ན་མོ་ཨརྱ་ཏཱ་རེ་ཡེ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་དགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཊད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམས་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་བའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམས་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱི་རྡུང་མ། །ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོལ་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རྣམ་པར་འགེམས་མ། །ཡི་གེ་བཅུ་བའི་སྔགས་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེ། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་གྲགས་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །

བསིལ་ལྡན་འཛིན་མའི་ལྟོ་བར་གངས་ཀྱི་ཕྲེང་བ་བསྟར་ལ་བརྒྱུས་པའི་རིགས་རུས་བཙན་པོ་ལྷ་ལས་མཆེད་པ་དེ།།
ཚན་རྩལ་དུས་ཀྱི་འགྱུར་བག་རྒོད་པོས་མེས་པོའི་རང་གཤིས་ཚོང་རྫས་བསྒྱུར་ཏེ་བཙན་པོའི་ངོ་སྲུང་གཡོ་སྒྱུས་བརླགས།།
གནའ་བོའི་ཤེས་རིག་ཞིག་གིས་བདག་དབང་བསྲུངས་པའི་འཇིག་རྟེན་མི་ཆོས་སྲོལ་བཟང་ལུས་སྲོག་དཔང་དུ་འཇོག་མཁན་ཡང་།།
ས་རྡུལ་བཞིན་དུ་གཙང་བོའི་ཕ་མཐར་གཡུགས་སོང་རང་ཡུལ་ལུང་བའི་སྐད་གཉིས་སྨྲ་བ་དེ་འང་ཁྱད་དུ་བསད།།

པར་འདི་དག་གཞན་བཤས་ཡིན།

པར་མིག་གསུམ་པ་རུ་ཞིབ་བལྟ་བྱས་ཙང་དགོན་ལུ་ཁྲ་ཆོབ་བེ་ཞིག་མཐོང་། དེ་ནི་དཔལ་སྤུངས་ལྔ་རིག་ནང་བསྟན་སློབ་གླིང་རེད། སེམས་གྲོགས་འགའ་ཞིག་དང་མཉམ་དུ་ལོ་འགའ་ཞིག་གི་ཡར་སྔོན་འཚོ་བ་སྐྱ་ཆད་སྔོ་སྡུག་གི་དགའ་སྐྱོ་མང་པོ་ཞིག་མྱོང་། ང་རང་སློབ་གླིང་འགའ་ཤས་འགྲིམ་རུང་སེམས་སུ་ཆེས་བག་ཆགས་ཟབ་རུ་འཁོར་ཡོང་བ་ནི་འདི་ཁོ་ནའོ། ཐ་ན་སློབ་གླིང་གི་ཆ་ཤས་རེ་མཐོང་ན་ཡིད་སེམས་རབ་ཏུ་བཟི།

ཁོ་པོ་ཅག་གི་པར་སྒྲོན་སའི་ལྗོངས་བཀོད་འདི་ང་བསྡད་སའི་ཁང་མིག་ནས་ནམ་ཞར་མཐོང་ལ་ཉི་མ་འདི་ལྟར་རི་རྩེ་འཛེག་པ་མཐོང་སྐབས་་་་ངོས་ཀྱི་ཡུལ་མི་ཚོ་དྲན་བཞིན་འཚེར་ལྷང་ལྷང་ངང་དྲན་བཞིན་དྲན་བཞིན་་་་་གློ་ཁུག་ཏུ་སྒོར་སྐར་གང་ཡང་མེད་ལ་ཐ་ན་རྩམ་པ་མར་མེད་ཆུ་རྒོད་ཀྱིས་འདེད་པའང་དྲན་པ། པར་འདི་ལ་ཞིབ་བལྟ་བྱས་ཙང་རང་དགར་ཚོར་བ་འགའ་ཐོན་སྲིད།

https://t.cn/R2Wx1G8


发布     👍 0 举报 写留言 🖊   
✋热门推荐
  • 可在较长的历史时期里,因灾返贫、因病返贫的现象始终制约着扶贫工作的推进。丁真的家乡四川省理塘县,在今年2月才刚刚摘下了“贫困”的帽子。
  • 巧克力跟风买的,711前些日子没找的2⃣ KKV什么神仙店铺 香蕉 奶太爱了;派通的红笔被同学种菜的,真的好用;百乐果汁笔就不用介绍了吧3⃣ 也是KKV买的,国
  • (-17咆哮……算了,点奶茶吧……#易烊千玺[超话]# Happy birthday!性侵幼童影响三代人家暴和观众的互动很多,看向观众席说出的词都有戳到我心里进
  • 金鼠标国际数字营销节由北京大学新媒体营销传播(CCM)研究中心、网赢天下网主办,至今已成功举办10届,是全体数字营销人每年一度的盛事。《数据分析在企业营销的应用
  • !?
  • #醋蛋##醋蛋归元液# 你怀疑的项目,有人做了[good]你怀疑的价格,有人付了[good]你怀疑的产品,有人买了[good]你怀疑的模式,国家提倡的共赢平台[
  • 16、幸福没有标准答案,快乐也不止一条道路,收回羡慕别人的目光,反观自己的内心17、当你觉得很累的时候,说明你正在走上坡路;送给缺乏动力的你:我拼搏,就一个理由
  • 没有什么东西比自己更重要,钱钟书的不合群多数是为了让自己开心,他每一个在大众看来不可思议的举动都是顺从自己的本心。要知道,真正优秀的人,都带点不合群。
  • 下午去古茗喝奶茶,空调并不凉,我只想找个位置坐一坐,太累了,准备回家啦,下车发现所有快递都到了,而且都是顺路,就全都拿了,新买的手机壳还挺好看的[憧憬][憧憬]
  • “那摩”是归依的意思。说明了阿弥陀佛光寿无量,在佛教里面也称阿弥陀佛为“无量寿佛”和“无量光佛”。
  • ​当人类被关在笼内,地球持续美好,所以,给我们的教训是:​你们毫不重要,空气,土壤,天空和流水没有你们依然美好。当人类被关在笼内,地球持续美好,所以给我们的教训
  • 阙无信根之人,于人生真谛,无尊崇信仰之心,无超绝之智慧以了达人生之真相,起我相、人相、物相,于己所无者起贪求业,多聚财宝;于己所有者起鄙吝业,勤加守护,所谓“拔
  • 老粉丝都知道,每年阿万都会在11.11这一天给大家上一些非常非常便宜的大牌产品,今年阿万和贝贝就搞到了这一套日本专柜版的限定SKII套装!无论是早晚当化妆水还是
  • 「苏州最好的男科医院」「苏州男性科医院」「苏州治疗割包皮最先进的医院」#双十一好物分享# 它的外观就不用多介绍了吧,时尚小巧方便携带,是个非常精致的美妆好物。香
  • b. 复合水光:在具体治疗过程中,会为了更好的效果,添加药物或者使用复合产品,会使水光针的价格相应提高。(2)用量:不同医美机构在水光治疗时用量有明显差异,且
  • 《劝修念佛法门》圆瑛大师讲述 念佛普摄群机第十   念佛法门,对上中下三种根机,无机不摄。有情众生,具有知觉,但发真心,无一不能得度。只要一心称念六字洪名,
  • 现在沉默是因为好像逐渐不那么浮躁了,按耐久了,也就信以为真了。也不知道我刻意在按耐什么还是...总觉得自己还有那么几分做,装个什么高冷嘛。
  • ​​——圣‮咒讳‬,可以‮湿作比‬婆居住的16层天堂,是一个极乐世界,用‮数的圣神‬字写成,非常灵验,‮除祛‬邪恶力量,消灾辟邪,带来财运、地位、‮德功‬,保佑
  •   痛定思痛,巴塘认真思谋县域经济发展新路,提出了8个字的策略:环境整治,旅游振兴。  跳出传统抓产业。
  • 正常的眼睛看到的就是棋盘横平竖直的格子,但是如果中心点周围出现空缺或曲线,很可能是眼睛的黄斑出了问题!眼线胶笔和睫毛膏都是黑色的,我很少用眼线胶,它很软很顺滑,