༄༅། །བདུན་ཕྲག་སྔོན་མ་ནས་བཟུང་། ཆམ་ནད་ཀྱིས་མནར་ཏེ་དཔེ་ཆ་ལྟ་བའི་ཡི་ག་འགག་པ་ཡང་དེ་རིང་ཅུང་ལེགས་སུ་ཕྱིན་པས། བུ་ཡིག་ཏུ་གོ་དཀའ་སའི་གནད་རེ་རེ་བཞིན་མ་ཡིག་དང་གོ་བསྡུར་ནས་ལྟ་བའི་དབུ་བརྩམས་ལ། དེ་ཡིས་རིག་སྟོབས་གསོ་བྱེད་ཀྱི་སྨན་དང་བདུད་རྩིའི་ངོ་བོར་འཕེལ་གྱུར་ཅིག་གུ །[干杯][鲜花]

ཚངས་སྲས་སྒེག་མོ།


བཅུ་དྲུག་ཟླ་བ་ཚེས་པའི་དཀྱིལ་འཁོར་དབུས།།
ཉམས་བརྒྱའི་གར་དགུ་སྤྱོད་པས་མ་ཚིམས་པར།།
མཐོན་ཀའི་པི་ཝང་དཀྲོལ་བས་བདེ་ཆེན་དབྱིངས།།
འཇམ་དཔལ་ཡབ་ཆེན་རྗེས་ཆགས་ཉིད་དུ་སྐུལ།།

བཞིན་ལེགས་པདྨ་འཛུམ་པའི་དགའ་ཚལ་ན།།
དཀྱུས་རིང་སྤྱན་གྱི་བུང་བ་གནག་ཅིང་སྣུམ།།
མཆུ་སྒྲོས་འདབ་ཡངས་དམར་པོ་བཞད་པ་ན།།
ཚེམས་གྱི་གངས་དཀར་ཕྲེང་བ་བསྟར་ལ་བརྒྱུས།།

བདེ་སྟོང་ཉམས་བརྒྱ་གར་གྱིས་སྐུ་ལ་འཁྲིལ། །
དབྱངས་བདུན་རྫོགས་པ་གསུང་ལ་བྱིན་གཡང་འབར། །
དྲི་མེད་མཁྱེན་པ་ཐུགས་ཀྱི་དཔལ་བེའུ་འཛུམ། །
སྐུ་གསུང་ཐུགས་ཀྱི་ཡོན་ཏན་གཞལ་མཐའ་བྲལ། །

ཕྱག་མཐིལ་རི་མོ་བཀྲ་བས་བསོད་ནམས་ཕུལ། །
མཚན་དཔེའི་དགེ་ལེགས་མཐོ་བས་ཚོགས་ཆེན་རྫོགས། །
འགག་མེད་གདངས་དབྱངས་གསལ་བས་ངག་གི་ལྷ། །
ཚངས་སྲས་མའོ་ལང་ཚོའི་མཆོད་དབྱངས་འབུལ། །

ཉ་རྒྱས་ཟླ་བ་འགྲན་པའི་ཞལ་བཟང་དཀྱིལ། །
བཟོད་པས་ལེགས་སྨིན་སྤྱན་གྱི་འབུར་བྲིས་མ། །
སྨིན་མཆོག་དགའ་མའི་འཕྱོར་སྒེག་སྲིད་ན་རིང་། །
ཞལ་སྒོ་པདྨ་འཛུམ་པའི་དགའ་སྟོན་འགྱེད། །

སྲིད་ཞི་དགེ་ལེགས་འབར་བའི་འོ་མཚོ་ལས། །
ཚངས་སྲས་དགའ་མ་འཁྱུག་པའི་མཛེས་པ་ཡིས། །
ངག་རིག་པདྨ་རྒྱས་པའི་དགའ་ཚལ་ཡང་། །
ཕྱོགས་བརྒྱ་མཐའ་ལ་གཏུག་པའི་འདབ་ཡངས་འཛུམ། །

རྒྱལ་ཀུན་ངག་གི་ཟླ་ཤེལ་སྟོང་བཞུས་པར།།
སྨྲ་བའི་དབང་ཕྱུག་དཔལ་དུ་ཤར་བ་གང་།།
ངག་དབང་ལྷ་མོ་ཞེས་པའི་ཅོད་པན་བརྒྱ། །
སྣང་སྲིད་ཁམས་ཀྱི་མཐའ་ལ་དོན་གྱིས་འགྲེམ། །

ཞེས་པ་འདི་སྐྱེས་མིང་སྟོབས་ལྡན་དུ་འབོད་པ་དེས་གང་ཤར་རང་གྲོལ་གྱིས་སྨྱུག་ཁ་གློག་ལྟར་འཁྱུག་པའོ། །

དེ་ཡང་གཞུང་བརྒྱ་སྨྲ་བའི་མཁས་ཆེན་དག་གི་འདོད་པ་བཀོད་ནས། དེ་ལ་འཐད་མི་འཐད་ཀྱི་རྣམ་བཞག་བྱས་ནས་བརྒལ་ཞིང་བརྟག་པ་ནི་རང་ཉིད་ཀྱི་ཤེས་རབ་འཕེལ་བའི་རྒྱུའམ་ཡན་ལག་ཡིན་གྱི། མཐའ་གཅིག་ཏུ་འགོག་པའམ་མ་གུས་པ་ནི་མ་ཡིན་ནོ།།


发布     👍 0 举报 写留言 🖊   
✋热门推荐
  • 虽说现在很流行喝混酒,特别是喜欢将白酒和啤酒混在一起喝,虽然这样的喝酒方式很新奇,口感也有不一样的体验,但是我们也不能盲目的跟从,因为这样喝酒太容易喝醉了,也很
  • 必须把自己的现金收入持续增加起来才可以,遇到失败就马上改变自己的方向才是最为重要的,很多事想清楚以后就得让自己保持持续不停去改变才可以,越是遇到问题的时候越是需
  • #秦霄贤[超话]#[微风]#秦霄贤元音大冒险# [微风]#秦霄贤粉墨江湖# "夕阳西下,月亮升起,我在无人处悄悄爱你" , ,
  • 【赠运费险】复制这条信息,¥o8PA0V1e3HT¥ ,打开【手机淘宝】即可领券并下单------------------------------更多商品优惠劵
  • 现在国君昭襄王年事已高,一旦驾崩,安国君继位,华阳夫人无子,他会从诸王子中挑选一个跟华阳夫人无关的王子立为太子,到时你就危在旦夕了。”——(《史记.吕不韦列传》
  • 他一脸认真说,说你想运动我陪你运动,你想少控制饮食我陪你吃减肥餐,每周大餐取消,但是你不能用药,万一对身体不好呢,我宁愿你一直胖(给他个白眼,他才一直胖)。昧良
  • 5.ʜᴇʟʟᴏ ◡̈ ☽⋆ ——————— ♡♥︎❥.° ◡̈ 喜欢刘宇宁的第1514天我唯有在爱你这件事上,认真了一年又一年⑅︎◡̈︎*摩登兄弟刘宇宁ly
  • 另外,花瓶里也最好别放假花,假花虽然不用我们打理,但它身上缺少真花的生机与活力,插在花瓶里起不到生旺气场的作用,还容易影响家里的环境气场。如果家中有花瓶的话,人
  • 每个人都有独立的空间,不要过于的依赖对方,俗话说“距离产生美”保持距离感,设置的是物理距离或心理距离,而不是感情距离。人和人之间相处,#今日贴纸打卡# 看似简单
  • 范思蓝恩,晚上8点活动领3张券,专区2000块钱实付款590,相当于3折凑下来110 凑下来72 凑下来60块钱 300出头(带毛领的羽绒服) 还有一个
  • 2. 满怀希望就会所向披靡3. 我乐意沉默释放内心烟火4. 一起去啊 更远的地方5.这里介绍不了我6. 快乐是永不过时的时尚7. 请允许我成为你的春夏秋冬8.
  • 看着铁打的营盘流水的兵,刘文庆对每一个新来的学徒说,干一行爱一行不是空话,是要靠时间来打磨和凝练,“咱不说那些高大上的,你有了对工作的热爱以后,你干活就有劲,别
  • 在本书中,所罗门教授以哲学的干瘪和职业化为主线,用他所受的分析哲学训练与对大陆哲学的热爱,以一种存在主义的情怀,重新追问什么是激情、正义、悲剧、死亡、自我等等,
  • DMSwap链接: WDMCH 地址: 0x3c92e6FF0b018adBe7E7578049c205B3710BE09CDMS 地址: 0x34D3d2b4
  • 叫来咪[赢牛奶]非常非常喜欢互关的大家!”刷到一个家里感冒的微博其实最近一直在update朋友们的近况心情非常糟糕忽然想分享今日眼睛进石头的小事家里感冒严重,爸
  • 这嘴角又扬起来了,微笑又露出来了,雨后又天晴出彩虹了……一个人的情绪完全为另一个人所左右、因另一个人而波动,同你说话就开心,听到你提其他人就难过……这,反正你说
  • 只有1.25% 的水来自中度到高度(20-40%)缺水压地区,用于佛罗伦萨的Santa Croce sull'Arno的实验室。与我们的生产相关的常见水影响是C
  • 六、广东省珠海市市场监督管理局查办珠海新颜医疗美容门诊部有限公司使用未依法注册医疗器械案2021年4月30日,广东省珠海市市场监督管理局执法人员依法对珠海新颜医
  • 但任何一项科技创新项目,都不会凭空出现,作为一名科信民警,这里是我的战场,群众关心的、需要的,就是我们的研发方向,我将用我的努力,让“智慧警务”服务百姓民生。记
  • #情感[超话]#桃花乱落如红雨捋捋桃花吧,你是桃花运,还是桃花劫 桃花离不开情爱,鼻祖应是刘阮二人上山采药,入桃林,遇两女子,结伴半年,回家子孙已过七代的神话。