#微博[超话]# ༄༅། །བཀའ་གདམས་དགེ་བཤེས་པོ་ཏོ་བའི་གདན་ས་པོ་ཏོ་དགོན།

        འཕན་ཡུལ་དུ་ཡོད་པའི་བཀའ་གདམས་དགེ་བའི་བཤེས་གཉེན་གྱི་གནས་གཞི་བདུན་ཏེ། པོ་ཏོ་དགོན། ཁམས་ལུང་དགོན། སྣེའུ་ཟུར་དགོན། ཀ་མ་དགོན། ཤར་དགོན། གླང་ཐང་དགོན། ལྕགས་རི་དགོན་བཅས་ཀྱི་ཡ་གྱལ་པོ་ཏོ་དགོན་ནི། དུས་རབས་བཅུ་གཅིག་པར་དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱིས་ཕྱག་བཏབ། དགེ་བཤེས་པོ་ཏོ་བའི་དབྱར་གྱི་གདན་ས། གྲུབ་མཐའ་བཀའ་གདམས། ས་གནས་ལྷུན་གྲུབ་རྫོང་སུམ་འཕྲེང་ཤང་སེང་གེ་གྲོང་ཚོའི་ཁོངས་སུ་ཡོད།
དགོན་པ་བཏབ་སའི་ས་ཆ་དེ་དབྱིབས་ན་ཁའི་པོ་ཏོ་འདྲ་བའི་ཆ་ནས་བཏགས་ཤིང་། དགོན་མིང་དགེ་བཤེས་ལ་བཏགས་པས་པོ་ཏོ་བ་ཞེས་གསོལ། 
བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་རིན་ཆེན་གསལ་གྱིས་སྐབས་འདུས་སྡེ་སྟོང་ཕྲག་སྐོར་འདུས་ཤིང་ཆོས་སྤྱོད་འཕེལ་རྒྱས་སུ་བྱུང་ཀྱང་། སླར་ཇེ་ཉམས་ཀྱིས་བཙུན་དགོན་དུ་སོང་བས་བླ་རབས་ཀྱང་ངེས་པ་མ་རྙེད། ཕྱིས་སུ་འཕན་པོ་དགའ་ལྡན་ཆོས་འཁོར་དགོན་གྱི་བླ་རབས་ཀྱིས་སྐྱོང་ཞིང་བསྒྲུབ་ཆོག་ཀྱང་མི་འཁྲུགས་ལྷ་དགུའི་ཆོ་ག་དང་། སྤྱན་རས་གཟིགས་ཕྱག་བཞི་པའི་ལས་བྱང་གི་སྒོ་ནས་བསྒྲུབ་མཆོད་དང་གཤིན་ཆོག་སོགས་གཏོང་བ་དང་། རྒྱལ་བ་ལྔ་པའི་སྐབས་བཙུན་མ་བཞི་བཅུ་སྐོར་ཡོད་པ་སྡེ་སྲིད་ཀྱིས་བེེཌཱུརྱ་སེར་པོ་ལས་གསུངས། ད་ལྟ་བཙུམ་མ་ཉི་ཤུ་ཙམ་བཞུགས་སོ།།
ནང་རྟེན་དུ་སྤྱན་རས་གཟིགས་ཀྱི་སྐུ་རྙིང་པ་ཞིག་དང་། བཀའ་གདམས་མཆོད་རྟེན་རྙིང་པ་ཞིག་དང་། པོ་ཏོ་བའི་ཐུགས་དམ་གྱི་རྟེན་དུ་གྲགས་པའི་ཨ་རང་བྱུང་བཅས་དང་། གསར་དུ་བཞེངས་པའི་ཇོ་རྔོག་འབྲོམ་གསུམ་དང་། དགེ་བཤེས་པོ་ཏོ་བ། རྗེ་ཡབ་སྲས་སོགས་ཀྱི་འདྲ་སྐུ་མཇལ་རྒྱུ་ཡོད། དགོན་པའི་ཤར་ལྷོའི་ཕྱོགས་སུ་བྱང་ཆུབ་མཆོད་རྟེན་གཉིས་དང་། ཆོ་འཕྲུལ་མཆོད་རྟེན་གཅིག། རྣམ་རྒྱལ་མཆོད་རྟེན་གཅིག། ད་དུང་ཁང་བུའི་མཆོད་རྟེན་གཅིག་བཅས་བསྡོམས་མཆོད་ལྔ་ཡོད། དེའི་ནང་གི་མཆོད་རྟེན་གསུམ་ནི་དགེ་བཤེས་པོ་ཏོ་བས་བཞེངས་པ་དང་། གཉིས་ནི་རྗེས་སུ་པོ་ཏོ་བའི་བུ་སློབ་རྣམས་ཀྱིས་དགེ་བཤེས་པོ་ཏོ་བའི་སྐུ་རུས་གཟུངས་བཞུགས་སུ་ཕུལ་ཏེ་བཞེངས་པ་གྲགས་སོ།། །།
མི་ཡི་ཤ་ཚུགས་ཕྱུགས་ཀྱི་འདུ་ཤེས་ཅན་ཚེ་རྣམ་གྱིས་སྤེལ།

ཐེངས་འདིའི་འགྲུལ་བཞུད་མཇུག་རྫོགས་པར་རི་ཆུའི་མཛེས་སྡུག་དང་། ཡུལ་ལྷ་ཞལ་དཀར་དེའི་དུང་སེམས་བརྩེགས་པའི་ཁ་བའི་མེ་ཏོག་སྩལ་བ་སོགས། མདོར་ན། མ་སྐྱིད་པ་དང་མ་དགའ་བའི་བྱ་བ་སྣ་གཅིག་ཀྱང་མེད་པ་འདི་བཀའ་དྲིན་ཆེན་པོ་རེད། དེ་བས་ཐེངས་འདིའི་དགའ་དུང་གི་དབྱིངས་ན་འདྲེས་པའི་སྤྲིན་པ་འཕྱོ་བའི་མཚར་སྡུག དྭངས་ཤིང་གཙང་བའི་མཚེའུ་ཕྲན་[微风]ལ་འཆར་བའི་ལྡོག་གཟུགས སྲོད་ཁའི་གྲིབ་གཟུགས་ཀྱིས་བསྐྱལ་བའི་དྲན་པ། གོམ་བགྲོད་སྟོང་ཕྲག་ཁ་ཤས་ཀྱིས་འཇལ་བའི་རི་བོའི་ལྕོག་དང་། ནེམ་ཤར་རྩྭ་ལྗང་གིས་འཁྱུད་པའི་མཛའ་དུང་། བྱ་ཚོགས་དང་རྦབ་ཆུའི་སྙན་དབྱངས། སྨུག་པའི་ཆར་སིམ་ལ་ཐིམ་པའི་གཞས་དབྱངས། གུར་ཆུང་རླུང་ཁ་ནས་འགྱིང་བའི་དཔའ་ཉམས། འོ་ཇའི་བཏུང་བ་དང་ཞོ་ཡི་རོ་བཅུད། ཕྱིར་ཇའི་བྲོ་བ་དང་ཇ་ཡི་རང་མདངས། ལམ་ཁའི་དར་ལྕོག་དང་རི་ཁའི་ལབ་ཙེ། སྤང་ན་བག་ཕེབས་སུ་རྒྱུ་བའི་རྟ་ནོར་ལུག་གསུམ། རི་ཆུ་ནགས་གསུམ་གྱི་མཛེས་སྡུག་བཅས་ཀྱིས་འུ་ཅག་ལ་སྣང་བ་རང་བཙན་པ་ཞིག་གི་མྱོང་སྣང་བྱིན་པའི་གཏམ་རྒྱུད་དེ། ངས་ངག་ཐོག་ནས་བརྗོད་ཐུབ་པ་ཞིག་དང་། ཡིག་ཚོགས་ལ་བསྟར་ནས་སྨྲ་བཏུབ་པ་ཞིག་མིན་ཡང་རྣམ་པ་གཉིས་ཀྱི་ཐུགས་ཡིད་རིང་ནས་དགྱེས་ཞིང་། མུ་ནས་འདི་དང་འདི་ལྟ་བུའི་ཡུལ་བསྐོར་ལ་དགའ་ཞིང་། སྤྲོ་སེམས་ཀྱིས་འཚོ་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ།།#黄南夏琼山#

རྒྱ་ས་མཚན་ཉིད་དྲུག་ལྡན་ནི། དང་པོ་ས་ཡི་སྤྱི་ཁོག་ཕུབ་པ། གཉིས་པ་ས་དངོས་ལྟ་བར་བྱེད་པ། གསུམ་པ་འབྱུང་ལྔའི་རི་ངོས་བཟུང་བ། བཞི་པ་འབྲུག་གི་རི་རྒྱུད་བཙལ་བ། ལྔ་པ་ས་མིག་དངོས་ལ་ཚང་དགོས་པ། དྲུག་པ་གཏད་ཡུལ་མདུན་དཔལ་ཚང་བ་བཅས་སོ། ལག་ལེན་དངོས་ལ། ༡ སྤྱིར་ས་ལ་ སྐྱོན་གསུམ་བྲལ་ཞིང་དགེ་བཅུ་ཚང་བ། ༢ བྱེ་བྲག་བསྡུས་དོན་ཉེར་དྲུག་ནི་འབྱུང་རི་ངོས་བཟུང་ལ་ཉལ་དང་ ལང་བའི་རི་ཤིང་མེ་ས་ལྕགས་ཆུ་ལྔ། ༣ འབྲུག་རྒྱུད་ལ་ ཡང་མྱེས། ཀུའི། འབྲུག་རྒྱུད་དངོས། མེས་པོ། ཕ་ཡི་རི། མདོ་འགག གུར། ར་བ། སྒོ་སྲུང་། སྲོག་བཞི་ཚང་བ་བཅས་བཅུའོ།། ༤ ས་མིག་དངོས་ལ། ས་ཡི་རྫོང་བཞི། རྩྭ། ས་མིག ཁ། ལག་པ། གྲ་མ། འབྲུག་གི་དབུགས་བཅས་རྣམ་གྲངས་བདུན་ནོ།། ༥ མདུན་གྱི་ས་དཔལ་ལ། བརྔན་རི། ཀྭ་བན། མདུན་རི། ར་བ་བཅས་བཅས་བཞིའོ། འདི་ལྟར་ས་གཅད་རེ་རེ་བཞིན་དེད་ན་ངེས་ཆ་ཆེ།


发布     👍 0 举报 写留言 🖊   
✋热门推荐
  • 午后就一直在Y9下方活动,尾盘未能收上Y9.因此,明日大盘大概率会到3300,希望在此能止跌。因此,在日线级别的反弹时,注意逢高减磅,千万不要上了gjd“老乡别
  • 挠得我心里痒痒的,像小兔子踩奶踩到了心里,虽然这个角色只有短短5分钟的片段,却让我感觉这个人就是这样真实可爱的存在于我们身边,我们蔡丁是个热血能干温暖逗比的唠叨
  • [色]对A2奶粉有兴趣的宝妈们可以看一下我今天的分享哦~[爱你]澳洲A2婴幼‮奶儿‬粉(1-4段)是全球唯‮一一‬个含100%天然A2 β-酪蛋白‮高的‬端配方
  • ”将杂念、妄想扫除,但觉察之心是不能灭除的,觉察之心的存在,才能觉察到“动心”的存在,由此而进入空的境界,在空的境界里达到专注,就是“凝”神,自然有定慧生出来。
  • 为方便市民节日期间就诊,现将各大医院门诊安排公布如下:  ●厦大附属第一医院:  2月11日-17日上午:大内科、皮肤科、耳鼻喉头颈外科、眼科、口腔科、儿科、神
  • 我未入过繁华之境,未听过喧嚣声音,未见过太多生灵,未有过滚烫心情,但书本给了我所有智慧和感情。我未入过繁华之境,未听过喧嚣声音,未见过太多生灵,未有过滚烫心情,
  • (真的有人完全不了解二次元,也有人完全不追星)没有共同话题,即使我想开口讲话对方也不接,并且觉得我在插话,加上不喜欢我在宿舍养一些奇奇怪怪的东西(寄居蟹)禁止了
  • 我俩的雨中情啊[允悲][允悲][允悲]PS:昨晚住酒店洗了个最近都没有洗过的澡[微笑] 简直不要太舒服[太开心] 让我的手机上了一个好久都没有上过的无线[微
  • 咖啡车应援后记[赢牛奶] ⋆。˚ 배우 임수정님 위한 커피차 서포트˚。⋆ 안녕하세요 당신의 소중한 별을 위한 특별한 선물, 카페오로라입니다 ⠀ ⠀
  • 终于,我懂得了台上台下皆是戏,没有人能够置身事外,风情在睫毛下闪烁,带走了岁月的清欢,只留下表面满目疮痍的繁华。#牛博[超话]# [微风]每一个人,都是尘世间的
  • 记录一下母上大人在魔都的最后最后一个晚上想吃点不一样的 似乎母上大人还没有体验过魔都的烧烤 好嘞!母上大人接口手指不灵活 要去踢键子[黑线][黑线][黑线]
  • !!
  • 科伊美代加工OEM ODM专业化妆品代加工生产厂家#化妆# 给您最优质的的服务[鼓掌][鼓掌]不只是护肤品,您想要的我们都有~快来咨询吧[太开心][太开心]
  • 5.做你喜欢做的事,上帝会高兴地帮你打开成功之门,哪怕你现在已经80岁了。3.你最愿意做的那件事,才是你真正的天赋所在。
  • 本穴位在食指上,为大肠经区域,经络技巧公众号提示一则大肠经循鼻而过,二则大肠与肝脏腑别通,肝经走鼻之内部(颃颡),故本穴调治鼻病甚佳,能通鼻塞,止鼻涕。此穴在食
  • #贺峻霖[超话]# #贺峻霖 十八长翎破青空# [哇]#贺峻霖 高音爱神# ✨今日话题✨贺峻霖最让你心动的性格特质阿霖最让我心动的性格特质应该就是“通透”俩字了
  • 喜欢走很多地方旅行和探店,做饭好吃,喜欢小猫,但是慢热偶尔会看话剧和看展,喝一点点酒,但是不蹦迪不混圈不抽烟,也绝对不会绿人喜欢浪漫和仪式感,时刻会记着老婆,只
  • 一条全是关于地名的冷冷冷冷冷冷冷知识的合集。 1.浙江丽水的丽,不读lì,读lí。 2.浙江台州、天台的台,不读tái,读tāi。 3.浙江嵊州的嵊,读音
  •    6 所以,我们一定要相信因果报应;不相信因果报应,果报现前的时候,后悔就来不及了!    7 恶道的因与果,佛在经论里头讲得太多了,我们要特别注意!这世间
  • 华纯然清醒精明,最后嫁给了皇朝,而傲娇小公主白琅华是恋爱脑,从小锦衣玉食娇生惯养,性格天真无邪,最后成为了青楼花魁,带着满腔遗憾而终。华纯然清醒精明,最后嫁给了