བླ་རུང་དུར་ཁྲོད་མཇལ་བའི་སྐབས།།
དབང་མེད་མིག་ཆུའི་ཕྲེང་ཐག་ཆད།།
སྐྱོ་དང་ངེས་འབྱུང་རྒྱུད་ལ་སྐྱེས།།
འཆི་ཆོས་དྲན་པས་ཆོག་པར་འདུག།
ཡོད་ན་དེས་ཆོག་མེད་ན་རྡུགས།།
ནམ་ཡང་མི་འདོར་སྙིང་ལ་ཆོངས།།

༨-༡༥

ཁ་སང་ཕྱི་དྲོ་དཔལ་རྒྱལ་བ་དཔལ་ཡུལ་ཞེས་སུ་གྲགས་པ་རྗེ་འབངས་ཉེར་ལྔའི་ནང་ཚན་རྨ་རིན་ཆེན་གྱི་སློབ་མས་ཕྱག་བཏབ་པ། དངོས་སུ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་སྲོལ་ཕྱེ་ནས་བཀའ་གཏེར་གཅིག་འདྲེས་ཀྱི་ཆོས་བརྒྱུད་བྱུང་ས། རྙིང་མའི་གདན་ས་དྲུག་གི་ཡ་གྱལ་སྨད་ན་ཀ་དཔལ་གཉིས་ཞེས་སུ་གྲགས་པ། རྙིང་མའི་ཆོས་སྡེ་དཔལ་ཡུལ་དགོན་ཞེས་བླ་མེད་ཡོ་ག་གསུམ་གྱི་བརྒྱུད་པ་འཛིན་ཞིང་། གྲུབ་དབང་པདྨ་ནོར་བུ་སོགས་སྐྱེས་ཆེན་བཞུགས་གནས་མཇལ།

༄༅། ། ཟླ་དྲུག་པའི་སྲོད་མཚམས་ཉུལ་བ།

ཤར་རིའི་རྩེ་ན་མཆེད་པའི་ཉིན་བྱེད་ཀྱི་ཁྲི་གདུགས། །
ཕངས་མེད་འོད་དཀར་བསྩལ་ནས་ནུབ་རི་ལ་འཕགས་སོང་། །
དྲུག་འགྱུར་དབྱངས་རྟ་སྒྲོག་པའི་མཁའ་སྙེབ་ཀྱི་བྱ་ཁྱུ། །
རང་རང་སྒྲོ་ཟུང་བརྐྱངས་ནས་གནས་ཚང་ལ་འཕུར་ཟིན། །
གནམ་སྔོན་དབྱིངས་ན་མཚེར་བའི་རྒྱུ་སྐར་གྱི་གྲངས་ཀ །
གཅིག་ལས་ཉིས་འབྱུང་འཕེལ་བ་བགྲང་ཚོད་ཅིག་མ་བྱུང་། །
མུན་པའི་ཡོལ་བ་འཐེན་པའི་ས་ཆེན་གྱི་ཕང་ན། །
མིག་གོང་མཁའ་རུ་ཕྱོགས་པའི་རི་སྐྱེས་ཀྱི་ཚོགས་དག །
ས་མཐའི་སྨག་ལ་བལྟས་ཀྱིན་སེམས་རྩ་ནི་གཉོམ་སོང་། །
འགྲོ་འདུར་རྒྱུ་བ་དལ་བས་སྙིང་ཁམས་ཀྱང་མ་བདེ། །
ཟླ་བསིལ་རེག་གིས་གྲང་སྙོམས་རླུང་ཁ་ནི་སྦྱིན་ཡང་། །
ཟློག་མེད་འདས་དོན་ཞིག་གིས་དྲན་པ་དེ་གསོས་ཡོང་། །
གསལ་ལ་མི་གསལ་ཕར་རིིའི་སྦྲ་གུར་གྱི་ཁ་ཚུབ། །
ལྷོད་ལྷོད་དུད་སྤྲིན་འཐིབས་པའི་རྒྱུ་འགྲུལ་དེ་མཐོང་ན། །
འུར་འུར་གཏམ་གྱིས་འགེངས་པའི་ཐབ་ཚང་གི་མཐའ་རུ། །
བརྩེ་བའི་ཕ་ཁྱིམ་འཛོམས་པའི་དཔུང་རྡང་དེ་དོམ་པ། །
ང་དང་གྲོགས་མེད་བྱང་མཐའི་བྱེའུ་ཆུང་གི་ལས་དབང་། །
སུ་ལ་བཤད་ཀྱང་སྐྱོ་བའི་ཤུགས་རིང་ནི་ལོས་འཕེན། །
ན་ཆུང་ལང་ཚོ་ཕྲ་བའི་བྱིས་དུས་ཀྱི་མཚམས་སུ། །
ཁྱེད་དང་གྱེས་པའི་སྲོད་ཀྱི་ཁ་དོག་ནི་འདི་བཞིན། །
ཏབ་ཅིག་སེམས་པ་དལ་བས་སྒེའུ་ཁུང་གི་ཕྱི་རུ། །
ཅེར་བཞིན་འདས་སོང་དྲན་པའི་སྣང་འབུམ་ལ་བསམ་ན། །
སྨྲེང་བའི་ཞེ་ངོར་སྡུག་གི་མུན་པ་ཞིག་འཁྲིགས་པ། །
སུ་དང་མཉམ་དུ་བཟློ་བའི་ཚེ་གྲོགས་ཀྱང་མ་རྙེད། །
སྲོད་ཀྱི་ལྷིང་འཇགས་རོལ་བའི་འབྲོག་ཐང་གི་ལུང་པར། །
ཕྲ་ཚོམས་གློག་གི་འགྱུ་བ་སྒྲོན་འོད་ཀྱིས་ཁྱབ་ཀྱང་། །
ང་ལ་ཡུག་གཅིག་གློག་གི་སྣང་བ་དེས་ཅི་བྱ། །
དྲན་པའི་སྨག་རུམ་བསལ་བའི་ཚེ་འབར་ཞིག་སྒོམ་དགོས། །
སྒོམ་བཞིན་སྒོམ་བཞིན་ཞལ་འཁོར་མིག་ལམ་དུ་གསལ་ཡོང་། །
བསམ་གྱིན་བསམ་གྱིན་དྲན་པ་རི་རབ་ལས་ལྗིད་ཡོང་། །
དྲན་བཞིན་དྲན་བཞིན་ཡིད་ཀྱི་གཏིང་རུམ་དུ་འཁྱིལ་བའི། །
ན་ཟུག་མྱ་ངན་མཚོ་འདིར་ཟབ་ཚད་ཅིག་ཡོད་དམ། །
དེ་ལྟར་སྨྲེ་ངག་འདོན་བཞིན་སྲོད་མཚམས་སུ་ཉུལ་ན། །
རང་སེམས་སྨུག་ལོང་གཏིབ་པ་ཇེ་ཟབ་ནས་ཇེ་མང་། །
དེའི་ཕྱིར་དྲན་པ་གཡེང་བའི་ཚིག་སྦྱོར་བའི་རོལ་གར། །
ངོས་གཙང་ཤོག་ལྡེབ་ཞལ་དུ་སྨྱུག་རྩེ་ནས་སྐྱུག་འདོད། །

༢༠༢༣ ༦ ༢༧ https://t.cn/R2WxDVJ


发布     👍 0 举报 写留言 🖊   
✋热门推荐
  • [费解]#有你皆安# 【DIY豌豆瓣咖喱粉汤】1、先将干豌豆瓣用水煮软,捣碎备用,铁锅内放入花生油,将面粉炒至微黄,用鸡汤调匀,再与豌豆一起煮沸。2、洗净铁锅,
  • 【四“靠”人生观】 1、能走多久,靠的不是双脚,是志向,鸿鹄志在苍宇,燕雀心系檐下; 2、能登多高,靠的不是身躯,是意志,强者遇挫越勇,弱者逢败弥伤; 3、能做
  • 因为这会让我怀疑,是不是以前看的她的文章,也有未经查证的内容呢?如果理解的剧情本来就是错的断章取义的,那批评也就站不住脚了。
  • 妈呀,我没想到官方亲自下场666,我以为这个作者吃相那么难看,官方应该不跟这个作者一样的吧,唉,想多啦[泪]我觉得这俩都可以结婚了,其实蛮配的#阳光信用##每日
  • 我老向你抱怨生活的不如意,你就给我讲佛法的义理,让我相信因果,了缘了债之类的话。最近在追《请叫我总监》对石总印象深刻,她真的温柔又有气场,不仅善解人意地帮宁檬化
  • 当时预交款需要7000多元,我们刚刚工作,都是一文不名,双方家庭都支援不上,去哪里筹集这么一大笔钱呢?生活不总是琴棋书画诗酒歌,更要面对柴米油盐酱醋茶。今天,看
  • 些许的小雨滴,微微透气的清凉一些的夜晚,踩着湿漉漉的石板路,跟着大厨逛了台东,又逛了一直说要来都没来的李村夜市。走在熙熙攘攘灯火通明的人群之外,像个隐形的外地人
  • #小鬼王琳凯[超话]##小鬼王琳凯[超话]##你生活中DEADLINE的瞬间#、#小鬼王琳凯0520生日快乐#所有人都祝你快乐,我只愿你阅遍山河,你每一岁都能奔
  • 《愿你与这世界温暖相拥》本来我是不大愿意看那些散文的,总觉得看这种书容易让人多愁善感,不如看推理小说来的惊心动魄,但那天在图书馆鬼使神差的拿了这本书,看完后也确
  • 活着,是一件很美好的事情,既然来到人间,便去爱,去经历,去感受,去欣赏一切微小的欢喜。活着,是一件很美好的事情,既然来到人间,便去爱,去经历,去感受,去欣赏一切
  • 探讨一下是不是这样[偷笑][偷笑]正常cpf:不管你偏辛还是偏黎,都在cpf的范畴内,问题不大,爱cp,你偏向哪一方的前提都是你是cpf,你只要尊重cp【整体】
  • 但是阿娇表示自己不知道有多少房产,而且是都是交给家人打理,自己不管的(富婆忙忙碌碌的生活,我等普通人不懂了)…… 阿娇与赖弘国婚前,媒体就爆料她早已手握着
  • 故事讲述的是一个名叫娜诺的“禁忌女孩”拥有着不死之身,无论那些犯错的人对她作出了什么样的事情,她都可以恢复原样,也可以起死回生。#摩登兄弟[超话]##olay身
  • ❹❷原来冬天的风,在温柔也是刺骨的❹❸盼望大雪的理由 是想和你一起走到白头❹❹用三分钟时间守候泡面飘香 隔着冬夜 一窗水汽欲滴 就是最平凡的幸福感❹❺又到了在玻
  • 沐沐提醒:我们每个人的眼部和整体健康情况各不相同,到底能不能做近视手术,还得找一家正规的医liao机 构、选一位靠谱的眼科伊森,进行细致的眼部检查和术前评估,权
  • 虽然它们最初是用笔和纸上的简单草图开始的,但这些日常项目已扩展为高质量的且常常是讽刺性的图像,涵盖了美国政治,互联网文化,世界事件等。” “除了使用草图之外,我
  • 我这个人没啥别的兴趣爱好,不爱喝酒吃大餐,不爱唱歌跳舞打麻将,爱玩游戏、爱穿着打扮[挤眼]这几年家里经济条件不允许大买,但我还是会每季买两套精选的衣物,而且我很
  • 真实和浪漫#王源[超话]#王源的自动回复也很有意思诶,是楚门的世界里的台词“祝你早、午、晚都安。”这是主角开场不久的台词,也是电影的最后一句话,不知道你什么时候
  • ”晚上谢霆锋做饭大家一起吃,三人分享了类似的生活经历,张文娟说,“我上山大松子的活儿吧,我家老公是知道,他天天担心的,不管有啥病有啥事的话,都不想跟他说。”谢霆
  • 大家应该还记得之前高德地图通过地理信息位置大数据筛选出说凯迪拉克车主最喜欢大宝剑,虽然像是个笑话,但是背后深层次的原因还是很值得细究的。如果黑客没有破解,那苹果