྒྱང་རིང་གི་འབྲོག་ཐང་ལྷ་མོས་ང་ལ་བསྩལ་བའི་དངོས་གྲུབ་ཞིག་ཡིན་འདོད།

ལྷ་མོ་ལགས།

དོ་ནུབ་སྙན་ངག་པས་ཁྱོད་རང་དྲན་བཞིན།
གྲོང་ཁྱེར་གྱི་ཕ་མཐའ་ཉུལ།

ཁྱོད་ཀྱི་གཟུགས་བརྙན་ལ་འདྲ་བའི་ལྷ་མོ་གཞན་ཞིག་གིས།
ང་ལ་གཞས་བཏང་།

ང་ལ་བྲོ་འཁྲབ་ན་ཡང་།
ངས་གཞི་ནས་ང་རང་གི་འབྲོག་ཐང་ལྷ་མོ་མིན་པ་ཚོར་བྱུང་།
ངའི་འབྲོག་ཐང་གི་ལྷ་མོ།

ངས་རྩྭ་ཐང་གི་ལྷ་མོ་དྲན་བྱུང་།

ལྷ་མོ་ལགས།

ངའི་ཡོད་ཚད་ཀྱི་བར་སྣང་ལ་ཐིམ་པའི་རྡོག་མ་གཅིག

ཐ་སྙད་རྡོག་མ་གཅིག
ངས་མཛེས་སྡུག་གི་ཡང་རྩེ་ལྷིང་འཇགས་སུ་འདོད་ན་ཡང་།
ཁྱོད་ཀྱི་པགས་རྩག་སྐྱ་བོ་དེས།
སྙན་ངག་དང་ཁོ་བོའི་ནང་སེམས་ལ་ལྕགས་སྒྲོག་བརྒྱབ་བྱུང་།
དོ་ནུབ།

ང་སྟོན་མཇུག་དང་ལྷགས་རླུང་གི་མགོ་ཐོག་ཏུ་ཞོན་ནས།
རྒྱང་རིང་འབྲོག་ཐང་གི་ལྷ་མོ་ཁྱོད་ལ།
ངག་ལྡབ་ལྡིབ་ཀྱིས་སྙན་ངག་གྱེར།
ལག་ཁྱ་ཁྱོག་གིས་སེམས་དྭངས་མའི་སྙན་ངག་འབྲི།



ལྷ་མོ་ལགས།

ངའི་སྙན་ངག་གི་ཐ་སྙད་ལགས།
འབྲོག་ཐང་ན་ལྷ་མོ་མེད་ལ།

རྒྱང་རིང་ན་དགའ་མའང་མེད་པས།
ལྷ་མོ།

དོ་ནུབ། ངས་ཁྱོད་ལ་སྙན་ངག་བྲིས།

ཡང་ཡང་བྲིས།
ངས་ཁྱོད་ལ་སྙན་ངག་ཙམ་བྲིས་པ་ཡིན།
ལྷ་མོ་ལགས།

མི་ཞིག་གི་མི་ཚེ་འདིར་ཁྱོད་ལ་མཛའ་བའི་མི་ཞིག་དང་འཕྲད་པ་སླ་ནའང་། ཐོག་མའི་མི་དང་མཚུངས་པ་ཞིག་ལ་འཕྲད་རྒྱུ་ནི་ཤིན་ཏུ་དཀའ། དུས་ཚོད་བཞུད་ཀྱིན་ཡོད་པ་བཞིན་དུ་མི་སེམས་ཡང་འགྱུར་བཞིན་ཡོད་པས། ལོ་ཟླའི་རླབས་ཕྲེང་བཙན་པོས་མི་རེ་རེའི་ངོ་གདོང་ལ་བྱབས་ཁྲུས་བྱེད་ཀྱིན་ཡོད་ཅིང་། སྐབས་ལན་རེར་འགྱུར་ལྡོག་ཤོར་བའང་ལོ་ཟླས་བྱིན་པ་ཞིག་ལས་མི་སེམས་ཀྱིས་ཆེད་དུ་བཟོས་པ་ཞིག་མ་ཡིན་པས། བཟང་ངན་གང་ཡིན་ཡང་རང་སེམས་ཀྱི་གཏིང་དུ་སྦས་ནས་ཐོག་མའི་ཚུགས་ཀ་དེར་ལྷན་པོ་མི་རྒྱག་རང་དབང་ག་ལ་ཡོད།
人这一辈子,遇到对你好的人,比较容易,但遇到待你如初的人,却很难。时光在走,人心在变,每个人都被岁月的大浪风沙所洗礼。有时候,会变,并非人心本意,只是岁月的赐予,有好有坏,沉淀在心中,不得不覆盖了最初的模样。


发布     👍 0 举报 写留言 🖊   
✋热门推荐
  • 在前一天的第一场比拼中打出81杆,以300分积分名列第四位的深圳参赛者吴浩,在首战中逐渐熟悉并掌握了不少征服广州九龙湖高尔夫球会的诀窍之后,对难度不小的球场第二
  • 问题的彻底解决,得从“河湖长制”在二号桥街道落地生根说起。“九河下梢”上千名河长治河记】作为一名河长,高庆九这样描述她印象最深刻的一个画面:“那天,一家电视媒体
  • #gooood谷徳设计网[超话]##gooood建筑# 三代家庭住宅,北京 / 即作建筑 寻求小家庭的独立性格与家庭之间合理边界感的平衡 在2019年初即
  • ...全文: [甩甩手]去年跨年守着电视期待白敬亭的表演[给你小心心],我觉得这件事才刚刚发生没多久,事实上竟然已经过去了一年。我记得去年跨年的那天晚上很开心,
  • 如果你想在国内找一个人少景美,性价比又高的海岛,那就去大黑山岛吧,这里被称为“东方巴厘岛”。拍照打卡点:✅船旺湾,这里停靠着许多渔船,还有海鸥相伴,游客很少走到
  • 我们这一生中总会遇到很多的人,来来往往,相聚离别,有些人陪伴你一程,然后又各自上路,有些人打个照面,然后微笑走开。也许有些人对那时的你是如此重要,让你一下子相信
  • 我也只不过比你虚长了几岁,却从你这里学到了太多,得到了溢到满出来的情绪价值:很多人生中的重要时刻,是我想着你度过的,而在困难时刻,是想着你说过的话挺过的,爱你的
  • 书便宜,但不意味知识的廉价,虽然读书不一定功成名就,不一定能让你锦绣前程,但它能让你说话有德,做事有余,出言有尺,嬉闹有度!人生没有白走的路,人生没有白读的书,
  • 信赖良多人都据说过这句话: “头脑决意步履,步履决意风俗,风俗决意成败。” 实在,它源自有“美国传奇”之称的本杰明·富兰克林的亲自履历。 为了改掉身上的各
  • 小孩的教育问题真的太重要了,老人的教育方式早已落后,既然选择生了他,父母自己必须亲自当好爸妈的角色,很同情这样的孩子,其实是父母自己为了偷懒。#腾讯新闻# 中国
  • 【西郊紫郡】别墅建面371.14平带私家游泳池,售价3680万【西郊紫郡别墅】虹桥商务区徐泾板块自驾10分钟到达虹桥机场 15分钟到古北周边九溪十八岛、丽都等高
  • 前面所学的那些知解,对于事物表相的那些认识、认知,我都放下了,这是所谓的“狂心顿歇,歇即菩提”。所以说实相般若是禅的本体,是无所得的根本智,也就是涅槃妙心,也就
  • 毕淑敏曾在《孝心无价》中写道:“也许是一桌山珍海味,也许是一只野果一朵小花;也许是花团锦簇的盛世华衣,也许是一双洁净的旧鞋;也许是数以万计的金钱,也许只是含着体
  • 演员的台词带着很浓的八十年代的意识流特征,具体是哪些文字的组合,完全记不得了。《敦煌莫高窟艺术》用简洁易懂的语言对敦煌艺术的各个侧面进行了深入浅出的剖析,从艺术
  • 安徽省服装进出口股份有限公司经理孟卓对第一财经表示,受订单回流影响,去年服装厂的生产紧张,“单子做不完”但今年多数工厂的单子到9月就基本没有了,去年此时是能排到
  • 我不伸手,你来给我装总可以吧!要不是胖哥经济条件不允许,你信不信我连李子,四季豆,还有两个竹篮一起给你买了!
  • 若遇吾我贡高者,说卑使下贱报。若遇毁谤三宝者,说盲聋喑哑报。
  • #布鲁克林篮网##NBA# 节目链接➡️ #微分享# 【“一杯奶茶里都有些什么”[雪刀]】一杯加量加料的奶茶含糖量相当于14块方糖?别只馋第一杯奶茶,快戳图长知
  • 截至 10 月,这四家今年分别完成交付:蔚来 31430 辆理想 21852 辆小鹏 17117 辆威马 16889 辆 在距离 2020 年底还有不到 2
  • ✨有时候,执着是一种负担,放弃是一种解脱,人没有完美,幸福没有满分,知道自己没有能力一次拥有那么多,又何苦要求那么多。✨宁可做一个不幸的人而知道一切,也不要做一