རྡོ་ལམ་སྐྱ་ཤུར་རེ་ཞིག་རིག་སའི་སྒང་ནར་དེ། ལོ་དུ་མའི་སྔ་རོལ་དུ་ངེད་ཚང་གི་དབྱར་ས་རེད།
དེ་དུས་ང་དག་དག་ལོ་བདུན་ཡིན། ལོ་དེར་ང་རང་མི་ཚེའི་སྟེང་ཐོག་མའི་སློབ་གྲྭའི་སྒོ་ཐེམ་འགྲིམ་པའི་བགོ་སྐལ་ཤར། དུས་སྐབས་དེར་ལུང་པ་འདིའི་ནང་གི་ཁྱིམ་ཚང་མང་ཆེ་བའི་བུ་ཕྲུག་སློབ་གྲྭར་གཏོང་བར་མི་སྤྲོ་བའི་ཚོད་ཅིག་རེད། ངའི་རྣ་ལམ་དུའང་ཁྱིམ་ཚང་ཅིག་ཅིག་ཚང་གི་ཞི་ལུ་སློབ་གྲྭར་གཏོང་མི་དགོས་ཆེད་ཤང་ཀྲིང་ལ་ལུག་ཤ་བཟན་ཞིག་བྱིན་ནས་འགྲོ་མི་དགོས་པའི་ཆོག་མཆན་བླངས་འདུག་ཟེར། ཡིན་ཡང་ངའི་ཨ་ཕས་ལག་ཁུག་ནག་པོ་ཞིག་ཏུ་ཡིག་ཆ་གང་བརྫང་ནས་ལུང་པ་འདིའི་ནང་གི་ཁྱིམ་ཚང་རེ་རེའི་ལོ་ཚོད་ལ་སླེབས་ཡོད་པའི་བྱིས་པ་དག་སློབ་གྲྭར་བསྐྱལ་དགོས་པའི་གསལ་བརྡ་གཏོང་བཞིན་འདུག ངའང་ས་གནས་ཡུལ་ཚོ་ལས་བརྒལ་ཏེ་རྫོང་སློབ་ཆུང་དུ་མངགས་དོན་ང་ལ་ས་གནས་ལས་ལྷག་པའི་སློབ་གསོ་ཞིག་མྱོང་ཆེད་ལོས་ཡིན་ཏེ་ཡང་ཅིག་བཤད་ན་ལུང་པ་འདིའི་ནང་གི་ཁྱིམ་བདག་ཚོར་མིག་དཔེ་ཞིག་སྟོན་པས་ཆེད་མིན་པའི་ངེས་པའང་མེད། ཡིན་ཡང་སྐབས་དེའི་ཁྱིམ་བདག་ཚོས་བྱིས་པ་སློབ་གྲྭར་གཏོང་བའི་ལོ་ཚོད་ལ་སླེབས་འདུག་ཞེས་པ་དེ་ཐོས་ན་ཁྲིམས་རར་གཏོང་བའི་སྣང་བ་ཞིག་ལས་མེད་ཚོད་རེད། འགོར་རྒྱུགས་ནས་གཤེ་གཤེ་གཏོང་བར་མ་ཟད་གནས་ལུགས་མེད་པའི་རྒྱུ་མཚན་གང་མང་འདྲེན་པར་བཤད། གང་ལྟར་ལོ་དེར་ང་རང་གདོང་སྣེ་དེ་ནས་ལམ་ལ་ཆེས་ཏེ་ཐོག་དང་བོ་ཕ་ཡུལ་དང་གྱེས་ནས་རྒྱང་ལམ་སྙེག་པ་ཡིན། སྣ་མར་ཁལ་བཀལ་ནས་རྒྱགས་གྲོ་རྫོགས་མེད་ཅིག་བསྡུ་གསོག་བརྒྱབ་ནས་ཤང་ཐོག་ཏུ་ཆས། ཨ་མས་བློས་མི་ཐོང་བའི་སེམས་པ་སྨྲེང་བར་བྱས། ངེད་ཚང་ལ་ཁྱིམ་གྱི་ལས་ཚགས་ཆེ་ན་ཡང་ཕ་མ་གཉིས་ཀྱིས་བློ་བདེ་ཆེད་རྒྱབ་རྟེན་དུ་ཕུ་བོ་ཡང་ང་དང་མཉམ་དུ་མངགས། ཤུལ་དུ་ཨ་མ་གཅིག་པས་ཁྱིམ་ལས་དང་ཕྱུགས་ཟོག་འཚོ་སྐྱོང་གི་ལས་དཀར་ཞུགས་དགོས་ན་ཡང་ངའི་མདུན་རྒྱབ་ལས་གཞན་མང་བོ་ཞིག་ལ་ཁ་ཡ་བྱས་མེད་པར་སྣང་། འགྲུལ་བཞུད་དེ་ལས་ང་རང་སྔར་བརྒྱུད་མ་མྱོང་བ་དང་རེག་མ་མྱོང་བའི་ཚོར་འདུག་མི་ཉུང་བ་ཞིག་མྱངས་དུ་བཅུག་སོང། རིག་མ་མྱོང་བའི་རི་ཆུ་དེ་དག་བརྒལ་རྗེས་ང་རང་རླངས་འཁོར་ཞེས་པར་ཐོག་དང་བོར་བསྡད་པ་ཡིན། ཡ་མཚན་པའི་ཚོར་སྣང་དེས་རྫོང་ཐོག་ཏུ་ཐོན་རགས་བར་དུ་སྒེའུ་ཁུང་ལས་ཕྱི་རོལ་གྱི་ཡུལ་ལྗོངས་ལ་ཁ་ཧན་ནས་ལུས། རྫོང་ཐོག་ཏུ་ཐོན་པ་ན་ཁང་རྩེགས་མང་བོ་བསྟར་ལ་བསྒྲིག་པ་མཐོང་ཐེངས་གཅིག་གིས་རྩྭ་ཐང་ནས་ཡོང་བའི་ང་རང་དེ་ལས་ལྷག་པའི་མིག་རྒྱ་བསྐྱེད་དུ་བཅུག རླངས་འཁོར་གྱི་འདུ་འཛི་ཧ་ཅང་ཆེ་ལ་མི་ཚོགས་འདུ་འགོད་དེ་ལས་ལྷག དབེན་ས་ནས་འོངས་པའི་ང་རང་འཇིག་རྟེན་གཞན་དུ་ཞུགས་པའི་ཚོར་བ་བྱིན། འབྲོག་གཤིས་ལྡན་པའི་བྲ་འཆལ་བ་རྒྱ་སྲང་ནས་མཆོང་ལྡིང་བྱས་ཤིང་རིགས་སྣ་མང་བའི་དངོས་པོར་གང་འདོད་དུ་རེག་ཅིང་འཕུར་འཕུར་བྱས་པས་ཁོག་རྒྱ་དོག་པའི་ཚོང་བདག་ཚོར་ཕོག་ཐུག་མང་དུ་བཏངས། དེ་ལྟར་ཉིན་འགར་འུར་ཟིང་ཆེ་བའི་ཁྲོམ་རར་ཉུལ་ནས་བསྡད་མཐར་ཨ་ཕ་ཇི་ལྟར་རང་དང་བྲལ་བ་ཡང་མ་ཚོར། འབྲོག་ཐང་འདི་རིག་མ་ཐག་དེ་ལྟར་ལམ་ལ་ཆེས་པ་ད་དུང་ཡིད་ངོར་གསལ་ལེར་འདུག

ལན་གཅིག་འཕྲད་ན།

གྲོང་ཁྱེར་འདི་ཡི་འུར་ལ་འཇགས་པ་མེད། །
ཁྱོད་ཉིད་དྲན་པའི་སེམས་ཉིད་བདེ་ཐབས་བྲལ། །
འུ་གཉིས་གནམ་འོག་གཅིག་ཏུ་ཡོད་ན་ཡང་། །
ས་ཆ་གཉིས་ནས་མི་ཚེ་སྐྱེལ་དགོས་བྱུང་། །
མི་ཚོགས་འཚུབ་སྐོར་རྒྱག་སའི་སྲང་འདི་ནས། །
ཁྱོད་ཉིད་ད་རུང་ལན་གཅིག་མཐོང་ན་བསམ། །
ལན་གཅིག་མཐོང་ཡང་ཡོང་རྒྱུ་མི་འདུག་མོད། །
གཅེས་པའི་མིག་གིས་ལན་གཅིག་བལྟ་ན་འདོད། །

ང་རང་ཁང་སྟོང་ཞིག་ཏུ་གཅིག་པུར་ལུས། །
ཁྱོད་ཉིད་དྲན་པས་མཚན་མོ་འཁྱོལ་ཐབས་བྲལ། །
འུ་གཉིས་ས་ཆ་གཅིག་ཏུ་ཡོད་ན་ཡང་། །
རང་རང་ས་ནས་འཚོ་བ་སྐྱེལ་དགོས་བྱུང་། །
གཉིད་མ་སད་ཀྱིས་བཏང་བའི་རྨི་ལམ་དུ། །
ཁྱོད་ལ་ད་དུང་ལན་གཅིག་འཕྲད་ན་བསམ། །
ལན་གཅིག་འཕྲད་ཀྱང་ཡོང་རྒྱུ་མི་འདུག་མོད། །
གཅེས་པའི་ངག་གིས་ལན་གཅིག་འབོད་ན་འདོད། ། https://t.cn/8s3KfI9

རྨོངས་པས་ཡོངས་སུ་བྱིང་བའི་དུས་ཚོད་ནང་། 
ང་རང་སྙེམ་པ་མེད་པའི་ཁྱེད་ཀྱི་འོད་སྣང་ལ་རབ་ཏུ་དུང་དོན།
སྡིག་སྒྲིབ་ཀྱིས་བཞེངས་པའི་ཁྱོན་ཆེ་བའི་ནམ་མཁའ་འདིའི་འོག་ཏུ།
ཁྱེད་ལྟ་བུའི་ཞི་འཇམ་གྱི་སྐྱེས་བུ་ཞིག་མེད་པས་ཡིན།


发布     👍 0 举报 写留言 🖊   
✋热门推荐
  • 我还尤其喜欢看他们日常的小斗嘴还有为对方着想的小细节真的很暖,对了还有看长安被美色迷的失去选择笑死了2333不知道在胡言乱语什么,文里好多真心对待长安的配角都很
  • 迪伦和崔斯坦是灵魂上的相爱所爱隔山海,山海皆可平两个互相惦念的人还会相遇的不管跨越多困难的山海希望和爱,最终能战胜一切灵魂的高度说爱显得极其庸俗《从你的全世界路
  • 不怎么喜欢热闹,不喜欢孤独也享受孤独虽然表面上看着挺乐观的但她骨子里其实是个带着淡漠悲观的人所以凡事都想的此较通透得到或者失去都不强求但是会尺量去尝试坚持做一些
  • #书画欣赏#【俞剑华绘画作品欣赏】 俞剑华(1885一1979)山东济南人,原名锟,字剑华,后以字行,又字玉愚。 1952年,全国高等学校院系调整时,他调任无
  • “让老百姓过上好日子”始终是榆阳区一切工作的出发点和落脚点,该区全面推进美丽小镇、美丽村庄、美丽农居“三个美丽”建设,持续开展农村人居环境整治,“一拆三改”“四
  • #阳光信用[超话]##每日一善[超话]#[志愿者]#阳光信用# [志愿者]#每日一善# 善助人是舍,心安积德是得以善为邻,以善为友,以善为主善则称人,过则称己,
  • 【#外交部回应拜登称不会让中国超越#:#华春莹称中国不为超越美国只为超越自我#】针对美国总统#拜登称任期内不会让中国超过美国#,26日,外交部发言人华春莹称,我
  • 她没有体会被爱的温柔,不懂得被爱的好,她不会为自己挑男人,人生里更为重大的主题是背叛,她一意孤行、却也是别无选择地,将自己的人生,变成了一场不幸的马太效应。善良
  • 如果有时间问问自己,是向心安乐,还是头脑发热?也不是吐槽,仿佛看见了大三这个时候的自己。
  • 古言少不入川,老不出蜀,就是说,温柔乡是英雄冢,年少时该志在四方,万不可到这川蜀之地,被好山好水帅哥美女给迷了眼。古言少不入川,老不出蜀,就是说,温柔乡是英雄冢
  • 从来没有见过哪个综艺节目可以如此的狠下心来惩罚女嘉宾女嘉宾们也是拼尽了全力不断的做起,随着气球一点一点变大,场外的老司机也是十分的欢乐的表示这个动作小姐姐们一定
  • ཨོ་རྒྱན་ཆེན་པོ། 莲花生大士:སྐྱེ་བོའི་བདེ་སྐྱིད་ཕུན་སུམ་ཚོགས་འདྲ་བ།།དབྱར་གྱི་ཆུ་དང་རྨི
  • 18022397545加微或扫码咨询,记得备注“姓名+报名日结/周结还是长期”因为咨询人数比较多,方便第一时间通过,望谅解!稳岗补贴高达600】#一线生鲜电商仓
  • 四、特别告知(一)对不参加本轮核酸筛查的居民,健康码将弹窗提醒。凡从疫情风险地区或外省来(返)海人员,应在12小时内主动向村居(社区)、单位或酒店报告,主动配合
  • 无需折扣码,再也不用担心不同折扣码的产品无法同时下单拉[鼓掌]~ 小编为大家整理了必买品牌和单品,除此之外还有上百个大牌能够享用折扣噢。喜欢自己组装的家时有别墅
  • #阳光信用[超话]##阳光信用# #每日一善# 【 15字以上互动、较好或以上指路必hui】【 带 带hui字 带tag话题 ️快zhuan】我觉得做一个善良,
  • 宝贝假期上班那就让柒柒浅浅的替你出门玩一下吧,哈哈哈哈哈,这个月就先这样好了,下个月再爱你哦~希望十月好运,爱与秋天同在 我书写出你的名字,简单的笔画却用尽我
  • “贵妃洞”变身“藏兵洞”是革命斗争年代益昌村民默默付出的红色历史印证,而王义勋就是益昌村最引以为荣的代表。“贵妃洞”变身“藏兵洞”是革命斗争年代益昌村民默默付出
  • 当然要带着爸爸妈妈一起来看小fafa啦终于到了这个秋高气爽的季节啦太舒服了,不冷不热最近我单位也不太忙,预于是找了一个双休日带着爸爸妈妈一起来了位于松江的辰山植
  • 【偶尔做噩梦有益健康】噩梦让人觉得害怕,但美国研究发现,恐怖的噩梦也能释放人们清醒时的压力和焦虑。很了好【偶尔做噩梦有益健康】噩梦让人觉得害怕,但[瞧瞧]美国研