ཁ་སང་།
བོད་རྒྱལ་ལོ་༢༡༥༠ལོའི་ཆོས་འཁོར་ཟླ་བའི་ཚེས་བཅུ་དང་བསྟུན་གསང་ཆེན་སྔ་འགྱུར་བའི་ཆོས་སྡེ་བྲག་ནག་དགོན་གྱི་བཤད་གྲྭ་བསླབ་གསུམ་དར་རྒྱས་གླིང་དུ་སློབ་དཔོན་དང་སྐྱོར་དཔོན་གྱི་མཚན་གསོལ་བའི་མཛད་སྒོ་བདེ་ལེགས་ཀྱི་ངང་ནས་མཇུག་ལེགས་པར་གྲུབ་སོང་། སྙིང་ནས་དགའ་བྱུང་།

རྒན་རྒྱའི་མཁར་ནང་ནི། དེང་གི་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ནས་བྱང་ངོས་ཀི་ལོ་མི་ཊར་ ༣༥ ཡི་མཚམས་སུ་ཡོད། བྱང་ངོས་རེབ་གོང་དང་ཉེ་ཞིང་། ལྷོ་ངོས་བླ་བྲང་དང་ཉེ་བ་ཡིན། ལོ་རྒྱུས་རྣམས་སུ་གསལ་བ་ལྟར་ན། མཁར་ཤུལ་འདི་ནི་སྔོན་དུས་མི་ཉག་རྒྱལ་རྒོད་ཀྱིས་མདོ་སྨད་ཀྱི་ས་ཁུལ་མང་པོར་མཁར་རྫོང་ཁ་ཤས་བཏབས་པའི་ནང་གི་གཅིག་ཡིན་པར་གསལ་ཡོད་ལ། གནས་འདི་ནི་གནའ་སྔ་མོར་མདོ་སྨད་ལྷོ་བྱང་བར་གྱི་འགྲིམ་འགྲུལ་ས་ཚིགས་གལ་ཆེན་ཞིག་ཡིན། བོད་དང་མི་ཉག རྒྱ་ནག་བཅས་ཀྱི་དམག་དོན་ཐད་འབྲེལ་བ་གལ་ཆེན་ཡོད་པའི་ས་གནས་ཤིག་ཀྱང་ཡིན་པར་བཤད་ཡོད།

བོད་སྐད་དུ་རྒན་རྒྱའི་མཁར་ནང་ཞེས་འབོད་ཅིང་། རྒྱ་སྐད་དུ་༼八角城༽ཟུར་བརྒྱད་མཁར་ཞེས་འབོད་ཀྱི་ཡོད་པ་ནི། མཁར་ཤུལ་འདི་བཞིན་མཁར་གྱང་གི་རྩིག་སྣེ་ཕྱོགས་མཐར་བརྐྱངས་རིམ་དེ་རྒྱ་གྲམ་གྱི་གཟུགས་སུ་ཡོད་པར་ཟུར་སྣེ་བརྒྱད་ཡོད་པའི་ཆ་ནས་བཏགས་པ་ཞིག་ཡིན་པར་བཤད། དོན་དངོས་སུ་མཁར་འདིའི་དབྱིབས་ནི་བོད་ལུགས་ཀྱི་གཡུང་དྲུང་རི་མོའི་གཟུགས་སུ་ཡོད་པ་ཞིག་ཡིན་སྟབས། དེང་རབས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་གཡུང་དྲུང་མཁར་ཞེས་ཀྱང་འབོད་ཀྱི་ཡོད།

དེང་སྐབས་མཁར་འདིའི་རྩིག་གྱང་གི་ཕྱི་ལྗོངས་རྣམ་པ་ལྷག་ཡོད་པ་འདིའི་ནང་། གྲོང་སྡེའི་རྣམ་པ་ཞིག་གཞིས་ཆགས་ནས་ཡོད་པ་ནི། ལོ་ཉིས་བརྒྱའི་ལོ་རྒྱུས་ཡོད་པ་ཞིག་ཡིན། དེ་ཡང་ལོ་ 200 གོང་ལ་འདིར་གཞིས་ཆགས་པའི་བོད་རིགས་དང་། ལོ་ 100 གོང་ལ་ཉིང་ཞ་ནས་འདིར་ཡོང་བའི་རྒྱ་རིགས་བཅས་དེང་སྐབས་ཁྱིམ་ཚང་ 70 ཡོད་པར་ཁྱོན་མི་གྲངས་ 500 ཡས་མས་ཡོད་འདུག

ལོ་རྒྱུས་རྣམས་སུ་གསལ་བ་ལྟར་ན། མི་ཉག་ནི་བོད་ཀྱི་རུས་ཆེན་བཞིའི་ནང་གི་ལྡོང་གི་རིགས་སུ་གཏོགས་པར་བཤད་ཡོད། མི་ཉག་རྒྱལ་རབས་ཟེར་བ་ནི་། ཕྱི་ལོ་ ༡༠༣༩ ལོར་ལྡོང་རིགས་ཚོ་སྐོར་ཁག་ཅིག་དེང་སང་ཉིན་ཞཱ་ཟེར་བའི་ས་ཆར་གཞིས་ཆགས་ནས་ཞིས་ཞཱ་ཟེར་རྒྱལ་སྲིད་བཙུགས་པ་ནས་བྱུང་བ་ཡིན། དེའི་ཆབ་འབངས་ནི། བོད་དང་། རྒྱ་རིགས། ཧོར་སོག་གི་རིགས་བཅས་འདུས་པའི་རྣམ་པ་ཅན་ཞིག་ཡིན་འདུག ཡིན་ནའང་། ཆོས་འབྱུང་མཁསད་པའི་དགའ་སྟོན་ནང་། སྲོང་བཙན་སྒམ་པོའི་བཙུན་མོ་རུ་ཡོངས་བཟའ་རྒྱལ་མོ་བཙུན་དེ་མི་ཉག་རྒྱལ་པོའི་བུ་མོ་ཡིན་པར་གསལ་བའི་མི་ཉག་གི་རྒྱལ་པོ་ནི་བཙན་པོའི་སྐབས་ཀྱི་རྒྱལ་ཕྲན་ཞིག་ཡིན་པ་ལས། ཕྱིས་ཀྱི་མི་ཉག་རྒྱལ་རབས་དེ་མིན། ཕྱིས་ཀྱི་མི་ཉག་རྒྱལ་རབས་ནི་ཕྱི་ལོ་༡༠༣༨།༡༢༢༧ བར་བྱུང་བའི་རྒྱལ་རབས་ཤིག་ཡིན་པ་དང་། སྔ་མ་ནི་ཕྱི་ལོ་༦༡༧།༦༥༠ བར་གྱི་བྱུང་བ་ཞིག་ཆགས་ཡོད།

དེང་སང་གི་ཉིན་ཞཱ་རྒྱལ་སར་བྱས་པའི་མི་ཉག་རྒྱལ་རབས་འདི་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་ནས་བཅུ་གསུམ་༡༠༣༨།༡༢༢༧བར་བྱུང་བའི་མི་ཉག་རྒྱལ་རབས་དྲུག་པ་མི་ཉག་རྒྱལ་རྒོད་དུ་གྲགས་པའི་རིང་ཕྱི་ལོ་ ༡༢༢༧ ལོར་ཧོར་ཇིང་གིར་གྱིས་རྒྱལ་སྲིད་འཕྲོགས་ཏེ་རྒྱལ་ཁབ་རྩ་ཐོར་དུ་ཕྱིན། ཧོར་གྱིས་མི་ཉག་བླངས་པའི་དགའ་སྟོན་གྱི་ཟླ་བ་ལ་ཧོར་ཟླར་གྲགས་པ་འདི་བྱུང་ཞིང༌། ད་ལྟའང་མདོ་སྨད་ཁུལ་དང་ཁམས་ཁུལ་མང་བོ་ཞིག་ན་ལི་ཐོ་རྩི་ལུགས་ཀྱང་འདི་དང་བསྟུན་ནས་ལོ་སར་གྱི་ཟླ་ཚེས་དབུས་གཙང་དུ་དར་བའི་རྩིས་ལུགས་དང་མི་མཐུན་པ་བྱུང་ཡོད།

གང་ལྟར། མི་ཉག་རྒྱལ་རྒོད་ཀྱི་རིང་ལ་མདོ་སྨད་ལྷོ་བྱང་གི་ཡུལ་དུ་བཙན་འཛུལ་དང་འཁྲུག་སློང་མང་བོ་བྱས་པའི་ངག་རྒྱུན་མང་ཞིང་། རྒན་གྱ། བསང་ཁོག་སོགས་བླ་བྲང་ཉེ་འཁོར་གྱི་རི་ལུང་དག་ན་མི་ཉག་རྒྱལ་རྒོད་སྐབས་ཀྱི་ཞིང་ས་ཡིན་པར་གྲགས་པའི་རྗེས་ཤུལ་མང་། དེ་བཞིན་ད་ལྟའི་རྒན་རྒྱའི་མཁར་ནང་དང་། གཞན་ཡང་། ཧོར་གཙང་དུང་རིའི་མདུན་ངོས་སུ་མཁར་ཤུལ་ཆེན་པོ་གཉིས་ཡོད་པ་དང་། རྒན་གྱའི་སུ་རུག་གི་རྒྱབ་ངོས་དང༌། རུ་ངན་གྱི་ཉེ་འགྲམ། བསང་ཁོག་བཅས་སུའང་མཁའ་ཤུལ་ཡོད་པ་འདི་དག་མི་ཉག་རྒྱལ་རྒོད་ཀྱི་མཁར་ཤུལ་ཡིན་པར་གྲགས། མཁར་འདི་དག་ནི་ཕྱི་ལོ་༡༠༣༨།༡༢༢༧གྱི་མི་ཉག་རྒྱལ་རབས་སྐབས་བྱུང་ཞིང་། དེ་ཡང་རྒྱལ་རབས་དྲུག་པ་མི་ཉག་རྒྱལ་རྒོད་སྐབས་བྱུང་བར་དཔག་ན། ཕྱི་ལོ་ ༡༡༢༧ ནས་ ༡༢༢༧ བར་བྱུང་བ་ཞིག་ཡིན་པར་ཚོད་དཔག་བྱས་ཆོག#八角古城##རྒན་རྒྱའི་མཁར་རྙིང་།#

༄༅། །སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་རྗེས་དྲན་གྱི་མགུར་ཚིག་དད་པའི་མེ་ཏོག་ཅེས་བྱ་བ།
མཁན་ཆེན་འཆི་མེད་རིག་འཛིན། 

ལྷོ་ནུབ་འོ་མའི་མཚོ་མོའི་མེ་ཏོག་གི་སྟེང་དུ། །
སྣང་མཐའི་ཐུགས་ལས་སྤྲུལ་པ་རིག་འཛིན་གྱི་སློབ་དཔོན། །
ང་ཅག་མགོན་དུ་ཐོབ་པ་སྟེས་དབང་གིས་མ་ཡིན། །
འབུམ་ཕྲག་སྐྱེ་བ་དུ་མའི་ལས་སྨོན་གྱིས་འབྲེལ་ཡོད། །

མི་མིན་མཁའ་འགྲོ་བྱེ་བའི་ཚོགས་དཔོན་དུ་ཕེབས་ཀྱང་། །
ཐུགས་རྗེའི་འདུན་མའི་ཕྱེད་ཀ་གངས་ཅན་ནས་ལུས་པས། །
དུས་བཟང་ཡར་ཟླའི་ཚེས་བཅུའི་ཉི་ཟེར་གྱི་རྒྱུད་ནས། །
ཡང་ཡང་ཞིང་འདིར་བྱོན་པའི་སྐལ་བཟང་རེ་ཡོད་འདུག །

ལས་སྨོན་རྟེན་འབྲེལ་དུས་བབས་གང་འདུལ་གྱི་སྤྲུལ་པས། །
འབྲེལ་ཚད་དཔལ་རིའི་རིག་འཛིན་ཚོགས་གྲལ་དུ་ཁྲིད་པས། །
འདི་ནས་ལྷོ་ནུབ་སྲིན་པོའི་གླིང་ཕྲན་གྱི་བར་ལ། །
མི་དང་མི་མིན་རྒྱུ་བའི་ལམ་ཆེན་ཞིག་དོད་ཡོད། །

ཕོ་བྲང་པདྨ་འོད་ཀྱི་ཐེམ་སྐས་ན་ཕེབས་པའི། །
མཁའ་འགྲོའི་བརྡ་སྐད་གླེང་བའི་དཔའ་བོ་དང་དཔའ་མོ། །
ཞིང་ཁམས་གཞན་ནས་བྱོན་པའི་འཕགས་ཆེན་རེ་མ་ལགས། །
ལས་ལྡན་བོད་ཀྱི་པདྨའི་གདུལ་བྱ་ཚོ་ཡིན་འདུག །

ང་ཅག་ལས་ཀྱི་མེ་ཏོག་ལྟོས་མེད་དུ་འཕང་བ། །
ཨོ་རྒྱན་རྗེ་འབངས་འདུས་པའི་ཚོགས་གྲལ་གྱི་དབུས་ནས། །
སྣ་ནམ་རིག་འཛིན་སྤྲུལ་པའི་ཕྱག་སོར་གྱིས་བཟུང་བས། །
སྤྱི་གཙུག་རྒྱན་དུ་ཐོབ་པའི་རིགས་བདག་དེ་ཤེས་སོང་། །

སྐྱིད་སྡུག་ལས་ཀྱི་བསྐོས་ཐང་ཅི་ཞིག་ལ་བབས་ཀྱང་། །
མཚུངས་མེད་བླ་མའི་གསང་གསུམ་བྱིན་རླབས་ཀྱི་སྣང་བར། །
ནམ་ཡང་འབྲལ་བ་མེད་པའི་སྨོན་ལམ་གྱི་འདུན་མ། །
མཚན་ཡང་རྨི་ལམ་འོག་ནས་སེམས་ཁོང་ན་བཞག་ཡོད། །

ཅེས་པ་འདི་རང་ལ་མཚོན་ན་ཆུང་ངུའི་དུས་སུ་རྒྱལ་དབང་ཨོ་རྒྱན་ཆེན་པོར་གསོལ་འདེབས་ལ་བརྩོན་ཞིང་དད་གུས་ཆེ་ཡང་བར་སྐབས་སུ་དཔེ་ཆའི་སྦྱང་བརྩོན་ཁོ་ན་ལ་གཡེང་ནས་འདོན་སྒྲུབ་ཀྱི་བྱ་བ་དུ་མ་གལ་ཆུང་དུ་ལུས་ཀྱང་གུ་རུ་རིན་པོ་ཆེ་དང་སྤྲུལ་པའི་གཏེར་སྟོན་མང་པོའི་རྣམ་ཐར་དང་ཟབ་ཆོས་སོགས་ལ་དད་གུས་ཀྱིས་སྦྱང་བརྩོན་ལ་བརྟེན་ནས་ཡིད་ཆེས་ཀྱི་དད་པ་བརྟན་པོ་རྙེད་ཅིང་མགུར་ཚིག་འདི་ཡང་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཚོགས་མཆོད་ཀྱི་དུས་སུ་བློ་ལ་བརྩམས་པ་རྗེས་སུ་བོད་མེ་བྱའི་ལོའི་ཟླ་བ་༢པའི་ཚེས་༡༠ རྒྱལ་ཕུར་དང་ལེགས་བརྒྱད་འཛོམས་པའི་གཟའ་སྐར་བཟང་པོ་ལ་འཆི་མེད་རིག་འཛིན་ཞེས་བྱ་བས་སྨྲས་རིམ་བཞིན་ཡིག་གཟུགས་ལེགས་པའི་སློབ་ཕྲུག་ལྷ་མོ་མཚོ་ཟེར་བ་ཞིག་ལ་རྒྱ་ནག་སྤོས་ལྡན་གྲོང་ཁྱེར་ནས་ཡི་གེར་ཕབ་ཏུ་བཅུག་པ་དགེ། །


发布     👍 0 举报 写留言 🖊   
✋热门推荐
  • 网课第一周工作日️打卡五天今天去和家人们吃了一顿 虽然说是没有去外地上大学 但上了学后尤其下学期应该也不会总回来了 要珍惜一切美好的时光距离开学还有十天 打算
  • 虽然舔狗的下场是自找的,但确实让人心疼,特别是他讲他父母的经历时,突然就明白他为何这么优秀还一直追着顾清俞不放了,追求自己所爱才是爱情的真谛。而有一条,特别害羞
  • 从2月23日,学校封控初始,他们协助1144名在校师生安全转运至指定隔离酒店,随后又24小时不间断坚守封控区域,协同卫健部门完成校园消杀……至此,对市六十六中周
  • ”沦为迷失者,但其实想要的不过是母亲爱意的萨普班长。“你们梵因多雷没有一个合格的魔法师,但你们……将会有一个好国王。
  • [憧憬]街舞大赛、可爱萌宠、重装机车纷至沓来,突破次元壁和萌宠们上演“疯狂动物城”[赢牛奶]特邀意大利高端机车品牌benelii展览,[酷]还有别开生面的街舞快
  • 拜托了,大家平安健康就好了132~想想就心痛…… 很压抑很难过,看到这个消息时脑袋一片空白,第一想到的就是132个生命就这么没了,多少个家庭从此崩塌,多少个亲人
  • 波兰和乌克兰之间的铁路,也确实出了问题。所以乌克兰和俄罗斯,和波兰,和白俄罗斯之间的铁路交通,目前大概是瘫痪的。
  • 她们以巾帼不让须眉的豪气,成为防控一线的靓丽风景;她们用自己的实际行动诠释了“全心全意为人民服务”的入党初心,让党旗飘扬在疫情防控第一线!西宁城北:凝聚“她”力
  • 如果你信任我并想使自己越来越美丽,请加我的小美微信,免费送单价68元的小美面膜2片感受,为我点赞的朋友,免费送单价68元的小美面膜一片,只限前二十名……二十几年
  • #编织# #手指# #公平的岛屿编织# #knitting# 今天有挺多很温暖的瞬间想要记录下:在安检帮记者放行李时,一个记者指着和我一起引导的另一名女生说,
  • 僧格林沁的兵力虽然声势浩大,但在武器先进的英法联军眼里,这不过是一群落后的乌合之众。僧格林沁的兵力虽然声势浩大,但在武器先进的英法联军眼里,这不过是一群落后的乌
  • ”他的回应让我明白了我原来也可以被人需要,他就是对的人然后我们又吃起了零食,说起了别的开心事,吃了一会儿他突然说“今天就这样吧,那我走咯!”我的眼泪止不住,他抱
  • #未来豪华汽车是什么样# 未来豪华汽车畅想:汽车万物互联化,像机器人一样 未来汽车将更加万物互联化,就是像机器人一样,将以汽车为核心载体,通过人车交互,万物互联
  • 这根短短的,哦哦,这是刚才剪掉那根剩下的,还是同一根……”哦还有,现在一有风吹草动都得顺便测个ART(新冠自测盒)哦阴性……今天看到一个人坐标法国(欧洲基本已经
  • 那只能……发挥下我一米七的大长腿了明天保安会在监控里看到一个裹得很严实的深夜加班人一脚登着这个链子踩在不停晃动的栏杆上一跃而下顺带衣服上掉下来一坨冰雪脚落地时才
  • 2、哪有什么灵魂伴侣,结婚7,8年之后,能做肉体伴侣就不错了,夫妻只要不给对方扯幺蛾子就已经谢天谢地了,或者扯了幺蛾子不要让对方知道就很好了,还苛求什么忠诚和专
  • #唐顿庄园# 0605, 1.lend sb. a hand 帮助 2.come around回心转意 3.make all the difference改变一
  • 然后又是一个死循环 今年买很多 明年再一件也看不上 我真的会谢最近天天在逛 企图逛到梦中情衣 结果没有一件心动但还是一件件加购给自己时间纠结刷总是能被一些好物吸
  • 그런데 상대적으로 광신적인 분들도 계시는데, 예를 들어 우리 종교선생님이신 사랑하는 혜님, 하나님은 사랑이시고 결코 입에서 떠나지 않으시는 분(
  • 14日一早,深圳公布了管控细节,阐释“深圳速度”“效率就是生命”——封闭式管理不是不能进出,而是实行严格围合管理,全市全面实行“居民白名单制”管理,每户每2至3