རྒྱལ་བསྟན་སྤྱི་དང་བྱེ་བྲག་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་ལ་བཀའ་དྲིན་དང་མཛད་ཕྲིན་ཧ་ཅང་ཆེ་བའི་༧ སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་མགུ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་གཞོལ་བར་མྱ་ངན་ཞུ།
࿑བཤད་པའི་གཏམ་དང་སྒྲུབ་པའི་ལས་རྣམས་ནི།།
བྱིས་པའི་ངག་དང་བྱིས་པའི་རོལ་རྩེད་བཞིན།།
གང་གི་སླད་དུ་སྨན་པར་མི་འགྱུར་ན།།
གཏིང་ནས་མགུ་ཕྱིར་རིན་ཆེན་གླིང་དུ་འགྲོ།།
གཡོ་ཅན་ཚིག་གིས་གཞན་སེམས་མ་བསླུས་ཀྱང་།།
རྣམ་ཤེས་རྟེན་དུ་བཞུགས་པའི་བློ་ལྡན་དེས།།
ནང་གི་བསམ་པ་ཇི་བཞིན་རྟོགས་པ་ལ།།
བསོད་ནམས་ཆེན་པོའི་འབྲས་བཟང་སྨིན་དགོས་སམ།། ༢༠༢༣\ ༤\ ༡༩\ ཉིན་རྨ་པྲཛྙཱ་ནས།
བྱིས་པའི་ངག་དང་བྱིས་པའི་རོལ་རྩེད་བཞིན།།
གང་གི་སླད་དུ་སྨན་པར་མི་འགྱུར་ན།།
གཏིང་ནས་མགུ་ཕྱིར་རིན་ཆེན་གླིང་དུ་འགྲོ།།
གཡོ་ཅན་ཚིག་གིས་གཞན་སེམས་མ་བསླུས་ཀྱང་།།
རྣམ་ཤེས་རྟེན་དུ་བཞུགས་པའི་བློ་ལྡན་དེས།།
ནང་གི་བསམ་པ་ཇི་བཞིན་རྟོགས་པ་ལ།།
བསོད་ནམས་ཆེན་པོའི་འབྲས་བཟང་སྨིན་དགོས་སམ།། ༢༠༢༣\ ༤\ ༡༩\ ཉིན་རྨ་པྲཛྙཱ་ནས།
࿑ལྷ་ཡི་སྤྱན་ཟུང་མིན་ན།།
འདི་འདྲའི་མཛེས་པའི་མིག་ནི།།
གཞན་ཞིག་སུ་ལ་མངའ་ན།།
རྫུ་འཕྲུལ་སྟོབས་ཀྱིས་བསྐྲུན་འདྲ།།
བཟོ་བོ་བི་ཤཱ་ཀརྨ།།
མི་ཡུལ་ཁམས་ལ་བྱོན་ན།།
པིར་གྱིས་རེ་ཟུང་བྲིས་ཆོག།
དེ་མིན་སྲིད་མཐའ་ཙམ་རེད།། ࿐རྨ་པྲཛྙཱ་ནས།
འདི་འདྲའི་མཛེས་པའི་མིག་ནི།།
གཞན་ཞིག་སུ་ལ་མངའ་ན།།
རྫུ་འཕྲུལ་སྟོབས་ཀྱིས་བསྐྲུན་འདྲ།།
བཟོ་བོ་བི་ཤཱ་ཀརྨ།།
མི་ཡུལ་ཁམས་ལ་བྱོན་ན།།
པིར་གྱིས་རེ་ཟུང་བྲིས་ཆོག།
དེ་མིན་སྲིད་མཐའ་ཙམ་རེད།། ࿐རྨ་པྲཛྙཱ་ནས།
✋热门推荐