རྣམ་དཔྱད་རིག་པའི་ཉི་ཟླའི་དཀྱིལ་འཁོར་ལ།།
རྣོ་ངར་རིག་པའི་མཚམས་སྤྲིན་རབ་མཛེས་པའི།།
འཛམ་གླིང་རྒྱལ་ཁམས་རིག་པས་བསྐོར་མཛད་པ།།
དགེ་འདུན་ཆོས་འཕེལ་གཉིས་པའི་སྙན་གྲགས་གསོལ།།

[合十][玫瑰][强][烟花][太阳]

 སྐྱེས་ཕྲུག་ཚོས་དྲུག་གཅིག་བྱིས་པའི་དུས་ཆེན་བསུ།

                                                        རྩེ་རོང་དཔེ་སྨྱོན་ནས།

                                 
ཟླ་ཚེས་ཡག་པོ་ཡག་པོ་ཞིག།
བསུ་ལུགས་སྤྲོ་བོ་སྤྲོ་བོ་ཞིག།
དྲུག་གཅིག་བྱིས་པའི་དུས་ཆེན་ལ།།
རྟེན་འབྲེལ་སྙན་ཚིག་མཆོད་པ་འབྲི།།

སྨོན་ལམ་བཟང་པོ་བཟང་པོ་ཞིག།
ལས་འབྲས་མོད་པོ་མོད་པོ་ཞིག།།
ཤ་རུས་གཅིག་པའི་བྱིས་པ་ཚོར།།
གཏན་དུ་བདེ་ཞིང་སྐྱིད་པར་ཤོག།

ཕྱོར་ལྭ་མཛེས་པོ་མཛེས་པོ་ཞིག།
སྤྲོ་སྣང་དགའ་བོ་དགའ་བོ་ཞིག།
དྲུག་གཅིག་ཚུར་ལ་བསུ་བ་ཚོ།།
མུན་པ་སེལ་བའི་སྒྲོན་མེ་ཡིན།།

ཁོར་ཡུག་ཡངས་པོ་ཡངས་པོ་ཞིག།
དཔྱིད་རླུང་འཇམ་པོ་འཇམ་པོ་ཞིག།
ཀ་ཁའི་དབྱངས་སྙན་སྒྲོག་མཁན་ཚོགས།།
རིག་པའི་འཛུམ་མདངས་གྲོལ་བར་ཤོག།

སྨྲ་སྐད་ཕྲ་མོ་ཕྲ་མོ་ཞིག།
སྙིང་ལ་རྗེ་བོ་རྗེ་བོ་ཞིག།
དྲི་མེད་དྭངས་གཙང་བྱིས་པ་ཚོས།།
དྲུག་གཅིག་དུས་ཆེན་རོལ་བ་སྐྱིད།།

མི་བུ་ཆུང་ཆུང་ཆུང་ཆུང་ཞིག།
ལྷག་བསམ་དཀར་པོ་དཀར་པོ་ཞིག།
མཐུན་སྒྲིལ་བྱོས་ལ་ཤེས་རིག་སློབ།།
མ་འོངས་བོད་པའི་རྒྱུད་འཛིན་ཡིན།།

མཛའ་བརྩེ་དྭངས་མོ་དྭངས་མོ་ཞིག།
ནང་སེམས་སྐྱིད་པོ་སྐྱིད་པོ་ཞིག།
ན་ཆུང་པད་མའི་འགྱུར་ཁུག་དེ།།
གངས་ཅན་བོད་ཀྱི་གཅེས་ཕྲུག་ཡིན།།

སྐད་ཡིག་གཙང་མ་གཙང་མ་ཞིག།
རང་སྐད་རྣལ་མ་རྣལ་མ་ཞིག།
རྒྱུན་པར་སྨྲ་བའི་བྱིས་པ་ཚོ།།
ནམ་ཡང་སྐྱིད་པའི་ཁ་གཡང་འབོད།།

ཕུགས་འདུན་རིང་མོ་རིང་མོ་ཞིག།
རྣམ་པ་གསར་བ་གསར་བ་ཞིག།
བློ་རིག་ལྡན་པའི་ན་ཆུང་དག།
གཡུར་དུ་ཟ་བའི་འབྲས་བུ་ཡིན།།

བྱིས་པ་ཆ་འགྲིག་ཆ་འགྲིག་ཞིག།
སེམས་པ་མཐུན་པོ་མཐུན་པོ་ཞིག།
སེའུ་འབྲུ་ལྡན་པའི་ལོ་ཏོག་ལེགས།།
ཕུགས་བསམ་ཡོད་པའི་ན་ཆུང་མཛེས།།

རྩམ་དྲི་ཞིམ་པོ་ཞིམ་པོ་ཞིག།
མིག་རྒྱང་བརྟན་པོ་བརྟན་པོ་ཞིག།
ཀ་ཁ་ག་ངའི་བདག་པོ་ཚོ།།
གངས་ཅན་པ་ཡི་རེ་བ་ཡིན།།

རྣམ་དཔྱོད་རྒོད་པོ་རྒོད་པོ་ཞིག།
སེམས་རྒྱུད་དྲང་མོ་དྲང་མོ་ཞིག།
སྙན་ཚིག་རྟེན་འབྲེལ་དེ་རིང་ཞུ།།
རླུང་རྟ་དར་བའི་སྨོན་འདུན་ཡིན།།

མི་རིགས་འཛོམས་པོ་འཛོམས་པོ་ཞིག།
ཤེས་རིག་རྩ་ཆེན་རྩ་ཆེན་ཞིག།
རྒྱུད་འཛིན་བྱེད་པའི་སློབ་ཕྲུག་ཚོ།།
དེ་རིང་དྲུག་གཅིག་དུས་ཆེན་བསུ།།

                              ༢༠༢༣.༦.༡ ཉིན་བྲིས།

སྣང་བའི་ཁྲོད་ཀྱི་འཇིག་རྟེན།

མཁའ་ཡི་སྤྲིན་པ་བྲེལ་མོ་སོང་ཤུལ་ནས།།
རླུང་བུ་འཁྱམ་པོ་ས་མཐའི་ཡུལ་ལ་རྒྱུགས།།
ཆར་ཟིམ་སྒུག་པའི་དབྱར་གྱི་མེ་ཏོག་གིས།།
རེ་བཞག་བརྗེད་མེད་སེམས་ཀྱིས་རྨ་ཁ་བཟོས།།
 
ཡར་བལྟས་རི་བོ་ལྷུན་པོ་འགྱིང་ཉམས་ཀྱིས།།
ཕྱིར་ཡི་དགྲ་ཁ་འགོག་པའི་དཔའ་ངར་ཅན།།
མར་གྱི་ཆུ་ཡི་བཞུར་སྒྲ་འདོན་པ་དེས།།
རྒོད་པོ་ཟིལ་ཤུགས་རྒྱས་པའི་དཔུང་རྟགས་ཤིག།
 
སྤང་ཐང་ཁ་བ་ཁེངས་པའི་ཉིན་མོ་སྟེ།།
མེ་རྡུལ་སད་ཀྱིས་བཅོམ་པའི་ན་བུན་ཞིག།
དཀར་གོས་ལ་བ་གྱོན་པའི་དགུན་ཀ་དེ།།
སྦྲང་མའི་སྐྱོ་གླུ་ཉིན་མཚན་བར་མེད་ཅིག།
 
ཆར་རྗེས་དེད་པའི་འཇའ་ཚོན་མཛེས་པོ་སྟེ།།
ཡུན་རིང་འདུག་མེད་འགྲོ་བའི་ཆོས་ཉིད་དམ།།
ཡུན་ཙམ་མཐོང་ལམ་མཛེས་པའི་རང་བཞིན་ཀྱིས།།
གཏན་གྱི་འཚོ་བ་འཕྲོག་པའི་བསྐུལ་མ་ཞིག།
 
སྡོང་འགྲམ་ལོ་མས་གང་བའི་བསིལ་གྲིབ་ན།།
ལྷིང་འཇགས་ཞི་བའི་བུ་ཆུང་བདེ་སྐྱིད་འཁོར།།
འདུ་འཛི་དཔག་ཚོགས་འཇམ་པའི་ཞི་བདེ་པས།།
གཞན་ཕན་དོན་མཛད་འཁོར་བའི་འཁོར་ལོ་ཞིག།
 
དྲོད་འཇམ་ཉི་མ་བཞིན་དུ་གསལ་བ་སྟེ།།
བྱམས་ལྡན་ཨ་མའི་རུམ་ཁ་སླེབས་པ་ཡིན།།
ངག་སྙན་ཁུ་བྱུག་གདངས་ཀྱིས་འཐེན་པ་སྟེ།།
ཡུམ་གྱི་བརྩེ་གཏམ་སྙིང་ལ་འཁོར་བ་ཡིན།།
 
མཚར་སྡུག་རི་སྤང་འབྱོར་ཡོན་སླེབ་པ་བཞིན།།
ལང་ཚོ་རྒྱན་གྱིས་དཀྲིས་པའི་ན་གཞོན་ཚོ།།
མེས་པོའི་བརྩེ་འདང་ཤུལ་བཞག་ཡོད་པ་སྟེ།།
སོ་སོ་སྲོག་ཡ་ཇི་བཞིན་སྐྱོང་མཁས་དགོས།།
 
ལུགས་གཉིས་ཕྱོགས་རིས་མེད་པའི་དཔའ་བོ་སྟེ།།
གསོན་ཤི་བློ་མཐུན་གྲོགས་ཀྱིས་བསུ་མ་ཡོད།།
ཕྱོགས་རེ་ཕན་སེམས་འཚོལ་བའི་དཔུང་སྡེ་སྟེ།།
ན་ཟུག་སྟོང་གིས་གཅིག་པུས་བསུ་མར་བྱེད།།

ཁོ་བོས་ཀྱག་ཀྱོག་ལམ་འཕྲང་རྨི་ལམ་བཞིན།།
རྟག་མེད་གློ་བུར་མི་རྟག་རྗེས་ཉུལ་ཞིག། 
སོང་སོང་ཡལ་ཡལ་འདི་ཡོད་མེད་པ་འདི།།
སླར་ཡང་ཁོ་བོས་རྨི་ལམ་ལེན་གཅིག་བྲིས།།


发布     👍 0 举报 写留言 🖊   
✋热门推荐
  • #满月宴##宝宝百天宴##郑州生日派对策划布置##气球艺术培训##郑州##郑州约拍[超话]##摄影##寿宴布置##气球艺术##气球艺术培训##生日派对策划##郑
  • 我要认真的记起每张图片[馋嘴](虽然眼睛很累wfc说不能玩手机)1 每周必喝的平靓正早茶店(海霸)2 连着几个月去了好几次的同仁四季3 吃完椰子随手买的柠檬茶
  • 」他對是次陣容感興奮,希望擦出新火花:「有好多未合作過嘅對手,亦有好好嘅前輩,同肥仔聰一拍即合,大家都好努力創作當中。」另外,對於失落新角色,東網就此致電諾懿,
  • 无论是朋友、工作还是恋爱,如果你感到与对方特别契合,沟通愉悦,甚至时时令你灵光乍现,你知道这说明什么吗?1%的可能你遇到了知音,99%的可能你遇到了阅历智商情商
  • 也就是说,上海大众把市场做大了,把商业渠道建立起来了,最后发现核心竞争力不是自己的,品牌也不是自己的。如果有一天,德国大众不再授权上海大众,我想很少有人去买一辆
  • 么旭辰在2019赛季租借加盟中甲球队北京北体大,代表球队出场18场其中10次首发,逐渐站稳脚跟,在赛季结束后返回河北华夏幸福并跟随球队完成了海口阶段的冬训。#吐
  • 已经退役的博尔特如今仍旧关心着曼联的比赛,有时还会为球队发声。《足球》报表示,在三月结束十二强赛的征程之后,国足就处于完全静默的状态:集训和热身赛全无,主教练去
  • #火箭少女101[超话]##火箭少女 违规女孩# #张紫宁苏西的世界mv# #jojo的奇妙冒险 不灭钻石# 之前就很好奇紫宁《苏西的世界》里的背景故事,我就查
  • 最近两年直播行业快速发展,除了薇娅、李佳琦等专业大佬产生,还有刘涛、李湘等明星都积极加入了带货行业,可见其中利润可观。但是大家也该发现了,有的带货人总是昧着良赚
  • 然后还有高纯烟酰胺成分配合,两个一起打配合,就不怕因为年龄增长,或者经常熬夜导致肌肤胶原蛋白又大量流失,等于一边补充生成一边守住,非常靠谱~ 其中大红瓶水的质
  • 云天化一跌,就有人悲观了,说到顶了,快跑;云天化一上雪球热股榜,就说有人吹票了,快跑;黑黄金煤炭暴跌,就有人说磷矿完蛋了,快跑……云天化进军新能源刚刚踏下二万五
  • 「好友生日の小众文案」:♥︎·百事可爱/♪小x生日新鲜事 ʺ̤我的巧克力 生日快乐´◡͐`要开心 要发财 要爱我⸝⸝今天我请客 请你生日快乐❕▸ 今日寿星甜份
  • 《泮水》 思乐泮水,薄采其芹。鲁侯戾止,言观其旂。其旂茷茷,鸾声哕哕。无小无大,从公于迈。 思乐泮水,薄采其藻。鲁侯戾止,其马蹻蹻。其马蹻蹻,其音昭昭。载色载笑
  • #萬千星輝頒獎典禮2020# 【萬千星輝頒獎典禮2020】視帝之爭62歲三哥《使徒行者3》硬攝搶獎有難度 林峯湊女大過天、王浩信趕返參與頒獎禮 東方新地 - 娛
  • #李佳航说我是为了破事精英回来的# ​​​​ #李佳航 最有肿的男人# 23日,李佳航在微博发长文宣传新剧《破事精英》“破事精英定档当天,我肿着回来了,是很肿的
  • 好かれたかった友達になってほしかっただけのくせにどうしようもない でも こんなどうしようもない俺の前に 彼女はもう一度あらわれた側に 近くにいて 俺の こんな俺
  • 一些乱七八糟的图/是谁啊 进来隔离一个包 出去五个包小祝真的太太太贴心了隔离餐吃肥肉长肥肉所以我没吃隔离的时候还能玩玩奥特曼俩hxd来送吃的喝的以至于我的隔离生
  • 【沉香如屑】 你有没有爱过一个人,你有没有恨过那个爱着你的人。 若一切回到最初,沉香重燃,你是否能够回心转意。 这些年来,我常做一个梦,梦中有位女子的背影,我看
  • #绘食小筑[超话]# 周五早安☕️天气热了早餐简单点吧,给中学生凑个早餐拼盘:面包、鸡米花、煮鸡蛋、黄瓜、小番茄图4⃣️5⃣️6⃣️来自妹妹的投喂,小番薯特别细
  • 今日记—进城 我迟到了 虽然是因为睡得很晚 但还是很愧疚 后来由于我不长记性 忘了预约国博 和孙睿佳从天安门开走,安检好严好严 去了一趟中山公园纯属没事逛逛 又