ཆོས་རིག་ལོ་རྒྱུས་ལ་དགའ་བའི་མི་རེ་འདུག་ན་འདི་ཚོ་ལ་གཟིགས་དང་ཁྱེད་ལ་སྔར་མེད་ཀྱི་བློ་བསྐྱེད་ཡག་པོ་ཞིག་ཐོབ་སྲིད།

པར་རིས་དང་པོ་འདི་གཉིས་ལ་ཡོངས་གྲགས་སུ་མཐོ་ལྡིང་ལྷ་ཁང་ཞུ་ལ། མིང་གཞན་ལ་མཐོ་ལྡིང་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ངམ་མཐོ་ལྡིང་གསེར་གྱི་ལྷ་ཁང་ཡང་ཞུ་ཞིང་། འདི་ནི་གུ་གེ་རྒྱལ་མཁར་གྱི་ཤར་ངོས་མཐོ་ལྡིང་གྲོང་དབུས་སུ་ཡོད་ལ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྦྱིན་བདག་བྱས་ཏེ་ལོ་ཆེན་རིན་ཆེན་བཟང་པོས་༩༩༦མེ་སྤྲེལ་ལོར་བཏབ། འདི་ལ་མཐོ་ལིང་ཞེས་བྲིས་པའང་འདུག །དགོན་འདི་བསྟན་པ་ཕྱི་དར་སྐབས་ཀྱི་མདོ་སྔགས་ཆོས་ཀྱི་མ་ཡུམ་ལྟ་བུའི་གལ་ཆེན་གྱི་གནས་ཤིག་ཡིན། མ་ཟད་སྟོད་འདུལ་གྱི་རྒྱུན་ཡང་གནས་འདི་ནས་སྤེལ་ཞིང་དཔལ་ལྡན་ཇོ་བོ་རྗེ་ཡང་ལོ་གསུམ་བཞུགས་པར་བཤད། ཕྱིས་གུ་གེ་མཁན་ཆེན་ངག་དབང་གྲགས་པས་དགེ་ལུགས་སུ་བསྒྱུར། དགོན་པའི་ནུབ་ལོགས་སུ་ལོ་ཆེན་གྱི་ཕྱག་ཕྲེང་བཞུགས་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་རྣམས་མཇལ་རྒྱུ་ཡོད། མངའ་རིས་རྩྭ་མདའ་རྫོང་ཁོངས་སུ་ཡོད།

པར་རིས་གཉིས་པ་འདི་གཉིས་ཟངས་རི་མཁར་དམར་ཞུ་ལ། མ་ཅིག་ལབ་སྒྲོན་གྱིས་རབ་བྱུང་གཉིས་པའི་ཤིང་གླང་སྤྱི་ལོ་༡༡༤༥ལོར་ཕྱག་བཏབ། དེ་ཡང་སྐྱོབ་སྟོན་བསོད་ནམས་བླ་མས་མ་ཅིག་ལབ་སྒྲོན་ལ་བྲག་རྡོ་ཞིག་ཆུར་བསྐུར་ཏེ་འདི་གང་དུ་ཁུར་ན་དེར་ཁྱོད་ཀྱིས་དགོན་པ་ཞིག་ཐོབ་གསུངས་པར། བྲག་རྡོ་དགོན་དེའི་མདུན་གྱི་གཙང་པོའི་ནང་དུ་འཁར་སྟབས་དེ་དང་ཉེ་བའི་རི་སྟེང་དུ་ད་ལྟའི་མཁར་དམར་དགོན་བཏབ་སྟེ་གཅོད་ཀྱི་སྲོལ་གཏོད། ནང་ཆོས་ཐམས་ཅད་རྒྱ་གར་ནས་བོད་དུ་དར་བ་ཡིན་ཀྱང་།བོད་ཆོས་རྒྱ་གར་ལ་ཕར་དར་བ་ནི་མ་ཅིག་གི་གཅོད་རྒྱུན་ཡིན་ཞེས་གྲགས། མ་ཅིག་གིས་དང་ཐོག་བཏབ་པའི་དགོན་པ་བཙུན་དགོན་ཡིན་ཡང་རྗེས་སུ་ཆུ་འགྲམ་གྱི་དགའ་སྒྲ་དགོན་ཆུས་འཇིག་རྗེས་དེར་སྤོས་པས་གྲྭ་དགོན་དུ་གྱུར། མ་ཅིག་གི་སྒྲུབ་ཕུག་དངོས་ལྷ་ཁང་སེར་པོའི་ནང་བཞུགས། ལྷོ་ཁ་ཟངས་རི་རྫོང་དང་འདབས་འབྲེལ་དུ་ཡོད།

པར་རིས་ལྔ་པ་འདི་ནི་འཁོར་ཆགས་དགོན་ཞུ་ལ། འཁོར་ཆགས་དགོན་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷས་ཁང་ནི་མངའ་བདག་འོད་སྲུང་གི་གདུང་རྒྱུད་འཁོར་རེས་བཞེངས་ཤིང་། ལྷ་བླ་མ་བྱང་ཆུབ་འོད་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ། འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས། ངོར་ཆེན་ཀུན་དགའ་བཟང་པོ། ངོར་མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན། འཇམ་དཔལ་བསྟན་འཛིན་དབང་པོ། ངག་དབང་གཞན་ཕན་རྒྱ་མཚོ། འཇམ་མགོན་མཐུ་སྟོབས་ཆོས་ཀྱི་ཉི་མ་སོགས་ཀྱིས་རིམ་པར་བསྐྱངས་ཤིང་ཕྱིས་ས་ལུགས་མཛད། ངོ་མཚར་ཆེ་བའི་ལྡེབས་རིས་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞུགས། མངའ་རིས་སྤུ་རང་རྫོང་ཁོངས་སུ་ཡོད།

པར་རིས་དྲུག་པ་དང་བདུན་པ་འདི་གཉིས་ལ་འབྲི་གུང་མཐིལ་ཞུ་ལ། འབྲི་གུང་མཐིལ་འོག་མིན་བྱང་ཆུབ་ཆོས་གླིང་ནི་ཐོག་མར་ཕག་གྲུའི་སློབ་མ་གདམས་པའི་བུ་བཞིའི་ཡ་གྱལ་རྟོགས་ལྡན་མི་ཉག་སྒོམ་རིང་གིས་བཏབ་ཅིང་ཕྱིས་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ལ་ཕུལ། རབ་བྱུང་གསུམ་པའི་ས་ཕག་༡༡༧༩ལོ་ནས་འཇིག་རྟེན་མགོན་པོས་སློབ་ཚོགས་བསྐྱངས་ཏེ་བཞུགས་པ་ལས་འབྲི་གུང་བཀའ་བརྒྱུད་བྱུང་། དར་རྒྱས་སྐབས་དགེ་འདུན་འབུམ་ཕྲག་ཙམ་གྱིས་ཚུལ་ཤིང་ལེན་པ་ཡོད་པར་གྲགས། རྟེན་གསུམ་སྐོར་ལ། གསེར་ཁང་གཙུག་ལག་ཁང་། སྒོ་མང་གཙུག་ལག་ཁང་། རྟེན་འཛམ་གླིང་རྒྱན། ཨ་ཕྱི་ཁང་མགོན་ཁང་། བྲག་སླེ་སྐར་ཆུང་། འཇག་སྤྱིལ་སོགས་དང་། གྲགས་ཆེ་བའི་འབྲི་གུང་དུར་ཁྲོད་རྟ་ལྕག་སྟེང་ཀ་ཡང་དགོན་པའི་རྒྱབ་ལོགས་རི་སྒང་དུ་བཞུགས་ཤིང་། ས་གནས་ལྷ་སའི་མལ་གྲོ་གུང་དཀར་རྫོང་ཁོངས་སུ་ཡོད།

པར་རིས་བརྒྱད་པ་ཡོན་པོ་རྡོ་ཞུ་ལ། དགོན་དེ་ནི་རིག་འཛིན་ཆེན་མོ་མདོ་སྔགས་འབྱུང་གནས་ཀྱིས་ཕྱག་བཏབ། ཡར་འབྲོག་གཡུ་མཚོའི་དཀྱིལ་རི་འབུར་གྱི་ཁར་ཆགས་ཡོད་པ་དང་། དགོན་དེའི་མདུན་ངོས་མཚོ་ནང་དུ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཕྱག་གཡས་པའི་ཕྱག་རྗེས་གསལ་བ་ནི། ལེའུ་བདུན་མ་ལས་གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག་ཅེས་པའི་ནང་ཚན་ཞིག་ཡིན་པར་བཤད། ལྷོ་ཁ་སྣ་དཀར་རྩེ་རྫོང་ཁོངས་སུ་ཡོད།

པར་རིས་དགུ་པ་འདི་ཕུན་ཚོགས་གླིང་ཞུ་ལ། ཕུན་ཚོགས་གླིང་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་ནི་རྗེ་བཙུན་ཏཱ་ར་ནཱ་ཐས་རབ་བྱུང་བཅུ་པའི་མེ་ཡོས་༡༦༡༥ལོར་བཏབ། ཕྱིས་ལྔ་པ་ཆེན་པོས་དགེ་ལུགས་པར་བསྒྱུར་ཏེ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས། གཞིས་ཁ་རྩེ་ལྷ་རྩེ་རྫོང་ཁོངས་སུ་ཡོད།

པར་རིས་བཅུ་པ་འདི་ལ་་དགའ་ལྡན་དགོན་ཞུ་ལ། འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནི་རབ་བྱུང་བདུན་པའི་ས་གླང་༡༤༠༩ལོར་འཇམ་མགོན་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པས་བཏབ་སྟེ་རི་བོ་དགེ་ལྡན་པའི་བསྟན་པའི་དབུ་བརྙེས། ཚོམས་ཆེན་གཅིག་དང་ཤར་རྩེ་དང་། བྱང་རྩེ་གྲྭ་ཚང་གཉིས་ལས་གྲུབ། གནས་དེ་ནས་དགའ་ལྡན་ལྔ་མཆོད་དང་། དགའ་ལྡན་ཁྲི་པ་སོགས་ཀྱི་སྲོལ་བྱུང་། གླིང་བསྐོར་དུ་སོང་ན་རང་བྱོན་མང་པོ་མཇལ་རྒྱུ་བཞུགས་ཤིང་། ལྷ་སའི་སྟག་རྩེ་རྫོང་ཁོངས་སུ་ཡོད།

ཞོར་བྲིས།

མགུར།

སྲིད་པའི་ཕུན་ཚོགས་ཇི་སྙེད་མཆིས་པ།།
མིག་ལ་མཛེས་པ་ཅི་ཙམ་ཡོད་ཀྱང་།།
འཇའ་ཚོན་ཅི་བཞིན་དོན་གྱིས་སྟོང་ན།།
སྐྱོ་ཤས་ངེས་འབྱུང་ཅི་ལ་མི་སྐྱེ།།

མ་རིག་བདུད་མོའི་གཡོ་འཕྲུལ་ཆང་གིས།།
འགྲོ་རྣམས་སྡུག་གིས་བཟི་བ་བདེན་ན།།
ལྷག་མེད་མ་ལུས་འདྲེན་པའི་གཙོ་བོ།།
བྱང་ཆུབ་སེམས་མཆོག་ཅི་ལ་མི་སྐྱེ།།

ཆོས་ཉིད་བདེན་པའི་རང་ཞལ་མཛེས་པོ།།
མ་མཐོང་འཁོར་རྩ་གཅོད་པའི་དཔེ་མེད།།
ཆོས་ཀྱི་མཐར་ཐུག་ངེས་དོན་དབུ་མ།།
འདི་ཡིས་ཡོངས་སུ་མི་གྲོལ་གཅིག་མེད།།

དེ་བཞིན་ཡིན་ལུགས་ཁོང་དུ་ཆུད་ནས།།
ཐོས་བྱུང་ཤེས་རབ་འོད་ཆེན་སྤར་དགོས།།
བསམ་བྱུང་ཟབ་མོས་སྒྲོ་འདོགས་བཅད་ནས།།
སྒོམ་བྱུང་རྟོགས་པའི་མྱོང་བ་གདོན་དགོས།།

བྱང་ཆུབ་སྒྲུབ་ལ་གྲོགས་སུ་གྱུར་བ།།
ཕྱིན་དྲུག་གཞུང་དང་བསྡུ་དངོས་ཆོས་རེད།།
བྱང་སེམས་འཕགས་པའི་ཆེ་བ་མ་ལུས།།
འདི་རུ་འདུ་བས་སྦྱང་བ་གལ་ཆེ།།

ཀྱེ་མ་ཕྱིས་སུ་རང་གཞན་འགྲོ་རྣམས།།
སྡུག་བསྔལ་འཛད་མེད་འཁོར་བའི་གནས་སུ།།
མི་སྐྱེའི་ཐབས་ལ་འབད་པ་དགོས་ན།།
ཆོས་དབྱིངས་མཁའ་ལ་འཕུར་རྩལ་རྫོགས་དགོས།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་འདི་ཡང་གྲལ་མཐའ་བ་ལྡོང་རྒྱུད་ཕུན་ཚོགས་སམ་ལྡོང་བཙུན་པ་རུ་འབོད་པ་དེས་བདེ་འབྱུང་ནགས་ཁྲོད་དུ་བྲིས་པ་དགེ་གྱུར་ཅིག་གུ། ཛ་ཡནྟུ། ༢༠༢༣.༧.༡༥

ས་འཛིན་གཡུ་ཡི་མེ་ལོང་མདངས་མཛེས་ཞིང།།
སྤངས་ལྗོངས་སྟེང་ནས་མེ་ཏོག་འདབ་སྟོང་བཞད།།
དྲི་ཞིམ་བདུག་སྤོས་ཁྱབ་སའི་ཡུལ་ལྗོངས་དུ།།
དབྱར་གནང་དཔལ་ལ་རོལ་ཞིང་སེམས་ཁམས་སྤྲོ།།

●༢༠༢༣●-༧-༡༥-ཉིན།


发布     👍 0 举报 写留言 🖊   
✋热门推荐
  • 但是剔出这一切看事实,我相信四年前男方在事业发展上肯定很多地方不如女方(无论家境如何)但他一定一直在努力,收下女方送出的玛莎时他有没有感到压力或自卑不得而知,但
  • 店宝宝兼职的卖家一般来说要么是有着比较稳定不错的工作,要么就是纯属觉得好玩,想试试水。店宝宝全职卖家无非两种情况,第一种就是拼了所有,有点孤注一掷的感觉,不成功
  • 11.这路遥马急的人间,你我平安喜乐就好12.你总会迎来那束光,或早或晚。16、如果没有特别幸运 那就好好努力17、不论结局 有些人连遇见都是上上签了18、做好
  • #快乐日记10.131.下班后买了鸡爪和半只鹅,爸爸妈妈晚饭没有的吃,买点吃的父母补补2.网上买了牛肉干,忍不住买了牛肉干,下次不买了3.米粒宝宝会走路了,很棒
  • !!
  • 唯品会活动今天又更新了波司登、马克华菲等等,还有UGG、PUMA、Olay等都有噢波司登羽绒服,全场低至1.5折:THE SIMPSONS辛普森一家,潮牌专场
  • 小时候,一到冬天巷子里推着自行车叫卖苹果的很多,大人总会在一轮轮叫卖声和孩子期盼的眼神中沦陷,买一袋,15斤,2块钱,吃完了,又续上,那时候苹果是秋末到整个冬天
  • 好开心[丰收了][丰收了]一直觉得我不是二次元,但是看见coser在上面一起跳舞的时候真的好激动啊啊啊啊啊啊啊啊啊我好像是全场最激动的人啊啊啊真的好开心!我和阿
  • 觉得行就谈,不行就分开,不要试图改变对方,所以,小作文除了感动自己和让对方很烦之外,屁用没有。 觉得行就谈,不行就分开,不要试图改变对方,所以,小作文除了
  • [大笑]《长月烬明》白鹿和罗云熙的“前世之劫”即将开虐~待播的几部古装剧,你最期待哪一部呢?[大笑]《长月烬明》白鹿和罗云熙的“前世之劫”即将开虐~待播的几部古
  • ”就这么样,他不答他是年十七或者性十七;反问三祖:“您发已经白了,那么是您发白吗?我今付汝,勿令断绝:三祖就告诉他:“从前释迦牟尼佛,以没有再比这个高上的法眼,
  • 说实话,我压根不懂他怎么就和我在一起了,他当初夸我好看,实际上我充其量算长的不丑,所以人的审美还真是很微妙的一件事,而且我总觉得如果是因为长相接近,那他迟早也会
  • 伟创力珠海2022校园招聘正式启动再好的发展前景,若你不来了解,也不会知道。苏州华硕,瑞仪光电,昆山仁宝,昆山世硕,昆山立臻,苏州群光,苏州明扬,吴江精元,昆山
  • 只道是——相诉,是一腔智慧的互补;相映,是一阙优美的断章;相惜,是一种情意的升华;相念,是一份别样的美丽#杰森的句子##到何处寻旧人#人世间有一种爱,没有奢求,
  • 拍2件GAAR格安瑞瑰丽粉红变色润唇膏 29.9 [黑线] 【椒香榨菜炒肉丝】1.瘦肉洗净切丝加入盐、糖、鸡精、生粉用手抓匀后加入一勺玉米油搅拌均匀,腌制15分
  • 随后,报告对咖啡豆做了重点企业经营状况分析,最后分析了中国咖啡豆行业发展趋势与投资预测。报告目录第一章全球咖啡豆行业发展分析第一节 全球咖啡豆行业发展轨迹综述一
  • 【传许家印为项目“埋单” 境外债获展期逾三个月】多笔美元债派息到期未付的中国恒大(03333)有望稍为喘气,金融资讯供应商《REDD》引述恒大债券持有人称,一笔
  • 你们就在这里可劲儿造,可劲儿这里涂涂那里抹抹,看看杨紫会不会被你们影响,被你们黑。性子那么直爽一小姑娘被你们描摹的面目全非,也不知道那些一个劲儿带节奏的到底受谁
  • #情感# 想让男人把心交给你,高情商的女人,一般会用这“3个方法”女人天生情感细腻,所以在投入一段感情后也会非常地用心,总是付出自己全身心去对待那个爱的人,会
  • #左航ZH[超话]##左航 十六朝阳 霁月乘光# #左航 三代最强rap担# “青春的定义是朝阳日落,是少年走向阳光脚印” " .