ལྕེ་བཙུན་སྙིང་ཏིག་ལས།
དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ།ཞེས་གསུངས།
《杰珍心滴》:
三世一切佛陀之本体上师如意宝知,祈祷加持成熟、解脱我相续,祈祷加持相续生起圣道之殊胜证悟,祈祷加持即生究竟光明大圆满胜道。

ན་མོ་ཨརྱ་ཏཱ་རེ་ཡེ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་དགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཊད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམས་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་བའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམས་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱི་རྡུང་མ། །ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོལ་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རྣམ་པར་འགེམས་མ། །ཡི་གེ་བཅུ་བའི་སྔགས་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེ། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་གྲགས་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །[泪]

ངམ་ཤོད་ཨོ་ཀར་བྲག
༡ ཨོ་ཀར་བྲག་ནི་སངས་རྒྱས་དངོས་དང་མཚུངས་པའི་བླ་མ་ཨྱོན་རིན་པོ་ཆེ་དང་འཇམ་མགོན་ཙོང་ཁ་པ། གཏེར་ཆེན་རྡོ་རྗེ་གླིང་པ། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ཀྱི་སྒྲུབ་གནས་གལ་ཆེན་ཞིག་ཡིན་ཚུལ། བཀའ་ཐང་སོགས་རྣམ་ཐར་ཁག་ན་གསལ་བཞིན་པ་ལྟར་ཡིན་ལ།
གནས་འདི་ནི་རི་མཐོ་ཞིང་། ཤིན་ཏུ་དབེན་ལ་ཁམས་དྭངས་པ་ཞིག་ཡིན་ལ། དེང་སང་ནི་དེ་བས་མི་མེད་ལུང་སྟོང་གི་ཡང་རྩེ་འཇིགས་ཟིལ་བ་ཞིག་རེད།
༢ གནས་འདིའི་མིང་གཞན་ལ་གནམ་ལྕགས་བྲག་ཞེས་ཀྱང་ཟེར་ཏེ། སྨིན་གླིང་གཏེར་ཆེན་གྱི་གཏེར་བྱུང་ལོ་རྒྱུས་ལས་གནམ་ལྕགས་བྲག་གི་གཏེར་ཁ་བཞེས་ཚུལ་གསུང་སྐབས་ཨོ་དཀར་བྲག་གི་གཏེར་བླངས་ཚུལ་གསུངས་པ་མ་ཟད། གནས་འདི་ནས་བཞེས་པའི་རྡོར་སེམས་ཀྱི་ཆོས་སྐོར་ཚང་མའི་མཇུག་ཏུ་ངམ་ཤོད་གནམ་ལྕགས་བྲག་ནས་བླངས་པའོ་ཞེས་གསལ་བས་སོ།།
༣ གནས་འདིར། གུ་རུའི་སྒྲུབ་ཕུག །མཚོ་རྒྱལ་སྒྲུབ་ཕུག །རྗེ་རིན་པོ་ཆེ་སྒྲུབ་ཕུག །གཏེར་ཆེན་སྒྲུབ་ཕུག་སོགས་ཡོད།


发布     👍 0 举报 写留言 🖊   
✋热门推荐
  • 我一生的日子美丽而坚硬。我一生的日子美丽而坚硬。
  • 我伪装说谎,人们就传说我说谎。沈阳隆鼻投稿:鼻子效果,我是超级满意的哦,用我妈的话来说,像是娘胎里带出来的一样,我就当我妈是在夸我做的自然了哈沈阳眼综合、沈阳面
  • 一个自认为是闺蜜的人今天给我发消息说她觉得自己活到现在连个朋友都没有问了句原来我不是呀没有得到任何回答那一刻什么心情说不出现在好像也没有那么想说了人都是相互的,
  • 我经常想,是ALL这个冠军推动了这一切发生,如果那年夏天还是FNC夺冠,欧洲赛区的历史可能是另一个走向,FNC不一定会这么散出去。2015年冬,Jankos和V
  • ” ——《时间的礼物》 2021.5.13康泰生物交流纪要2021/05/31主题:小范围交流时间地点: 2021/05/12 出席人员:康泰生物证券投资中心整
  • 这也是孔先生初遇了凡先生,就决定把《皇极经世书》的学问悉数相传的原因。也正因为知道了凡先生是个怎样的人,所以孔先生才会说“数该传汝”。
  • 他们经历了那么多磨难和误会,五老师终于逮到夏油了,夏油也跑不掉了,他们终于能坦诚地面对彼此,成年人的和解就需要love love的亲密接触啊!我不是小孩子了,也
  • 然而,即使是国际领先的Waymo,仍然面临着巨大的挑战,根据美国兰德公司的数据,证明自动驾驶车辆导致的交通事故死亡率比人为驾驶低,至少需要50亿英里的实际道路测
  • 商铺是一方面了,更多的是财务自由➕文艺。因为读书少的缘故,我也想不到什么词语形容整体的感觉,反正乱七八糟的东西真TM多,人也是少,很适合谈事情和疗愈了。
  • Canto e ballo per teIl pass di Jianmen e'la tua profonda scomparsa per me.Lungo
  • 我们通过念《行愿品》不要说去做一个像普贤菩萨这样的人,就是你对“修行无倦经劫海”发一点愿:我能够“修行无倦经劫海”多好啊!不要说成佛那么遥远,就是现在做一点点好
  • #遛娃地打卡# 快乐是行走的动力,带着宝宝一起去逛逛“行走的记忆”展吧~✨逛完这个儿童艺术画展,其实感触还蛮深~这个展也是一个成长和分离的故事。✨很喜欢展览的一
  • 肖战主演的电视剧斗罗大陆特效好看,剧情饱满,适合全家老少一起看肖战平安喜乐 肖战顺顺利利 肖战星途璀璨 肖战正能量艺人 肖战红红火火 我喜欢肖战 我喜欢肖战
  • 因为爱吃辣条,不仅在自己的社交平台上炫耀自己有辣条吃,还把辣条推荐给了赵又廷,就连赵丽颖也说林更新送给她的见面礼都是辣条。因为爱吃辣条,不仅在自己的社交平台上炫
  • 你是我疲惫生活的希望与糖。 你是人间烟火不自知,我在俗世仰望应如是。
  • ——汪曾祺23.优于别人,并不高贵,真正的高贵应该是优于过去的自己。感情真的不是游戏,虽然一直对爱有所期待,但我期待的是认认真真的爱情。
  • “我是写不了泰山的,因为泰山太大。山自山,我自我,不能达到物我同一,山即是我,我即是山。
  • 感觉就像荷花一般出淤泥而不染,濯清涟而不妖,还未接触到社会,没有利益没有复杂人际关系非常纯粹!!
  • 记者了解到,下一步,洛阳济源将在前期洛济深度融合发展基础上,进一步细化实化了规划、基础设施、产业、文旅、公共服务、生态等6大领域的融合发展举措,确保洛济深度融合
  • “此前一头小猪的进价就将近2000元,现在一头肥猪的售价也才2000多元,与此同时饲料成本也上涨了许多,像玉米的价格从1800元左右一吨涨到了2700元左右一吨