ན་མོ་ཨརྱ་ཏཱ་རེ་ཡེ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་དགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཊད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམས་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་བའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམས་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱི་རྡུང་མ། །ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོལ་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རྣམ་པར་འགེམས་མ། །ཡི་གེ་བཅུ་བའི་སྔགས་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེ། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་གྲགས་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །

ཅི་ལ་བབ་ཀྱང་བདག་གིས་ནི། །
དགའ་བའི་ཡིད་ནི་དཀྲུགས་མི་བྱ། །
མི་དགའ་བྱས་ཀྱང་འདོད་མི་འགྲུབ། །
དགེ་བ་དག་ནི་ཉམས་པར་འགྱུར། །


——རྒྱལ་སྲས་ཞི་བ་ལྷས། ​ https://t.cn/A66qaTix

༼སྨན་པ་གྲྭ་ཚང༽་ཟེར་བའི་བརྩམས་སྒྲུང་འདི་ནི་དང་ཐོག་སོག་པོ་ཞིག་གིས་སོག་ཡིག་ཐོག་བརྩམས་ཤིང་རིམ་པར་རྒྱ་ཡིག་ལ་བསྒྱུར་དེ་ནས་བོད་ཡིག་ལ་བསྒྱུར་བ་ཞིག་རེད་འདུག བརྗོད་བྱ་ནི་ཡོན་རྒྱལ་རབས་ཀྱི་མཇུག་དང་མེན་རྒྱལ་རབས་མགོར་ཡོན་གྱི་རྒྱལ་ས་མེ་སྐྱོན་བྱུང་ས་ནས་སྲུང་སྐྱོབ་བྱས་པའི་གསང་བའི་སྨན་གཞུང་ཞིག་གི་སྐོར་རེད་འདུག སྨན་གཞུང་དེ་ཉིད་རིམ་གྱིས་སྨན་པ་གྲྭ་ཚང་ཟེར་བའི་གསོ་རིག་སློབ་སྦྱོང་དང་ཕྱག་ལེན་གནང་སའི་དགོན་པ་ཞིག་ཏུ་གསང་བའི་ཐོག་ནས་བདག་དམ་ཉར་ཚགས་ཡུན་རིང་བྱས་པར། དེ་ལ་མང་པོ་ཞིག་གིས་དེ་ཉིད་སྒེར་ལ་ཐོབ་འདོད་ཀྱིས་འགྲམ་ཆུ་ལྷུག་ལྷུག་ཤོར་ནས་ཐབས་བརྒྱ་ཇུས་སྟོང་མང་པོ་བཀྲམ་པ་དང་། མཐར་སྨན་པ་གྲྭ་ཚང་གང་དེས་སྨན་གཞུང་བདག་གཉེར་གྱི་གསང་རྒྱ་ཡོངས་སུ་བཀྲོལ་ནས་གྲྭ་ཚང་ཡོད་ཚད་འཚོག་ས་ནས་སོ་སོར་བཤུ་འབྲི་བྱེད་དབང་ཐོབ་པ་དེས་སྔ་ཕྱིར་སྨན་གཞུང་ལ་བརྟེན་ནས་བྱུང་བའི་ཕྱི་ནང་གི་འགལ་བ་རྣོ་ངར་ཅན་མང་པོ་ཞིག་བྱེ་ཚན་ལ་ཁ་བ་ཐིམ་པ་བཞིན་རང་ཤུགས་ཀྱིས་ཞི་འཇགས་ལ་སོང་ཡོད། མདོར་ན་དེབ་འདིའི་ནང་སྨན་པ་གྲྭ་ཚང་གིས་སྨན་གཞུང་ཉར་ཚགས་བྱས་པའི་ཐོག་མཐའ་བར་གསུམ་དང་གྲྭ་ཚང་གི་གྲྭ་པ་རེ་རེའི་ཐུགས་གཤིས་དང་ནར་མའི་སྤྱོད་པ་གནང་སྟངས་སོགས་བྲིས་ཡོད་དོ། ། བརྩམས་སྒྲུང་འདི་ཉིད་ཀློག་དོན་གང་ཡིན་ན་སོག་བོད་གཉིས་ཧ་ལམ་འཚོ་བ་སྐྱེལ་སྟངས་གཅིག་པ་དང་། དེ་བཞིན་དུ་ཡུལ་སྲོལ་ཡང་འདྲ་བའི་ཆ་མང་བ། ལྷག་པར་དུ་དགོན་པའི་འགྲོ་སྟངས་གཅིག་པ་ཡིན་པ་བཅས་ཀྱིས་ཀློག་སྙིང་སྤྲོ་བ་ཞིག་ཏུ་མཐོང་ལ། དེའི་ཁར་བརྩམས་ཆོས་འདི་ཉིད་བོད་ཡིག་ཏུ་བསྒྱུར་བ་ཡང་ཁ་གསལ་ལ་ཀློག་བདེ་བའི་ཁྱད་ཆོས་ཡོད་པ་བཅས་ཀྱིས་ཡིན་ནོ།། [Coffee]


发布     👍 0 举报 写留言 🖊   
✋热门推荐
  • 有人总以为对方是孤独的,人家在把酒言欢高谈阔论,他还觉得人家孤独,说是精神上的孤独;也有人总惦记着她对自己的真,人家跟其他人撒娇调情打嘴炮,他觉得这都不是她真实
  • 于是,有了我们看到的视频《再也不上学了,我要混社会》这个视频的标题就是管理员们未成年时候的心声吧。没有人是完美的,得到机会去呈现这样一个性格突出又让人头疼的女孩
  • #健身# 手臂力量是上半身训练初期最重要的一个力量群, 如果一个体能训练者在初期和中期不注重手臂力量强化, 那么后续对于超高强度的训练将会有巨大的影响 下面一共
  • 基本案情原告某物业公司德州分公司向山东省德州市德城区人民法院起诉称,2018年4月19日,原告与被告陶某签订了物业服务协议,约定由原告对被告所有的房屋进行物业管
  • !!
  •   由此,尽管西安新房、二手房价格在统计中仍有上涨,但考虑到数据统计有一定滞后,业内人士认为,随着市场降温和成交量下滑,未来有可能带动房价,尤其是二手房价格先行
  •   10月1日为集中出行时间,绵阳周边高速收费站会不定时关闭,各出城通道绵梓路(S205桥下至仙海段)、绵江路(全路段)、绵三路(丰谷段、芦溪段)、绵盐路(松垭
  • 捕蝇只好另外想了一个办,另找了一条路,以比较高的速度飞行,希望它的跟不上爱情失恋分复合桃花运年运事业运年运桃花姻缘事业财运学业 ?超级准。
  • 资本下场全平台删帖控评,真的要吃人啊还悄无声息得吃人[怒][怒][怒]做一个热衷搞cp的,从来都没有这么讨厌过一家CP,十周批真的隔应死人了,也不知道是混了多少
  • 是以昏礼纳采,问名,纳吉,纳征,请期,皆主人筵几于庙,而拜迎于门外入,揖让而升,听命于庙,所以敬慎重正昏礼也。是以昏礼纳采,问名,纳吉,纳征,请期,皆主人筵几于
  • 所以说,一个人如果有气度包容身边的人和事,生活必定也不会亏待这般有雅量的人,待人厚道一点,让善念扩散一些,自然而然就是鸿福将至,好命也会常伴一生。 不为什么,只
  • 正能量就是人性的光辉,在大地间传递的那份力量。日期:2021.10.25星期一农历:九月二十‍♀️事由:宁美 · 抗衰美肤——开业体验价➕双十一活动叠加 (活
  • 在此友情提示家里有人过世一定要提前找专业的懂阴宅的风水师找个风水宝地,一个好的风水宝地对子孙后代的影响非常大,俗话说,祖坟冒青烟,没有一个好的阴宅风水,家里不可
  • #陕西理工大学[超话]##为什么中国人打招呼喜欢问吃饭了吗# 这与英国人见面聊天气一样,找一个中性的不冒犯的话题,而且这个话题比天气的好处是进可攻退可守,能主动
  • 我们必须把真如本性的家建立起来,才有资格调伏烦恼,导归净土,导归菩提,才有所谓的调伏力,引导力的问题,你的心整天动荡不安,心中没有家,修行就很麻烦,永远进进退退
  • 就是我觉得我啥都不知道我就很烦。然后我就跟胖胖表达了我不是很开心。
  • 不要争争吵吵,其实一晃就老了,不要斤斤计较,时光属于你的越来越少了,和谁在一起轻松!舒服!就和睡在一起,听!最想听得声音,见!最想见的人。生活不简单,尽量简单过
  • | XIANHUI & YUHUI 为了来一场真正意义上的first look 新郎新娘连婚纱照都没有去拍 在新郎转身的那一刻 看到的是这个世界上最
  • 好久没有给南航打电话了,昨天被取消行程,迫不得已打了一次, 果然是“渣南”啊! 原定的往返三段飞行,昨天通知取消了返回一段。 然后就发现南航的电话客服非常
  • 长长的回廊,青春笑声入耳 恍惚中一个擦肩,因你而怦然心动 情不知所起,一往而深。 一场一场又一场 谋划的相遇是我 深情的凝视是我 荒唐的告白是我 是我是我还是我