བསླུ་བྲིད།

ནག་ཆུ། སྙུག་སྲས།

བསླུ་བྲིད་དེའི་དབང་གིས
ངའི་འཇིག་རྟེན་དུ་རྨི་ལམ་གསར་པའི་ཕོ་བྲང་བཞེངས
སེམས་ཀྱི་སྒོ་གླེགས་ལྷོད་ཀྱིས་ཕྱེས་བའི་ཚོར་བ་ཞིག་གི་བ་དན་བཙུགས

སྒེའུ་ཁུང་ཕྱི་རོལ་གྱི་ནམ་མཁའ་སྟོང་བས
སྤྲིན་པ་ཡུག་གཅིག་དྲུད་དེ་ལོ་ཟླ་རིང་མོ་ཞིག་དལ་གྱིས་བཟས

དབྱངས་ཀྱི་སྐུད་པ་ཁྲ་ཁྲའི་སྣེ་མོར
སེམས་པ་དང་སེམས་པ་གླན་བའི་སྙིང་གཏམ་སྦས

སྲོད་ཀྱི་དྲན་པ་དེ་མཚན་གུང་གི་རྨི་ལམ་ཞིག་གི་གཏམ་རྒྱུད་བཞིན
ལག་པས་བསྙབས་ཆོག་པའི་ཁྱོད་ཀྱི་སེམས་པ་ལྟར

ཚིག་ཇ་ཁང་གི་སྒོ་དང་སྒེའུ་ཁུང
ནམ་མཁའ་སྟོང་པའི་སྒོ་དང་སྒོའུ་ཁུང
ཆང་རྐྱལ་བ་ཞིག་གི་སེམས་ཀྱི་སྒོ་དང་སྒེའུ་ཁུང

རླུང་གིས་བསྐྱོད་པའི་སྐྲ་ཡི་ལན་བུ་རེ་རེའི་སྣེ་མོར
དྲན་པ་ཐོགས་སའི་འོད་ཐིག་ཞིག་གི་མེ་ཏོག་བཞད

གཏམ་རྒྱུད་ཞིག་གི་མགོ་བརྩམས་པ
ཁྱེད་དང་ངའི་འཚོ་བ་ཞིག་གི་མགོ་བརྩམས་ཨེ་སྟངས་རེད

༧.༡༢.༢༠༢༢

དབུལ་གཙང་ཁུལ་གྱི་གནས་མཇལ་ཉིན་དང་པོ་ལ་གནས་མཇལ་དང་པོ་རྣམ་གླིང་རྫོང་ཁུངས་གི་དུར་ཆེན་བརྒྱ་དང་བརྒྱད་གིས་ཡ་གྱ་གཅིག་ཏེ་འཕུར་པོ་རི་བོ་ཆེ་(ཕུང་པོ་རི་བོ་ཆེ་ཡང་ཟེར་)དང་ ཤངས་དགའ་ལྡན་ཆོས་འཁོར་གླིང་ རིན་ཆེན་གླིང་ ཞང་ཞུང་རྡོ་རྗེ་གདན་

སྟག་སྣ་དགོན་ སྲིན་འདུལ་དགོན་བཅས་དྲུག་གིས་དགེ་བ་རྣམས་སེམས་ཅན་ཡོང་ལ་བསྔོའོ་།

དགོན་པ་མེད་ན་བཏབ་ཆོག་ལ།
ལྷ་སྐུ་མེད་ན་ལས་ཆོག
དཔེ་ཆ་མེད་ན་དཔར་ཆོག
འོན་ཀྱང་།
མང་ཚོགས་ཀྱི་དད་པ་ཉམས་ཚར་དུས་ཡོད་ཚད་མཇུག་རྫོགས་པ་ཡིན།

——ཀུན་གཟིགས་པཎ་ཆེན་རིན་པོ་ཆེས།

没有寺院,可以建;没有佛像,可以造;没有书,可以印。然而,当人们的信仰消失时,一切都结束了。

——贡赛班禅大师


发布     👍 0 举报 写留言 🖊   
✋热门推荐
  • 在别人眼中,我和丈夫都读过大学,工作不错,又在北京这样的大城市买了房,生了小孩,没有非走不可的理由。最早我们想建一个有机农场,抱着笔记本电脑和村里领导谈话,试图
  • 刘宇 ly 刘宇粉丝 ly粉丝 刘宇反黑站 刘宇后援会 刘宇粉丝后援会 刘宇身高 刘宇综艺 刘宇贴吧 刘宇商务 刘宇代言 流域 溾C 万C 小甜Cliuyu
  • #每一帧都认真# 生活总有一种治愈的美好#sun奇遇记# 拍摄设备:佳能EOS R6+rf24-70 f2.8,rf70-200 f2.8【藤萝月】 5 月 2
  • #宋亚轩[超话]##宋亚轩0304生日快乐# #宋亚轩十八踔厉风禾尽起# 十八岁的宋亚轩一定会是更强大更优秀的宋亚轩[爱你][爱你][爱你]虽然很舍不得17岁的
  • 但我想今天杨毛的很好。▲很多歌我都有最满意的版本。
  • 伍瑞德在接受采访中说,如新对中国的发展前景充满信心,在华投资力度持续增强,将通过创新提升产品和服务,满足中国消费升级的多元化需求。伍瑞德介绍,自2003年正式进
  • 世事千帆过,前方终会是温柔和月光这路遥马急的人间 你在我心里又何止好几年事事有回应 件件有着落 凡事有交代 是例外也是偏爱.我发现你一直住在我心里的某个角落,拿
  • #穆丝[超话]##穆丝377光钻面膜#璀璨“膜”力,敷出光感珍珠肌![嘿哈] #穆丝[超话]##穆丝377光钻面膜#璀璨“膜”力,敷出光感珍珠肌!
  • 我父母的求婚故事我没听说过呢,我只知道两位在同一个公司工作遇到的,具体爸爸怎么求婚就没有听说过了,我也突然好奇了呢,要不去问一下,我妈妈很害羞的,不知道问这些肯
  • A:选择这份鸡蛋的你,你很不喜欢动脑子,这份鸡蛋明显光滑很多,肯定敷过小鸡或者是被很多人挑选过。D:选择这份鸡蛋的你,你明年有连续不断的小财运来到你身边。
  • [赞啊][赞啊]诚信是道路,随着开拓者的脚步延伸;诚信是智慧,随着博学者的求索积累;诚信是成功,随着奋进者的拼搏临近;诚信是财富的种子,只要你诚心种下,就能找到
  • 高压固态软启动柜的技术特点及配置:1、免维护:可控硅是无触点的电子器件,不同于其他类型的产品需经常维护液体和部件等,把机械变为电子元件使用,连续运行数年也无需停
  • 香辣虾到店必点招牌菜,香辣虾是传统的做大,但只要虾够好,味道绝对能胜出,破店小酒馆就胜在了虾上,鲜嫩的龙虾,油炸的外脆里嫩,香浓的味道,嘎吱贼香。分享昌里路一家
  • #开始推理吧周四周五周六连更##周深开始推理吧#周可可,无敌漂亮的小可爱![送花花][春游家族]✨是在讨论分散时借【周嫑嫑小剧场】将整体拉回,兼顾大家心情的情商
  • Le plus haut organe disciplinaire du Parti communiste chinois (#PCC#) s'est enga
  • 善导大师之所以这样讲,是因为念佛人能够有“五种增上利益”的因缘,所以才能“延年转寿,不遭九横之难”。有一句话说“苦是入道因缘”释迦牟尼佛如果论富贵,是全国第一的
  • |小羊͏蓝羊͏蓝羊͏蓝 x pupupula 柔‮舒软‬适室‮鞋内‬推荐米粒‮入的‬园‮备准‬清单里,我‮她给‬准备了这双。理由1:孩‮们子‬自己穿‮的鞋‬时候
  • 将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。
  • 丹道学中所指先天之“炁”是潜藏的内气,而后天之“气”则着重指形于呼吸之气(外呼吸)故《入药镜》注:“藏则为惹,形则为气”。2、元气论认为,元气是人的生命与天地自
  • 我贪心的想用这样这个愿望来期待世界上所有美好的事情都可以发生在我身上,可是越长大一岁越发现这是不可能的,却依然希望保持以往幼时的快乐与无忧。在剧中他年纪偏大,悄