བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ།

བཅུ་གཉིས།
ཡེར་བའི་ཞང་བཙུན་གྱི་ཞལ་ནས། ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་འདོད་ན་མ་འདྲེས་པ་རྣམ་པ་གསུམ་དགོས་ཏེ། དགེ་བ་ཚེ་འདིའི་རྣམ་རྟོག་དང་མ་འདྲེས་པ་ཅིག་དགོས། ལུས་ངག་གི་སྤྱོད་པ་ཉོན་མོངས་དང་མ་འདྲེས་པ་ཅིག་དགོས། བསྒོམ་པ་རང་སངས་རྒྱས་དང་མ་འདྲེས་པ་ཅིག་དགོས། མདོར་ན་རྟོགས་པ་ཕུལ་དུ་ཕྱིན་པའི་སྤྱོད་པ་ཅིག་དགོས། རྟོགས་པ་ཕུལ་དུ་ཕྱིན་པའི་ཚད་གང་ཡིན་ཞེ་ན། ཡངས་སར་ཡངས་པ་ཡིན་ཏེ་ལྟ་བ་ཡངས་དགོས། དོག་སར་དོག་པ་ཡིན་ཏེ་སྤྱོད་པ་དོག་དགོས། དཔའ་སར་དཔའ་བ་ཡིན་ཏེ་ཉོན་མོངས་པ་ལ་གཉེན་པོ་དཔའ་བ་ཅིག་དགོས། ཞུམ་སར་ཞུམ་པ་ཅིག་དགོས་ཏེ། གཞན་གྱིས་རྒོལ་བ་ལ་སོགས་པ་ལ་བཟོད་པ་ཐོབ་པའི་ཞུམ་པ་ཅིག་དགོས་གསུང་།

དགེ་བཤེས་པོ་ཏོ་བ་ལ་དགེ་བསྙེན་ཅིག་གིས་ཆོས་ཅིག་ཏུ་བྱ་བ་ལ་གལ་གང་ཆེ་ལགས་ཞུས་པས། པོ་ཏོ་བའི་ཞལ་ནས། ཆོས་ཅིག་ཏུ་བྱ་བ་ལ་མི་རྟག་པ་བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམས་ན། དང་བོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་བསྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་ཉིད་མཉམ་པ་ཉིད་རྟོགས་པའི་གྲོགས་བྱེད།

ཡང་མི་རྟག་པ་འདི་བསྒོམས་ན། དང་བོ་ཚེ་འདིའི་གཏོངས་ཐག་གཅོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པའི་གྲོགས་བྱེད།ཡང་མི་རྟག་པ་འདི་བསྒོམས་ན་དང་བོ་དད་པ་སྐྱེ་བའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན། དང་བོར་ཆོས་འཚོལ་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེན་བྱེད། ཐ་མར་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན། དང་བོར་གོ་ཆའི་བརྩོན་འགྲུས་རྩོམ་པའི་རྒྱུ་བྱེད། བར་དུ་སྦྱོར་བའི་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཕྱིར་མི་ལྡོག་པའི་བརྩོན་འགྲུས་རྩོམ་པའི་གྲོགས་བྱེད་གསུངས་སོ། །
དགེ་བཤེས་པོ་ཏོ་བ་ལ། རྐྱང་ཚ་རྡོབ་ཚུལ་གྱིས་གདམས་ངག་ཞུས་པས། པོ་ཏོ་བའི་ཞལ་ནས། ཁྱོད་ཀྱིས་འཆི་བ་མི་རྟག་པ་མང་དུ་སོམས་དང་། དེར་འཆི་ངེས་པའི་བློ་ཅིག་བྱུང་ན་སྡིག་པ་སྤོང་བ་ལ་དཀའ་རྒྱུ་མེད་པ་ཅིག་འོང་། དགེ་བ་སྒྲུབ་པ་ལ་དཀའ་རྒྱུ་མེད་པ་ཅིག་འོང་གིས། དེའི་སྟེང་དུ་བྱམས་པ་དང་སྙིང་རྗེ་མང་དུ་བསྒོམས་དང་། དེ་རྒྱུད་ལ་སྐྱེས་ན་སེམས་ཅན་གྱི་དོན་བྱེད་པ་ལ་དཀའ་རྒྱུ་མེད་པ་ཅིག་འོང་གིས། དེའི་སྟེང་དུ་ཁྱོད་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་སྟོང་བ་ཉིད་མང་དུ་བསྒོམས་དང་། དེ་རྒྱུད་ལ་སྐྱེས་ན་འཁྲུལ་བ་སྤོང་བ་ལ་དཀའ་རྒྱུ་མེད་པ་ཅིག་གིས་གསུངས།

 མུ་འགོད།  https://t.cn/z8Ac3wc

ད་ལོ་གསེར་དུ་སྐྱེས་བའི་མེ་ཏོག་འདི། ཕར་ལྟས་ཚོད་ལ། ཧ་ཅང་སྐོམ་པས་གདུང་བཞིན་འདུག ཉི་འོད་ནི་ཇེ་ཚ་རེད། ཆང་བ་ནི་ཇེ་དཀོན་རེད། ད་འདིའི་སྲོག་ཇི་ལྟར་སྐྱོབས།[挤眼]

འདས་ཟིན་པའི་ཁ་སང་ནི་ཕྱིར་ཡོང་མེད་པའི་ལོ་རྒྱུས་གྱི་ཟིན་ཐོ་ཞིག་སྟེ། འབྱུང་འགྱུར་གྱི་སང་ཉིན་ནི་སུ་ཀྱང་རྟོགས་དཀའ་བའི་རྨི་ལམ་གྱི་འཇིག་རྟེན་ཞིག།། https://t.cn/A6CwPMiJ


发布     👍 0 举报 写留言 🖊   
✋热门推荐
  • 据了解,“无敌券”使用有效期至5月10日,将覆盖包括大家电、消费电子、生活电器等多品类产品,其中大家电适用100元无敌券,3C、生活电器适用30元无敌券,可通过
  • 防止图太糊我会在评论里放链接的总之文笔依旧十分小学生,最近都在努力练画画,但写文的时候还是能感觉到遥远时空里依旧和赤司是有联系的来自舍友的吐槽:开的时候还是春天
  • 只靠水和牛奶的我 每天都是浑浑噩噩 都晕乎乎的 感觉在站多一分钟 我都可以两眼一黑过去了 说实话 二十多岁了 还要父母亲人陪护 八百个电话关心 的确 谁不想做妈
  • #李宏毅少年歌行# lhy#李宏毅萧瑟# 从来不认为就是高人一等,从来不羡慕高人一等之人,从来不奢望掌声带来青睐,从来不强求不对付的缘分,从来不中伤任何的人和事
  • 汝腹中之物,吾疑其女也,女必像汝,吾心甚慰;或又是男,则亦教其以父志为志,则我死后,尚有二意洞在也,甚幸甚幸!吾充吾爱汝之心,助天下人爱其所爱,所以敢先汝而死,
  • #二十代[超话]#或许有姐妹愿意去b站康康我的视频吗[送花花]本来想直接发超话的但是被夹总夹了一晚上都没发出去呜呜呜呜[泪]别的cp都有的茶话会我们也要有呀[赢
  • 圆月中有黑色的影子,似天狗张大嘴巴准备食月;若嫦娥在月宫中翩翩起舞,抖着丝绸弯着腰;又如张牙舞爪的恶摩要撕开月屏,从中奔出,真有趣儿!一朵薄得像轻纱一样的浮云飘
  • #光线摄影学院曾兰老师##重庆头条#短暂⛺️的快乐 p8p9 是叔叔送我们回来后 我跟带蓓蓓去洗完澡以后修得像可爱死了[抱一抱](但还没完全修完)我跟还有已深深
  • [并不简单]在做试管婴儿的过程中,好像有很多特殊的日子需要记住,比如说末次月经啊,打降调的时间啊,促排卵的时间啊,打夜针的时间啊,移植的时间啊,开奖的时间啊。在
  • 我一直就没有想到我会是个很坚强的女人:几年前的生活突变,到近日你的突然离去……我竟然把一切安排得都很好很圆满,我也根本就没有时间去哭,我身边也没有个人可以商量下
  • 顺便给有缘人种草下Catch Bagel家的漂亮1⃣️费城壮汉 ⭐️⭐️⭐⭐⭐很zuó实 好吃 2⃣️加州胭脂 ⭐⭐⭐⭐ 颜值即正义 冲这高饱和的少女色也要冲一
  • 续:这次的梦……像是湖,像是河,有雾气,遮住了水面。天空蓝的没有一丝杂色,高海拔让我感觉伸手就能摸到云朵。
  • 今天尝试了一下自煮奶茶,非常滴成功啊啊啊啊!外瑞奶思,有宿舍锅真的太幸福了!
  • 【成都中考明日开考 英语听力增加5分】成都2017年高中阶段教育学校统一招生考试(简称中考)将于明、后两天举行。(四川发布) ​​​​【成都中考明日开考 英语听
  • 记得我在给一位好友做艾灸减肥时,她说艾灸后,她的食欲降低了,这说明通过艾灸,正气补足了,脾胃调和了,人体营养吸收得好,身体没有以前那么“饿”了,自然不会老想多吃
  • 而Ning等研究发现根据第七版AJCC中N分期,N2和N3期患者的生存期差异无统计学意义,而根据其提出的基于淋巴结转移站数的N分期中,N2和N3患者的生存期差异
  • 我真实的因为激动导致胃抽筋好想吐但我就是高兴得想去大街上狂奔大喊我平平无奇的生活里从来没有出现过这么值得让人热泪盈眶的美好也许对别人来说这只能算是很小很小的一件
  • 生态美景的呈现得益于不久前刚建成的盱眙县官滩镇圣山小流域综合治理项目,通过该项目实施,当地疏浚9条沟道、配套涵洞、闸、桥等建筑物57座,整治梯田109.5亩,不
  • 】~预约时间:10月31日出货时间:预计近期左右出货,具体出货时间以店铺方通知出货为准,默认接受增产1211059 衬衫 定价19580日元含税,颜色有白色、棕
  • 出演:深田恭子、濑户康史、桥本环奈、小泽真珠、栗原类、橡实(竹原芳子)、观月亚里莎、冈田义德、太田莉菜、藤冈弘、市村正亲、大贯勇辅、⼩畑乃乃、Marcia、信太